མགྱོགས་གྲུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགྱོགས་གྲུ།
མགྱོགས་གྲུའི་ཏུན་གྲངས་ཐེག་ཚད་ཆུང་ལ་མཚོ་སྐྱོད་ཀྱི་མྱུར་ཚད་མགྱོགས་པ། ཧ་ཅང་སྐྱེན་པོ་ཡིན་པ། ཆུ་འབུད་པའི་ཚད་ཏུན་བཅུ་ལྷག་ནས་ཏུན་བརྒྱ་ཡས་མས་བར་ཡིན། མགྱོགས་གྲུའི་སྟེང་དུ་དྲག་ཆས་སྒྲིག་སྦྱོར་བྱས་ཡོད། དེ་ལ་མྱུལ་ཞིབ་དང་དྲག་ཆས་ཚོད་འཛིན། འཕྲིན་གཏོང་། ཕྱོགས་སྟོན། གློག་རྡུལ་གཡུལ་འགྱེད་སོགས་ཀྱི་ནུས་པ་ལྡན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
快艇
ཕྱི་ཡིག་གི་མིང་།
speed baot
ཁྱད་ཆོས།
བདེ་ལྕག་འཁྱུག་པོ།
1 ངོ་སྤྲོད་མདོར་བསྡུས།

མགྱོགས་གྲུ་ནི་དམག་གྲུའི་ཁྲོད་ཆེས་མགྱོགས་པའི་གྲུ་ཞིག་ཡིན།  མགྱོགས་གྲུ་ཅུང་ཆུང་མོད།  འོན་ཀྱང་དེའི་ཟིལ་ཤུགས་དང་ནུས་པ་ཧ་ཅང་ཆེ།  དེ་བས་མགྱོགས་གྲུ་ཡིས་དགྲ་དམག་གི་དམག་གྲུ་ཆེ་ཆུང་གང་ཡིན་རུང་དཔུང་འཇུག་བྱས་ནས་རྩ་མེད་དུ་གཏོང་ཐུབ་པ་དང་། དགྲ་དམག་གི་མཚོ་ཐོག་སྐྱེལ་འདྲེན་གྱི་ལམ་ལ་ཡང་གཏོར་བརླག་བྱེད་ཐུབ།  མགྱོགས་གྲུའི་གྲུ་གཟིགས་ཆུང་བ་དང་ཧ་ཅང་མགྱོགས་པ།  སྦས་ཐུབ་པ།  ཅུང་དོག་པའི་མཚོ་ཁུལ་སོགས་སུའང་བགྲོད་སྐྱོད་བྱེད་ཐུབ།  དེང་རབས་ཀྱི་མགྱོགས་གྲུའི་དམག་ཆས་དང་འཕུར་མདའ།  སྔོན་ཐོན་གྱི་གློག་རྡུལ་སྒྲིག་ཆས་སོགས་བཀོལ་སྤྱོད་བྱེད་བཞིན་ཡོད་པས།  མ་འོངས་བའི་མཚོ་ཐོག་གཡུལ་འགྱེད་ཁྲོད་དུ་མགྱོགས་གྲུ་ཡིས་ནུས་པ་ཆེན་པོ་ཐོན་ཐུབ་བོ། །  མགྱོགས་གྲུ་ཡིས་ད་དུང་དམག་དོན་ལས་རིགས་ལ་ཡང་རོགས་རམ་ཆེན་པོ་བྱེད་ཐུབ། 

2 རིགས་དབྱེ་བ།

མགྱོགས་གྲུ་ལ་དབྱེ་ན་ཆུ་མདེལ་འཕེན་བྱེད་དམག་གྲུ་དང་འཕུར་མདའ་མགྱོགས་གྲུ་གཉིས་ཡོད་པ་ལས། ཆུ་མདེལ་འཕེན་བྱེད་དམག་གྲུ་ནི་ཆུ་མདེལ་གཙོ་བྱས་པའི་དམག་ཆས་རིགས་ཀྱི་དམག་གྲུ་ཡིན།  དེའི་ཁྱད་ཆོས་ནི་བོངས་ཚད་ཆུང་བ་དང་།  མཚོ་འགྲུལ་མགྱོགས་ཚད་མཐོ་བ། ཧ་ཅང་སྐྱེན་པོ་ཡིན་པ།  དཔུང་འཇུག་གི་ཟིལ་ཤུགས་ཆེ་བའི་ཁྱད་ཆོས་ལྡན་ནོ། ། འཛམ་གླིང་སྟེང་ཆེས་ཐོག་མའི་ཆུ་མདེལ་འཕེན་བྱེད་དམག་གྲུ་ནི་སྤྱི་ལོ1877ལོར་དབྱིན་ཇི་ནས་གསར་གཏོད་བྱས་པ་རེད།  མགྱོགས་གྲུའི་ཁྲོད་ཟིལ་ཤུགས་ཆེས་ཆེ་བ་ནི་འཕུར་མདའི་མགྱོགས་གྲུ་ཡིན།  དེས་ཆུ་མདེལ་འཕེན་བྱེད་དམག་གྲུའི་ཁྱད་ཆོས་རྒྱུད་འཛིན་བྱས་ནས་མཚོ་ཐོག་གཡུལ་འགྱེད་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད།  འོན་ཀྱང་ཅུང་ཆེ་བ་དང་ཆུང་བའི་དམག་གྲུ་དང་བསྡུར་ན་དེའི་རང་སྲུང་གི་ནུས་པ་ཅུང་ཞན་པ་ཡིན།  རླུང་དང་རྦ་རླབས་སྔོན་འགོག་བྱེད་པའི་ནུས་པ་ཡང་ཅུང་ཞན་པ་ཡིན།  དེ་བས་འཕུར་མདའི་དམག་གྲུ་ནི་ཉེ་འགྲམ་གྱི་མཚོ་ཐོག་ཏུ་གཡུལ་འགྱེད་བྱེད་དགོས།  ཚན་རིག་ལག་རྩལ་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་མགྱོགས་གྲུ་ཡང་དེ་དང་དེ་བཞིན་དུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། མགྱོགས་གྲུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།