ཡོངས་འཛིན་རིག་མཛོད། >འཚོ་བ། >འགྲིམ་འགྲུལ། >གནམ་གྲུ།

ཁ་ལོ་ཤག

ཁ་ལོ་ཤག་ནི་གྲུ་ཡིས་འགོ་ཁྲིད་ལྷུ་ལག་ཡིན་ལ། བར་སྣང་འཕུར་གྲུའི་བཀའ་འབབ་པ་དང་ཚོད་འཛིན་བྱེད་སའི་ལྟེ་གནས་ཀྱང་ཡིན། དེ་ནི་ཁ་ལོ་བའི་ཚོད་འཛིན་བྱེད་པར་སྟབས་བདེ་བཟོ་བར་ཇུས་འགོད་བྱས་པ་ཡིན་ལ། དེ་ཧ་ཅང་གལ་ཆེ་བའོ།།

རིགས་དབྱེ།  

གཏིང་རྒོལ་གནམ་གྲུ།

གཏིང་རྒོལ་གནམ་གྲུ་ཞེས་པ་ནི་མྱུལ་ཞིབ་དང་ཆུར་འཛུལ་དམག་གྲུ་ལ་དཔུང་འཇུག་བྱེད་པ་ཕྲག་ཏུ་ཁུར་བའི་དམག་སྤྱོད་གནམ་གྲུ་ལ་གོ་དགོས།

རིགས་དབྱེ།  

གནམ་གྲུའི་གྲུ་གཟིངས།

གནམ་གྲུའི་གྲུ་གཟིངས་ཀྱི་སྐུ་གཟུགས་ནི་ཧ་ཅང་ཆེ་བའི་གྲུ་གཟིངས་ཀྱི་གཅལ་དང་གཡས་ཕྱོགས་ཀྱི་གྲུ་གཟིངས་ཀྱི་གླིང་ཕྲན་གཉིས་ལས་གྲུབ་པ་ཡིན།

རིགས་དབྱེ།  

གནམ་གྲུའི་རྒྱུག་ལམ།

གནམ་གྲུའི་རྒྱུག་ལམ་ནི་གནམ་གྲུའི་ཐང་གི་གཟུགས་དབྱིབས་རིང་བའི་ས་གནས་དེ་ཡིན་པ་དང་། དེས་གནམ་གྲུ་ཡར་འཕུར་བ་དང་མར་འབབ་སའི་གནས་མཁོ་སྤྲོད་བྱེད་པ་རེད། རྒྱུག་ལམ་གྱི་རྒྱུ་ཆ་ནི་སྣུམ་སྙིགས་དང་ཡང་ན་ཨར་འདམ་བསྲེས་མ་སོགས་གང་ཡིན་ནའང་ཆོག

རིགས་དབྱེ།  

ཕྱི་འགྲིམ་ཐོ་འགོད་འཛིན་བྱང་།

ཕྱི་འགྲིམ་ཐོ་འགོད་འཛིན་བྱང་ནི་ཕྱི་སྐྱོད་ལམ་ཡིག་གི་ཆ་ཤས་ཤིག་ཡིན།

རིགས་དབྱེ།  

གཤོག་འཁོར་གནམ་གྲུ།

གཤོག་འཁོར་གནམ་གྲུ་ནི་མཁའ་རླུང་དུང་འཁྱིལ་འབུད་འདེད་འཕྲུལ་ཆས་སྒུལ་བྱེད་འཕྲུལ་འཁོར་གྱི་རྩོལ་ཚད་སྐུལ་ཤུགས་སུ་བསྒྱུར་བའི་གནམ་གྲུ་ལ་ཟེར།

རིགས་དབྱེ།  

ཐད་འཕུར་གནམ་གྲུ།

ཐད་འཕུར་གནམ་གྲུའི་ཆེས་ཆེ་བའི་མྱུར་ཚད་ནི300km/hལ་སླེབས་ཐུབ། སྤྱིར་བཏང་གི་མཁའ་སྐྱོད་ནི600~800km ཡས་མས་ལ་སླེབས་ཐུབ། རེ་འདུན་མི་གཅིག་པའི་ཐད་འཕུར་གནམ་གྲུ་ལ་འཕུར་སྐྱོད་བྱེད་པའི་ལྗིད་ཚད་མི་གཅིག་པ་ཡོད། མིག་སྔར་འཛམ་གླིང་སྟེང་བཀོལ་སྤྱོད་བྱེད་བཞིན་པའི་ཐད་འཕུར་གནམ་གྲུ་ཆེས་ཆེ་བ་དང་ཆེས་ལྗིད་པ་ནི་ཨུ་རུ་སིའི་མེ-26རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་ཡིན། འཕུར་སྐྱོད་ཆེས་ཆེ་བའི་ལྗིད་ཚད་ནི་ཏུན་ང་དྲུག་ལ་སླེབས་ཡོད།

