ཡོངས་འཛིན་རིག་མཛོད། >འཚོ་བ། >འགྲིམ་འགྲུལ། > ལྕགས་ལམ།

ལམ་རྐྱང་མའི་མེ་འཁོར།

ལམ་རྐྱང་མའི་ལྕགས་ལམ་ནི་ལྕགས་ལམ་གྱི་རིགས་ཤིག་ཡིན། ཁྱད་ཆོས་ནི་བཀོལ་སྤྱོད་བྱེད་པའི་ལྕགས་ལམ་ནི་གཅིག་མ་གཏོགས་སྲོལ་རྒྱུན་གྱི་ལྕགས་ལམ་ལྟར་གཉིས་མེད་དོ། ལམ་རྐྱང་མའི་ལྕགས་ལམ་ནི་ཨར་འདམ་གྱིས་བཟོ་སྐྲུན་བྱས་པ་རེད། སྤྱིར་བཏང་གི་ལྕགས་ལམ་དང་བསྡུར་ན་ཞེང་ཧ་ཅང་ཆེ། ལམ་རྐྱང་མའི་ལྕགས་ལམ་ནི་གཞན་དང་བསྡུར་ན་ཞེང་ཧ་ཅང་ཆེ། ལམ་རྐྱང་མའི་མེ་འཁོར་ནི་གཙོ་བོ་མི་གྲངས་མང་སའི་གྲོང་ཁྱེར་གྱི་གནས་སུ་གནས་སྐོར་པ་སྐྱེལ་འདྲེན་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན།

རིགས་དབྱེ།  

གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ།

གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ཞེས་པ་ནི་མི་འབོར་མང་བའི་གྲོང་ཁྱེར་དང་ཡང་ན་གྲོང་ཁྱེར་ཁུལ(གྲོང་ཁྱེར་ཚོགས་པ)ནང་། འཆར་འགོད་དང་འཛུགས་བསྐྲུན་བགྱིས་པའི་མྱུར་བགྲོད་ལྕགས་ལམ་སྟེ་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་གྱི་སྐྱེལ་འདྲེན་མ་ལག་ལ་ཟེར་བ་དང་མྱུར་བགྲོད་ལྕགས་ལམ་གྱི་རིགས་སུ་གཏོགས། གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་གྱི་ཁྱད་ཆོས་གཙོ་བོ་ནི་ལམ་ཐིག་གི་བར་ཐག་ཅུང་ཐུང་བ་དང་མེ་འཁོར་གྱི་ཐེངས་གྲངས་སྤྱི་འཁོར་ཅན་དང་། དེ་བཞིན་འཁོར་ལམ་མ་ལག་གིས་ཁས་ལེན་ཐུབ་པའི་མེ་འཁོར་གྱི་འཁོར་སྐྱོད་མྱུར་ཚད་མགྱོགས་ཤོས་དེ250km/hལས་མི་དམའ། གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་དེ་རང་རྒྱལ་གྱི་གསར་དར་འཕལ་ལམ་འགྲིམ་འགྲུལ་གྱི་རིགས་ཡིན་པའི་ངོས་ནས་གྲོང་སྦྲེལ་ལྕགས་ལམ་དང་མྱུར་བགྲོད་ལྕགས་ལམ་གཉིས་ཀའི་ཁྱད་ཆོས་ལྡན་ཡོད།

རིགས་དབྱེ།  

གྲོང་སྦྲེལ་ལྕགས་ལམ།

གྲོང་སྦྲེལ་ལྕགས་ལམ་དེ་རྒྱལ་ཁབ་མི་འདྲ་བ་དང་དུས་རབས་མི་འདྲ་བ། དེ་བཞིན་རིག་གཞུང་ཁྱབ་ཁོངས་མི་འདྲ་བ་བཅས་ཀྱི་ནང་གཏན་འབེབས་མི་འདྲ་བ་ཡོད་པ་དང་། ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱིས་སྤྱི་ལོ2015ལོའི་ཟླ1པོའི་ཚེས6ཉིན་ཆོག་མཆན་སྤྲད་དེ་ཁྱབ་བསྒྲགས་བྱས་པའི《གྲོང་སྦྲེལ་ལྕགས་ལམ་ཇུས་འགོད་ཚད་གཞི》གྲོང་སྦྲེལ་ལྕགས་ལམ་གྱི་མཚན་ཉིད་ལ་གཞིགས་ན། གྲོང་སྦྲེལ་ལྕགས་ལམ་ནི་ཁྱིམ་མཚེས་གྲོང་ཁྱེར་དབར་རམ་ཡང་ན་གྲོང་ཁྱེར་ཁྱུ་ཚོགས་ལ་ཆེད་དུ་ཞབས་འདེགས་ཞུ་བའི་མེ་འཁོར་རམ་ལྕགས་ལམ་ལ་ཟེར་ཞིང་། འགྲུལ་སྐྱེལ་མེ་འཁོར་གྱི་ཇུས་འགོད་མྱུར་ཚད200km/hདང་དེའི་མན་གྱི་མྱུར་བགྲོད་དང་། སྟབས་བདེ། འདུས་ཚད་མཐོ་བ་བཅས་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་ལ་ཟེར་བ་རེད།

