ཡོངས་འཛིན་རིག་མཛོད། >འཚོ་བ། >འགྲིམ་འགྲུལ། >གཞན་དག

གཏིང་གྲུ།

གཏིང་གྲུ་ནི་ཆུའི་འོག་ཏུ་འཁོར་སྐྱོད་བྱེད་པའི་གྲུ་ལ་ཟེར།

རིགས་དབྱེ།  

གནམ་གྲུ་ཐང་།

གནམ་གྲུ་ཐང་རེ་རེའི་ཆེ་ཆུང་གཅིག་མཚུངས་མིན། རྒྱུག་ལམ་ལས་གཞན་གནམ་གྲུ་ཐང་དུ་ད་དུང་ལྕོག་རིང་སྟེགས་བུ་དང་མཁའ་འགྲུལ་སྐྱེལ་འདྲེན་ས་ཚིགས། ཞིག་གསོ་ཁང་སོགས་ཡོད།

རིགས་དབྱེ།  

གཞུང་ལམ།

གཞུང་ལམ་ནི་རླངས་འཁོར་བགྲོད་སྐྱོད་བྱེད་ཆོག་པའི་ཀུན་གྱིས་བཀོལ་སྤྱོད་བྱས་ཆོག་པའི་ལམ་ལ་ཟེར། རླངས་འཁོར་དང་འཕྲུལ་རྟ་སོགས་འགྲིམ་འགྲུལ་ཡོ་བྱད་ཅི་ཞིག་ཡིན་ན་ཡང་བགྲོད་སྐྱོད་བྱེད་ཆོག་པ་ཡིན།

རིགས་དབྱེ།  

གཡོར་གྲུ།

གཡོར་གྲུ་ནི་རླུང་གི་ཤུགས་ལ་བསྟེན་ནས་མདུན་དུ་བསྐྱོད་པའི་གྲུ་ལ་ཟེར།

རིགས་དབྱེ།  

གྲུ་ཁ།

གྲུ་ཁ་ལ་ཆུ་སྐམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་སྒྲིག་ཆས་དང་ཆ་རྐྱེན་འཛོམས་པ་ཡིན། གྲུ་སོགས་བདེ་འཇགས་ངང་འགྲོ་བ་དང་འདུག་པར་བྱེད་པའི་སྐྱེལ་འདྲེན་ས་ཚིགས་ཅིག་ཡིན། ཆུ་སྐམ་འགྲིམ་འགྲུལ་གྱི་འདུས་སྡོད་བྱེད་ས་དང་ལྟེ་བ་ཡིན། ཞིང་བཟོ་ལས་ཐོན་རྫས་དང་ཕྱི་ཕྱོགས་ཉོ་ཚོང་། གྲུ་གཟིངས་འདུག་ས་དང་ཚོང་ཟོག་འདོན་འཇུག གནས་སྐོར་བ་དག་འདུས་སྡོད་བྱེད་སའི་ས་གནས་ཤིག་ཡིན།

རིགས་དབྱེ།  

གྲུ་གཟིངས།

གྲུ་གཟིངས་ནི་གཙོ་བོ་རླངས་སྒུལ་འཕྲུལ་འཁོར་གྱིས་སྐུལ་འདེད་བྱེད་པའི་གྲུ་ལ་གོ་བ་ཡིན།

རིགས་དབྱེ།  

གྲུ་ཤག་དཀྱུས་མ།

གྲུ་ཤག་དཀྱུས་མ་ནི་ལྟ་སྐོར་ལ་འགྲོ་བའི་དུས་སུ་ཚད་རིམ་ཅུང་དམའ་བ་ལ་གོ་དགོས། རྐུབ་སྟེགས་དེ་འདྲའི་བདེ་མོ་མིན་པ་དང་། འདུག་སྟེགས་ལ་ཚད་བཀག་ཡོད་མོད། འོན་ཀྱང་རིན་གོང་ཅུང་བདེ་བས་སྐུ་མགྲོན་མང་པོ་ཞིག་གི་དགའ་བསུ་ཐོབ་བཞིན་ཡོད། བདེ་འཇགས་ཀྱི་ཐད་ནས་གྲུ་ཤག་དཀྱུས་མར་གནས་བབས་ཡག་པོ་འདུག