རིགས་དབྱེ།  

དབྱིངས་བསྐྱོད་གནམ་གྲུ།

དབྱིངས་བསྐྱོད་གནམ་གྲུ་ནི་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་ལ། མཁའ་དབྱིངས་དང་ས་ངོས་བར་བརྒྱུད་པའི་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་ཤིག་ཡིན། གནམ་གྲུ་དང་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་གཉིས་ཀྱི་རང་བཞིན་མཉམ་འབྲེལ་བྱས་ཡོད། དེས་མེ་ཤུགས་འཕུར་མདའི་ཚབ་བྱས་ནས་མིས་བཟོས་འཁོར་སྐར་སོགས་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་མཁའ་དབྱིངས་སུ་སྐྱེལ་འདྲེན་བྱེད་ཐུབ་པ་དང་། མི་སྡོད་འཇིག་རྟེན་འཕུར་གྲུ་ལྟར་རྒྱུ་སྐར་འཁོར་ལམ་གྱི་སྟེང་དུ་འཁོར་སྐྱོད་བྱེད་ཐུབ་བོ། ། དབྱིངས་བསྐྱོད་གནམ་གྲུ་ཡིས་མིའི་རིགས་ལ་སྟབས་བདེ་ཆེན་པོ་བཟོས་ཡོད།

རིགས་དབྱེ།  

དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ།

དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ནི་དམག་དོན་དང་དམག་མི། དྲག་ཆས་དང་དེ་ལས་གཞན་པའི་དམག་སྤྱོད་དངོས་པོ་སོགས་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་ལ་ཟེར། དེ་ལ་ཅུང་ཆེ་བའི་ལྗིད་ཐེག་གྲངས་ཚད་དང་མུ་མཐུད་དུ་འཕུར་སྐྱོད་བྱེད་ཐུབ་པའི་ནུས་པ་ཆེན་པོ་ལྡན་ལ། ཅུང་ཆ་ཚང་བའི་འཕྲིན་གཏོང་དང་མཁའ་ལམ་སྣེ་ཁྲིད་ཀྱི་སྒྲིག་ཆས་ཡོད་པ་དང་ཉིན་མཚན་གྱི་གནམ་གཤིས་མི་ལེགས་པའི་གནས་ཚུལ་འོག་ཏུ་འཕུར་སྐྱོད་བྱེད་ཐུབ་པ་ཡིན།

རིགས་དབྱེ།  

མགྲོན་སྐྱེལ་གནམ་གྲུ།

མགྲོན་སྐྱེལ་གནམ་གྲུའི་ཁྱབ་ཆེ་བའི་གོ་དོན་ནི་དམངས་སྤྱོད་གནམ་གྲུ་ཡིན། དེ་ནི་དམག་དོན་ཐོག་བེད་སྤྱོད་མི་བྱེད་པའི་གནམ་གྲུ་ལ་གོ་བ་ཡིན། དེ་ལ་དབྱེ་ན་མཁའ་ལམ་གནམ་གྲུ་དང་མཁའ་སྐྱོད་གནམ་གྲུ་བཅས་རིགས་ཆེན་པོ་གཉིས་ཡོད། མི་ཤོང་ཚད་ཆེས་ཆེ་བའི་མགྲོན་སྐྱེལ་གནམ་གྲུ་ནི་མཁའ་འགྲུལ་ཀུང་སིའི་ཐོན་སྐྱེད་བྱས་པའིA380རྟགས་ཅན་གྱི་ཚད་རིམ་གསུམ་ཅན་གྱི་འགྲུལ་བའི་སྡོད་ཁང་དང་འདུག་སྟེགས555ཡོད་པའི་ཚད་ལྡན་ཅན་གྱི་གནམ་གྲུ་དེ་ཡིན།