རིགས་དབྱེ།  

མཚོ་བོད་ལྕགས་ལམ།

མཚོ་བོད་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་བར་གྱིⅠརིམ་པའི་རྒྱལ་ཁབ་ལྕགས་ལམ་ཞིག་ཡིན་པ་དང་། ཀྲུང་གོའི་དུས་རབས་གསར་པའི་ལས་གྲྭ་ཆེ་གྲས་བཞིའི་གྲས་ཤིག་ཡིན་ལ། བོད་ལྗོངས་སུ་སྐྱོད་པའི་ལྕགས་ལམ་དང་པོ་དེ་ཡིན་པ་མ་ཟད། འཛམ་གླིང་སྟེང་གི་ས་བབ་མཐོ་ཤོས་དང་ལམ་ཐིག་རིང་ཤོས་ཀྱི་མཐོ་སྒང་ལྕགས་ལམ་ཡང་ཡིན།

རིགས་དབྱེ།  

ནན་ཅིན་འབྲི་ཆུའི་ཟམ་ཆེན།

ནན་ཅིན་འབྲི་ཆུའི་ཟམ་ཆེན་ནི་ནན་ཅིན་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཀྱི་ཞ་ཀོན་དང་ཕུའུ་ཁོའུ་ཆུས་ཀྱི་ཟམ་པའི་བྱང་ཕྱོགས་སུ་གནས་ཡོད། ཀྲུང་གོའི་ཟམ་པའི་ལོ་རྒྱུས་དང་འཛམ་གླིང་གི་ཟམ་པའི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ནི་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་གྱི་གལ་ཆེའི་གྲུབ་འབྲས་དང་ཀྲུང་གོའི་ཟམ་པ་སྐྲུན་པའི་གལ་ཆེའི་ལམ་ཚད་རྡོ་རིང་ཞིག་ཡིན་ཞིང་། དེར་དཔལ་འབྱོར་གྱི་དོན་སྙིང་དང་། ཆབ་སྲིད་ཀྱི་དོན་སྙིང་། འཐབ་ཇུས་ཀྱི་དོན་སྙིང་ཆེན་པོ་ལྡན། “འགྲན་རྩོད་ཟམ་པ”ཞེས་ཀྱང་བརྗོད་ཀྱིན་ཡོད། དེ་ནི་ཀྲུང་གོ་གསར་པའི་ལག་རྩལ་གྲུབ་འབྲས་དང་དེང་རབས་ཅན་གྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། ཀྲུང་གོའི་མི་རབས་ཁ་ཤས་ཀྱི་དམིགས་བསལ་གྱི་བརྩེ་སེམས་དང་དྲན་ཤེས་ཀྱང་ཡིན། འབྲི་ཆུའི་ཟམ་ཆེན་ནི་ནན་ཅིང་གི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་དང་། ཅང་སུའུ་ཡི་རིག་གནས་མཚོན་རྟགས། ཀྲུང་གོའི་འོད་སྟོང་འཕྲོ་བའི་མཛེས་ལྗོངས་བཅས་ཡིན་ལ། མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཀྱང་ཡིན་པས། ཅིན་ལིན་གསར་པའི་མཛེས་ལྗོངས48ནང་ཚུད་ཡོད་པ་རེད། སྤྱི་ལོ1970ལོ་ནས་སྤྱི་ལོ1993ལོའི་བར་སྔ་རྗེས་སུ་རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་གྱི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། སྲིད་གཞུང་གི་འགོ་གཙོ། ཕྱི་རྒྱལ་གྱི་འཐུས་མི་ཚོགས་པ600ལྷག་ཙམ་བཅས་ལ་སྣེ་ལེན་ཞུས་ཡོད། ཟམ་ཆེན་བསྐྲུན་པར་ལོ8སོང་ཞིང་། མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར2.8758བཏང་བ་དང་། སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི38.41གི་ཨར་འདམ་དང་ངར་ལྕགས་རྒྱུ་ཆ་ཏུན་ཁྲི6.65སྤྱད་ཡོད། སྤྱི་ལོ1960ལོར“འཛམ་གླིང་ཐོག་གི་ཆེས་རིང་ཤོས་ཀྱི་གཞུང་ལམ་དང་ལྕགས་ལམ་གཉིས་ལྡན་གྱི་ཟམ་པ”དེ《ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ཆ་ཚང་ཆེན་མོའི》ནང་བཀོད་པ་དང་། སྤྱི་ལོ2014ལོའི་ཟླ་བདུན་པར་གནས་སྤོ་མི་ཐུབ་པའི་རིག་དངོས་ནང་ཚུད། སྤྱི་ལོ2016ལོའི་ཟླ9པར་ཀྲུང་གོའི་དུས་རབས20པའི་སྐྲུན་དངོས་ཀྱི་མིང་གཞུང་ནང་ཚུད་ཡོད་པ་རེད།

རིགས་དབྱེ།