རིགས་དབྱེ།  

གྲུ་ཤག་དང་པོ།

གྲུ་ཤག་དང་པོ་ནི་གནམ་གྲུ་དང་གྲུ་གཟིངས་སོགས་ཀྱི་གདང་རིམ་མཐོ་བའི་རྐུབ་སྟེགས་ལ་གོ། རིམ་གོང་ཡང་གྲུ་ཤག་དཀྱུས་མ་དང་བསྡུར་ན་དཀའ་བ་དང་སྤྱིར་གཞུང་དོན་མི་སྣ་དང་ཚོང་དོན་མི་སྣ་སོགས་འདུག་པ་ཡིན། གྲུ་ཤག་དང་པོའི་རྐུབ་སྟེགས་ཡངས་བས་ཉལ་ན་ཡང་ཆོག ཅོག་ཙེ་ཕན་ཚུན་བར་སྦག་རྒྱག་ཆོག་པ་དང་ཡང་ན་རང་ཉིད་ཀྱི་ཡིག་ཆར་བལྟ་བ། བརྙན་ཐུང་ལ་བལྟ་བ་དང་གླུ་དབྱངས་ལ་ཉན་པ་སོགས་བྱས་ཆོག གྲུ་ཤག་དང་པོའི་ཟ་མ་ཞིམ་མངར་ལྡན་ལ། ཞབས་ཞུ་བས་མགྲོན་པོའི་རེ་བ་གང་མྱུར་གྱིས་བསྐོངས་བ་རེད།

རིགས་དབྱེ།  

གློག་འཁོར།

གློག་འཁོར་ནི་གྲོང་ཁྱེར་ཁྲོད་ཀྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ཞིག་ཡིན། སྤྱི་ལོ1881ལོར་འཇར་མན་གྱི་ཧྥིན་ཞེ་མེན་ཙི་ཡིས་ལྕགས་ལམ་ཡོད་པའི་གློག་འཁོར་གསར་གཏོད་བྱས་རྗེས། འཛམ་གླིང་ཡོངས་ཀྱི་ས་ཆ་སོ་སོ་རུ་བཀོལ་སྤྱོད་བྱེད་བཞིན་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་སྐབས་ནི་ལྕགས་ལམ་མེད་པའི་གློག་འཁོར་བསྐྱར་གསོ་བྱེད་པའི་དུས་སྐབས་ཡིན། དེ་བས་འདིའི་ཕྱོགས་ཀྱི་གློག་འཁོར་མང་པོ་བྱུང་བ་རེད།

རིགས་དབྱེ།  

ཉེན་མེད་གླིང་།

ཉེན་མེད་གླིང་ནི་ལམ་ཐིག་སྟག་རིས་ཅན་གྱི་ཐོག་ཏུ་ལྷུ་སྒྲིག་བྱས་ཡོད་པའི་བདེ་འཇགས་སྒྲིག་ཆས་ཤིག་ཡིན། དེའི་རིང་ཚད་ནི་ལམ་ཐིག་སྟག་རིས་ཅན་དང་གཅིག་མཚུངས་ཡིན་པ་དང་། སྣེ་གཉིས་སུ་ད་དུང་ལྡོག་འོད་འཕྲོ་བའི་ཉེན་ཟོན་ཀ་བ་ཞིག་ཡོད། མཚན་མོར་རླངས་འཁོར་གྱི་གློག་འོད་འཕྲོ་བར་བརྟེན་ནས་འོད་འཕྲོ་བ་དང་ཁ་ལོ་བ་རྣམས་ལ་གསལ་བརྡ་བྱེད་པ་ཡིན། ཉེན་མེད་གླིང་ཇུས་འགོད་བྱེད་པའི་རྒྱུ་མཚན་ནི་མི་རྣམས་ཐོག་དང་པོར་གློག་ཞུ་ལྗང་ཁུ་ཡིན་དུས་ཉེན་མེད་གླིང་གི་ནང་དུ་ཡོང་ནས་འདུག་པ་དང་ཐེངས་གཉིས་པར་གློག་ཞུ་ལྗང་ཁུ་ཡིན་དུས་ཕ་རོལ་དུ་བསྐྱོད་པར་གོམས་པར་བྱེད་དགོས་པ་ཡིན། ཉེན་མེད་གླིང་གིས་རྒན་པ་དང་བྱིས་པ། དབང་པོ་སྐྱོན་ཅན་གྱི་མི་རྣམས་ལ་སྲུང་སྐྱོབ་བྱེད་པ་ཡིན།