རིགས་དབྱེ།  

མྱུལ་ཞིབ་གནམ་གྲུ།

མྱུལ་ཞིབ་གནམ་གྲུ(reconnaissance aircraft)ནི་ཆེད་དུ་བར་སྣང་ནས་མྱུལ་ཞིབ་དང་གསང་འཕྲིན་ལེན་པའི་དམག་སྤྱོད་གནམ་གྲུ་ཞིག་ཡིན་ལ། དེང་རབས་དམག་འཁྲུག་ཁྲོད་ཀྱི་མྱུལ་ཞིབ་ཡོ་བྱད་གཙོ་བོའི་གྲས་ཤིག་ཀྱང་ཡིན། གནམ་གྲུ་བྱུང་རྗེས། ཆེས་ཐོག་མར་དམག་འཁྲུག་བྱ་ཡུལ་དུ་ཞུགས་ནས་ལག་བསྟར་བྱས་པའི་ལས་འགན་ནི་བར་སྣང་ནས་མྱུལ་ཞིབ་བྱ་རྒྱུ་དེ་ཡིན། དེའི་ཕྱིར་མྱུལ་ཞིབ་གནམ་གྲུ་ནི་དམག་སྤྱོད་གནམ་གྲུའི་ཁྱིམ་རྒྱུད་ཆེན་པོའི་ནང་གི་ལོ་རྒྱུས་རིང་ཤོས་ཀྱི་འཕྲུལ་ཆས་རིགས་ཤིག་ཡིན། མྱུལ་ཞིབ་གནམ་གྲུས་དེ་དང་བསྟུན་ནས་འཐབ་ཇུས་མྱུལ་ཞིབ་གནམ་གྲུ་དང་འཐབ་རྩལ་མྱུལ་ཞིབ་གནམ་གྲུ་གཉིས་སུ་དབྱེ་ཆོག

རིགས་དབྱེ།  

ཟོང་སྐྱེལ་གནམ་གྲུ།

ཟོང་སྐྱེལ་གནམ་གྲུ་ནི་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་ཡིན། རྒྱུན་པར་དེ་ནི་ཚོང་ལས་ཐད་བཀོལ་སྤྱོད་བྱེད་པའི་དམངས་སྤྱོད་ཟོང་སྐྱེལ་གནམ་གྲུ་ལ་གོ་བ་ཡིན། དོན་དངོས་སུ། དམག་གིས་བཀོལ་སྤྱོད་བྱེད་པའི་སྐྱེལ་འདྲེན་གནམ་གྲུ་ཡང་ཟོང་སྐྱེལ་གནམ་གྲུ་ཡིན། འོན་ཀྱང་དེ་དང་དམངས་སྤྱོད་ཟོང་སྐྱེལ་གནམ་གྲུ་དང་མངོན་གསལ་གྱིས་ཁྱད་པར་ཆེན་པོ་ཡོད། དམངས་སྤྱོད་ཟོང་སྐྱེལ་གནམ་གྲུ་དང་མཁའ་ལམ་མགྲོན་སྐྱེལ་གནམ་གྲུ་དང་གཉིས་སུ་མ་མཆིས། དེས་ཀྱང་གཏན་འཇགས་རང་བཞིན་གྱི་གནམ་གྲུ་ཐང་ཆེ་ཆུང་དུ་ཡར་འཕུར་བ་དང་མར་འབབ་པ་སོགས་བྱེད་པ་ཡིན། དེ་བས་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་ནི་ཟོང་སྐྱེལ་གནམ་གྲུ་ཡིན།

རིགས་དབྱེ།  

འཐབ་འཛིང་གནམ་གྲུ།

འཐབ་འཛིང་གནམ་གྲུ་ནི་མཁའ་དབྱིངས་ནས་དགྲ་དམག་གི་གནམ་གྲུ་རྩ་མེད་དུ་གཏོང་བར་བཀོལ་སྤྱོད་བྱེད་པའི་དམག་སྤྱོད་གནམ་གྲུ་ཞིག་ཡིན། དེ་ལ་ད་དུང་རྒོལ་འཇོམས་གནམ་གྲུ་ཡང་ཟེར། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ཡོངས་ཀྱིས་དེ་ལ་མཐར་སྐྲོད་གཏོང་བྱེད་ཀྱི་གནམ་གྲུ་ཟེར། འཐབ་འཛིང་གནམ་གྲུ་ཡིས་འོས་འགན་གཙོ་བོ་ནི་དགྲ་དམག་གི་རྒོལ་འཇོམས་གནམ་གྲུ་དང་མཉམ་དུ་མཁའ་དབྱིངས་ནས་འཐབ་འཛིང་བྱེད་པ་དེ་ཡིན།