རིགས་དབྱེ།  

ཉེན་འཚུབ་འབུད་སྒོ།

ཉེན་འཚུབ་འབུད་སྒོ་ནི་འཛུགས་སྐྲུན་དངོས་པོའི་ནང་དུ་ཁྱད་འཕགས་ཅན་གྱི་འབུད་སྒོ་ཞིག་ཡོད་པ་དེ་ཉེན་འཚུབ་ཀྱི་སྐབས་སུ་བཀོལ་སྤྱོད་བྱེད་པ་ལ་ཟེར། དཔེར་ན་མེ་གནོད་ལ་སོགས་པ། དེ་ནི་ཁྱད་པར་ཅན་གྱི་སྲོག་ཉེན་ལས་གཡོལ་ཐབས་ཀྱི་ལམ་ཆེན་ཡིན་པ་དང་མི་རྣམས་མགྱོགས་མྱུར་ངང་ཉེན་ཁ་ལས་ཐར་བར་བྱེད་ཐུབ།

རིགས་དབྱེ།  

དམག་གྲུ།

དམག་གྲུ་ནི་དམག་ཆས་སྒྲིག་སྦྱོར་ཡོད་པ་དང་མཚོ་ཐོག་ཏུ་གཡུལ་འགྱེད་བྱེད་པའི་གྲུ་ལ་ཟེར། དེ་ནི་མཚོ་དམག་གི་དམག་ཆས་གཙོ་བོ་ཡིན། དམག་གྲུ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཁག་ཅིག་ཡིན། དེས་རང་རྒྱལ་གྱི་ཁྲིམས་ལུགས་དང་ཀུན་གྱིས་ཁས་ལེན་བྱེད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པ་རེད། དམག་གྲུ་ནི་གཙོ་བོ་མཚོ་ཐོག་ཏུ་གཡུལ་འགྱེད་བྱེད་པ་ཡིན།

རིགས་དབྱེ།  

ཕུག་ལམ།

ཕུག་ལམ་ནི་ས་འོག་གི་བཟོ་སྐྲུན་ལག་རྩལ་ཡིན་པ་དང་མིའི་རིགས་ཀྱི་ས་འོག་གི་བར་སྟོང་བེད་སྤྱོད་བྱས་ནས་ལམ་བཟོ་བའི་རྣམ་པ་ཞིག་ཡིན། ཕུག་ལམ་ལ་དབྱེ་ན་འགྲིམ་འགྲུལ་ཕུག་ལམ་དང་གཏེར་རི་ཕུག་ལམ་སོགས་ཡོད།

རིགས་དབྱེ།  

ཕྱི་སྐྱོད་ལམ་ཡིག

ཕྱི་སྐྱོད་ལམ་ཡིག་ནི་རྒྱལ་ཁབ་ཅིག་གི་སྤྱི་དམངས་རྒྱལ་མཚམས་ལ་ཐོན་ནས་ཕྱིའི་རྒྱལ་ཁབ་ཏུ་གནས་སྐོར་དང་གནས་སྐབས་ཀྱི་བྱ་བ་སྒྲུབ་པར་འགྲོ་བའི་སྐབས་སུ། སྤྱི་དམངས་དེའི་ཐོབ་ཐང་དང་རྒྱལ་ཁོངས་སོགས་ར་སྤྲོད་བྱེད་པའི་ཚད་ལྡན་གྱི་དཔང་ཡིག་ཅིག་ཡིན།

རིགས་དབྱེ།  

མེ་འཁོར་དུས་ཁྲ།

མེ་འཁོར་དུས་ཁྲ་ནི་མེ་འཁོར་ས་ཚིགས་སུ་མེ་འཁོར་ནམ་ཞིག་ལ་ཐོན་པ་དང་ནམ་ཞིག་ལ་ལམ་ལ་ཆས་པ་སོགས་མངོན་པའི་དུས་ཚོད་ཀྱི་རེའུ་མིག་ཅིག་ཡིན། མེ་འཁོར་ལ་ལ་ཞིག་ཏུ་ད་དུང་ས་ཚིགས་བར་གྱི་སྤྱི་ལེ་ཡང་བྲིས་འདུག མེ་འཁོར་སྐྱེལ་འདྲེན་བྱེད་པ་དེ་ལ་གྲོན་ཆུང་དང་བདེ་འཇགས། དུས་ཐོག བག་ཕེབས། མགྱོགས་མྱུར་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན། མེ་འཁོར་སྐྱེལ་འདྲེན་གྱི་མཁོ་ཚད་ཉིན་རེ་ནས་ཉིན་རེ་གོང་འཕེལ་དུ་འགྲོ་བཞིན་ཡོད།

རིགས་དབྱེ།  

བསྣོལ་ཟམ།

བསྣོལ་ཟམ་ནི་གྲོང་ཁྱེར་གྱི་ལྟེ་བ་དང་ཡང་ན་རླངས་འཁོར་འཁོར་སྐྱོད་བྱེད་པ་ཧ་ཅང་མང་བའི་ས་གནས་སུ་སྟེང་འོག་དང་ཁ་ཕྱོགས་གང་མང་བཀར་ནས་ཕན་ཚུན་ལ་གནོད་པ་མི་སྐྱེལ་བར་བཟོ་སྐྲུན་བྱས་ཡོད་པའི་དེང་རབས་ཅན་གྱི་གཞུང་ལམ་ཞིག་ཡིན།

རིགས་དབྱེ།  

མགྱོགས་གྲུ།

མགྱོགས་གྲུའི་ཏུན་གྲངས་ཐེག་ཚད་ཆུང་ལ་མཚོ་སྐྱོད་ཀྱི་མྱུར་ཚད་མགྱོགས་པ། ཧ་ཅང་སྐྱེན་པོ་ཡིན་པ། ཆུ་འབུད་པའི་ཚད་ཏུན་བཅུ་ལྷག་ནས་ཏུན་བརྒྱ་ཡས་མས་བར་ཡིན། མགྱོགས་གྲུའི་སྟེང་དུ་དྲག་ཆས་སྒྲིག་སྦྱོར་བྱས་ཡོད། དེ་ལ་མྱུལ་ཞིབ་དང་དྲག་ཆས་ཚོད་འཛིན། འཕྲིན་གཏོང་། ཕྱོགས་སྟོན། གློག་རྡུལ་གཡུལ་འགྱེད་སོགས་ཀྱི་ནུས་པ་ལྡན་པ་ཡིན།

རིགས་དབྱེ།  

མགྲོན་གཟིངས།

མགྲོན་གཟིངས་ནི་གནས་སྐོར་བ་སྐྱེལ་འདྲེན་བྱེད་པའི་གྲུ་ལ་ཟེར། འོན་ཀྱང་ནང་དུ་ཚོང་ཟོག་ཉུང་ཤས་ཤིག་སྐྱེལ་འདྲེན་བྱས་ཆོག་པ་ཡིན། གཙོ་བོ་གནས་སྐོར་བ་སྐྱེལ་འདྲེན་བྱེད་པ་ཡིན།