རིགས་དབྱེ།  

རླངས་འབུད་གནམ་གྲུ།

རླངས་འབུད་གནམ་གྲུ་ནི་རླངས་འབུད་སྒུལ་བྱེད་འཕྲུལ་འཁོར་གྱིས་སྐུལ་འདེད་བྱས་ནས་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཞིག་ཡིན། རླངས་འབུད་གནམ་གྲུའི་བཀོལ་སྤྱོད་བྱེད་པའི་རླངས་འབུད་སྒུལ་བྱེད་འཕྲུལ་འཁོར་ནི་འབར་རྫས་འབར་བའི་དུས་སུ་ཐོན་པའི་རླངས་གཟུགས་ཕྱི་རུ་གཏོར་འཕེན་བྱེད་པའི་ལྡོག་ཤུགས་ཀྱི་ནུས་པས་གནམ་གྲུ་མདུན་དུ་འཕུར་སྐྱོད་བྱ་བ་ཡིན། དེ་ཡིས་གནམ་གྲུ་སྐུལ་ཤུགས་མཐོ་རུ་ཕྱིན་ནས་འཕུར་སྐྱོད་སྔར་བས་ཇེ་མགྱོགས་སུ་བཏང་།

རིགས་དབྱེ།  

སྦས་ཐབས་གནམ་གྲུ།

མིའི་རིགས་ཀྱི་སྐྱེ་དངོས་དཔེ་འགྲེའི་རིགས་པར་ཞིབ་འཇུག་བྱས་པ་དང་ཆེས་སྔོན་ཐོན་གྱི་ལག་རྩལ་དང་རྒྱུ་ཆ་སོགས་བཀོལ་སྤྱོད་བྱས་མཐར་ཧ་ཅང་ཆེ་བའི་གནམ་གྲུ་ཡང་སྦས་ཐབས་བྱེད་པ་མངོན་འགྱུར་བྱུང་། དེས་དམིགས་ཡུལ་གཙོ་བོ་ནི་ལེ་ཏ་ཡིས་གནམ་གྲུ་མྱུལ་ཞིབ་བྱེད་མི་ཐུབ་པ་དེ་ཡིན། དེ་ནི་དམག་དོན་གྱི་གསང་བ་ཡིན། སྦས་ཐབས་ཀྱི་ལག་རྩལ་མིག་སྔར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

རིགས་དབྱེ།  

གནམ་གྲུར་སྡོད་སྐབས་ཀྱི་དོ་སྣང་བྱ་ཡུལ་འགའ།

གནམ་གྲུ་ནི་བོངས་ཚད་ཅུང་ཆེ་བ་དང་མགྲོན་པོ་ཤོང་ཚད་ཅུང་མང་བའི་ཐུན་མོང་གིས་འཕུར་སྐྱོད་བྱེད་པའི་སྐྱེལ་འདྲེན་ལག་ཆ་ཞིག་ཡིན། མི་རྣམས་རྒྱལ་ནང་གི་གྲོང་ཁྱེར་སོ་སོ་དང་རྒྱལ་སྤྱིའི་ས་གནས་སོ་སོ་རུ་སྐྱེལ་འདྲེན་བྱེད་པའི་ཚོང་ལས་དུས་གཏན་གནམ་གྲུ་ཞིག་ཡིན། མི་མི་ཉུང་བ་ཞིག་ལ་གནམ་གྲུར་བསྡད་པའི་ཉམས་མྱོང་ཡོད་སྲིད་ཀྱང་། མི་མང་པོ་ཞིག་གིས་སྔར་བཞིན་གནམ་གྲུར་སྡོད་སྐབས་དོ་སྣང་བྱ་ཡུལ་གང་འདྲ་ཡོད་མེད་ཤེས་འདོད་ཆེ་བས། གཤམ་ནས་གནམ་གྲུར་སྡོད་སྐབས་དོ་སྣང་བྱ་ཡུལ་དང་མི་གང་དག་གནམ་གྲུར་སྡོད་མི་འོས་སོགས་བརྗོད་པར་བྱའོ། །