རིགས་དབྱེ།  

མྱུར་བགྲོད་གཞུང་ལམ།

མྱུར་བགྲོད་གཞུང་ལམ་ནི་ཚད་རིམ་མཐོ་བའི་གཞུང་ལམ་གྱི་ཁོངས་སུ་གཏོགས་པ་དང་། ཉིན་མཚན་མེད་པར་འགྲིམ་འགྲུལ་གྱི་ཚད་རླངས་འཁོར25000ཡན་དང་དུས་ཚོད་གཅིག་ལ་སྤྱི་ལེ120དང་ཡང་ན་དེའི་ཡན་གྱི་མགྱོགས་ཚད་ཡོད་པ། ལམ་ངོས་སུ་འཁོར་ལམ་བཞིའི་ཡན་གྱི་ཞེང་ཚད་ཡོད་པ་ཞིག་ཡིན། མྱུར་བགྲོད་གཞུང་ལམ་གྱི་ཐོག་ཏུ་ཅུང་ཆ་ཚང་ཡིན་པའི་འགྲིམ་འགྲུལ་མཚོན་རྟགས་ཡོད་དགོས་པ་དང་། མི་དང་འཕྲུལ་སྒུལ་འཁོར་ལོ་མ་ཡིན་པའི་རླངས་འཁོར་མྱུར་བགྲོད་གཞུང་ལམ་ཐོག་ཏུ་འགྲོ་བར་བཀག་འགོག་བྱེད་དགོས།

རིགས་དབྱེ།  

མཐོ་བགྲོད་ཟམ་པ།

མཐོ་བགྲོད་ཟམ་པ་ནི་ཟམ་ཆེན་དང་འདྲ་བར་རི་ཆུ་ལུང་གསུམ་དང་གཞུང་ལམ། གཞན་པའི་གེགས་བྱེད་དག་ལས་བརྒལ་ནས་བགྲོད་བྱེད་ཀྱི་ཟམ་པ་ལ་ཟེར་བ་ཡིན།

རིགས་དབྱེ།  

ཟོང་འདྲེན་འབབ་ཚིགས།

ཟོང་འདྲེན་འབབ་ཚིགས་ནི་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཚོང་ཟོག་བསྡུས་པ་དང་གནས་སྐབས་བཅོལ་བ། འདོན་འཇུག་དང་དབོར་འདྲེན། བརྡ་འཕྲིན་སྡུད་སྤེལ་དང་རླངས་འཁོར་ཞིབ་བཤེར་བཟོ་བཅོས་སོགས་བྱེད་སའི་ས་གནས་ཤིག་ཡིན།

རིགས་དབྱེ།  

འཁོར་བགྲོད་ལམ།

འཁོར་བགྲོད་ལམ་ནི་རླངས་འཁོར་ཐམས་ཅད་བདེ་འཇགས་ངང་བགྲོད་སྐྱོད་བྱེད་པའི་འཁོར་ལམ་དེ་ཡིན།

རིགས་དབྱེ།  

རླངས་འཁོར་འཇོག་ས།

རླངས་འཁོར་འཇོག་ས་ནི་རླངས་འཁོར་འདུག་སའི་ས་གནས་ཡིན། རླངས་འཁོར་འཇོག་ས་ལ་དབྱེ་ན་དྲོད་བའི་རླངས་འཁོར་འཇོག་ས་དང་འཁྱགས་པའི་རླངས་འཁོར་འཇོག་ས། འཁོར་ཁེབས་ཅན་གྱི་རླངས་འཁོར་འཇོག་ས་སོགས་ཡོད། རླངས་འཁོར་འཇོག་སའི་འོས་འགན་གཙོ་བོ་ནི་ནང་དུ་བཞག་ཡོད་པའི་རླངས་འཁོར་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན། དེར་གླ་ལེན་པ་ཡིན།

རིགས་དབྱེ།  

འཁོར་སྒུག་ཁང་།

འཁོར་སྒུག་ཁང་ནི་གནས་སྐོར་བ་རྣམས་ཀྱིས་རླངས་འཁོར་ལ་སྒུག་སའི་ས་གནས་ཡིན། མེ་འཁོར་ས་ཚིགས་དང་རླངས་འཁོར་ས་ཚིགས། གྲུ་ཁ་སོགས་འགྲིམ་འགྲུལ་གལ་ཆེན་གྱི་ས་གནས་སུ་འཁོར་སྒུག་ཁང་ཡོད་ལ། དེ་ནི་རླངས་འཁོར་ས་ཚིགས་ཀྱི་ཆ་ཤས་གཙོ་བོ་ཞིག་ཡིན་པར་མ་ཟད། རླངས་འཁོར་དང་མེ་འཁོར་སོགས་གོ་རིམ་ཡོད་པའི་སྒོ་ནས་བགྲོད་སྐྱོད་བྱེད་པར་གོ་གནས་གལ་ཆེན་ཟིན་ཡོད།