རིགས་དབྱེ།  

ཐེན་མ་མཁའ་འགྲུལ་ཀུང་ཟི།

པར་ཙིར་ཐེན་མ་མཁའ་འགྲུལ་ཀུང་ཟི(ཕོར་ཐིའུ་ཀལ་གྱི་ཡི་གེརTAM Linhas Aereasདང་། པར་ཙིར་ཐ་མུའུ་མཁའ་འགྲུལ་ཀུང་ཟིའང་བསྒྱུར་ཡོད)ཐེན་མ་མཁའ་འགྲུལ་ཀུང་ཟི་ནི་པར་ཙིར་གྱི་མཁའ་འགྲུལ་ཀུང་ཟི་ཆེ་ཤོས་དེ་ཡིན་ཞིང་། གཙོ་བོ་ཧྲེང་པའོ་ལུའོ་ནས་པར་ཙིར་གྱི་གྲོང་ཁྱེར་གཙོ་བོ་ཁག་ལ་འགྲོ་འོང་བྱེད་པའི་རྒྱལ་ནང་གི་མཁའ་ལམ་གཉེར་སྐྱོང་བྱེད་པ་དང་། ཨ་གླིང་ལྷོ་མའི་ཁྱིམ་མཚེས་རྒྱལ་ཁབ་གྲོང་ཁྱེར་ཁག་གཅིག་གི་ལམ་ཐག་ཐུང་བའི་རྒྱལ་སྤྱིའི་མཁའ་ལམ་ཡང་གཉེར་སྐྱོང་བྱེད་པ་རེད།

རིགས་དབྱེ།  

མགོ་ལོག་རྨ་ཆེན་གནམ་གྲུ་ཐང་།

མགོ་ལོག་རྨ་ཆེན་གནམ་གྲུ་ཐང་ནི་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་ཁོངས་སུ་གནས་པ་དང་། ནུབ་བྱང་ནས་རྨ་ཆེན་རྫོང་གྲོང་དང་བར་ཐག་སྤྱི་ལེ7.5ཡོད་པ་དང་། རིམ་པ4Cཡི་ཀྲུང་གོའི་རྒྱལ་ནང་གི་ཡན་ལག་གནམ་གྲུ་ཐང་དང་མཐོ་སྒང་གནམ་གྲུ་ཐང(སྨི3787)ཡིན། སྤྱི་ལོ2013ལོའི་ཟླ8པའི་ཚེས29ཉིན་དངོས་སུ་སྐྲུན་འགོ་ཚུགས་པ་དང་། སྤྱི་ལོ2016ལོའི་ཟླ4པའི་ཚེས21ཉིན་འཕུར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་ཞིང་། 2016ལོའི་ཟླ7པའི་ཚེས1ཉིན་དངོས་སུ་ཤར་གཏོང་བྱས།

རིགས་དབྱེ།  

མཚོ་བྱང་མདོ་ལ་གནམ་གྲུ་ཐང་།

མཚོ་བྱང་མདོ་ལ་གནམ་གྲུ་ཐང་ནི་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ས་ཁུལ་དུ་གནས་པ་དང་། 4Cརིམ་པའི་དམངས་སྤྱོད་ཡན་ལག་གནམ་གྲུ་ཐང་ཡིན་པ་དང་། མཐོ་སྒང་གི་གནམ་གྲུ་ཐང(ས་བབ་མཐོ་ཚད་སྨི3163)གྲས་སུ་གཏོགས།

རིགས་དབྱེ།  

བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་།

བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་ནི་ཀྲུང་གོའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གནས་པ་དང་། བྱང་ཤར་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ3.5ཡོད་པ། 4Dརིམ་པའི་ཀྲུང་གོའི་རྒྱལ་ནང་གི་ཡུལ་སྐོར་ཡན་ལག་གནམ་གྲུ་ཐང་ཡིན་པ་དང་མཐོ་སྒང་གི་གནམ་གྲུ་ཐང(སྨི3287.9)ཡིན།