རིགས་དབྱེ།  

འགྲིམ་འགྲུལ་མཚོན་ཐིགས།

འགྲིམ་འགྲུལ་མཚོན་ཐིགས་ནི་ལམ་ངོས་ཀྱི་མཚོན་རྟགས་སྣ་ཚོགས་དང་ཡིག་རིགས་སྣ་ཚོགས་ཀྱིས་གྲུབ་པའི་འགྲིམ་འགྲུལ་བདེ་འཇགས་སྒྲིག་ཆས་ཡིན། དེ་འགྲིམ་འགྲུལ་མཚོན་རྟགས་དང་མཉམ་དུ་བཀོལ་སྤྱོད་བྱས་ན་ཆོག་པ་དང་རང་ཉིད་གཅིག་པུ་བཀོལ་སྤྱོད་བྱས་ནའང་ཆོག

རིགས་དབྱེ།  

འཕྲུལ་རྟའི་གྲུ་ཤན།

འཕྲུལ་རྟའི་གྲུ་ཤན་ནི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་བྱུང་བ་ཡིན་ལ། དེ་ནི་རླངས་སྒུལ་དང་རླངས་འབུད་སྒུལ་བྱེད་འཕྲུལ་འཁོར་སོགས་ཀྱི་སྒུལ་ཤུགས་ཀྱིས་འཁོར་སྐྱོད་བྱེད་པའི་ཆུའི་ཐོག་ཏུ་འགྲན་བསྡུར་བྱེད་པའི་ལུས་རྩལ་སྦྱོང་བརྡར་ཅིག་ཡིན།

རིགས་དབྱེ།  

འབོལ་ཁྲི།

འབོལ་ཁྲི་ནི་མེ་འཁོར་གྱི་འཁོར་སྒྲོམ་གྱི་རིགས་ཤིག་ཡིན། མེ་འཁོར་གྱི་ཨང་གྲངས་ནིRWཡིན་པ་དང་། སྤྱིར་བཏང་དུ་ཟས་ཤག་དང་མེ་འཁོར་གྱི་འགོ་གཙོའི་གཞུང་ལས་ཁང་གི་གམ་དུ་ཡོད། འཁོར་སྒྲོམ་དགུ་ནས་བཅུ་གསུམ་བར་ཡོད།

རིགས་དབྱེ།  

འབྲེང་ལམ།

འབྲེང་ལམ་ནི་འགྲིམ་འགྲུལ་ཡོ་བྱད་ཀྱི་རིགས་ཤིག་ཡིན། རྒྱུན་དུ་ཀྱག་ཀྱོག་གི་རི་ཁུལ་ཏུ་མི་དང་ཚོང་ཟོག་སྐྱེལ་འདྲེན་བྱེད་པ་ལ་ཟེར། འབྲེང་ལམ་ནི་བར་སྣང་དུ་བཀལ་བའམ་ཡང་ན་བཏེག་པའི་ཆིག་བགྲོད་ལྕགས་སྐུད་ཀྱིས་འགྲུལ་སྐྱེལ་རླངས་འཁོར་དང་ཟོང་སྐྱེལ་རླངས་འཁོར་སོགས་ཐེག་པ་ལ་ཟེར།

རིགས་དབྱེ།  

རྐང་ཐང་བགྲོད་སའི་ལམ།

རྐང་ཐང་བགྲོད་སའི་ལམ་ནི་ཆེད་དུ་མི་བགྲོད་པར་བྱེད་སའི་ལམ་ལ་ཟེར།

རིགས་དབྱེ།  

ཁྲལ་ལེན་ས་ཚིགས།

ལམ་ཁྲལ་ལེན་ས་ནི་རླངས་འཁོར་འཁོར་སྐྱོད་བྱེད་པའི་རིན་ལེན་པར་འཛུགས་སྐྲུན་བྱས་པའི་འགྲིམ་འགྲུལ་སྒྲིག་ཆས་ཤིག་ཡིན།

རིགས་དབྱེ།