རིགས་དབྱེ།  

མཚོ་ནུབ་གཏེར་ལེན་ཁ་གནམ་གྲུ་ཐང་།

མཚོ་ནུབ་གཏེར་ལེན་ཁ་གནམ་གྲུ་ཐང་ནི་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གནམ་གྲུ་ཐང་གཞུང་ལམ་ཤར་ངོས་ཀྱི་སྨི200དང་བྱང་དུ་གཏེར་ལེན་ཁ་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ28ཡོད། 4Cརིམ་པའི་ཀྲུང་གོའི་རྒྱལ་ནང་གི་ཡན་ལག་གནམ་གྲུ་ཐང་དང་མཐོ་སྒང་གི་གནམ་གྲུ་ཐང(སྨི2862)ཡིན།

རིགས་དབྱེ།  

ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་།

ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་ནི། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་མགྲོན་བསུའི་ལམ་དུ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ85ཙམ་ཡོད། རིམ་པ4Eརིམ་པའི་དམག་དམངས་མཉམ་སྤྱོད་རྒྱལ་སྤྱིའི་གནམ་གྲུ་ཐང་ཡིན་པ་དང་། འཛམ་གླིང་སྟེང་ས་བབ་མཐོ་བའི་གནམ་གྲུ་ཐང་གི་གྲས་ཡིན། བོད་རང་སྐྱོང་ལྗོངས་ཀྱི་མཁའ་འགྲུལ་ལྟེ་གནས་ཆེ་གྲས་ཐོག་མ་ཡིན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་ནི་སྤྱི་ལོ1966ལོའི་ཟླ11པའི་ཚེས23ཉིན་བསྐྲུན་ཟིན་ནས་གནམ་གྲུ་ཤར་གཏོང་ཐུབ་པ་དང་། སྤྱི་ལོ1993ལོར་དུས་ཐེངས་དང་པོའི་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་བྱུང་ཞིང་། སྤྱི་ལོ2004ལོར་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་ལེགས་འགྲུབ་བྱུང་། སྤྱི་ལོ2019ལོའི་ཟླ6པའི་བར། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གནམ་གྲུ་འབབ་ཚུགས་ཐོག་ཁང1ཡོད་པ་སྟེ། T1(ཀྲུང་གོའི་རྒྱལ་ནང་དང་། རྒྱལ་སྤྱི། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས)གནམ་གྲུ་འབས་ཚུགས་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.50ཡོད་པ་དང་། རྒྱུག་ལམ་གྱི་རིང་ཚད་ལ་སྨི4000ཡོད། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ96ཤར་གཏོང་ཐུབ་པ་དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར48ཡོད།

རིགས་དབྱེ།  

བདེ་འཇགས་ལྟ་བཤེར།

བདེ་འཇགས་ལྟ་བཤེར་ནི་ཨར་ལས་རྣམ་གྲངས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ། ངལ་རྩོལ་ཆ་རྐྱེན། ལས་འཛོལ་གྱི་མངོན་མེད་རྐྱེན་ངན་སོགས་ལ་ལྟ་བཤེར་བྱས་པ་ཞིག་ཡིན། དེའི་ནང་དོན་གཙོ་བོ་ནི་བསམ་བློ་ཞིབ་བཤེར་དང་། ལམ་ལུགས། འཕྲུལ་ཆས་ཞིབ་བཤེར། བདེ་འཇགས་འཕྲོད་བསྟེན་སྒྲིག་བཀོད། བདེ་འཇགས་སློབ་གསོ་དང་གསོ་སྦྱོང་། ཐོན་སྐྱེད་མི་སྣའི་བྱ་སྤྱོད། འགོག་སྲུང་མཁོ་ཆས་ཨར་ལས། ཤི་རྨས་ལས་འཛོལ་ཐག་གཅོད་སོགས་ཚུད་ཡོད།

རིགས་དབྱེ།  

ཀན་ལྷོ་བསང་ཆུ་གནམ་གྲུ་ཐང་།

ཀན་ལྷོ་བསང་ཆུ་གནམ་གྲུ་ཐང་ནི་ཀྲུང་གོའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁུག་སའེ་ཐང་དུ་ཡོད་པ་དང་། བྱང་ཤར་ནས་གཙོད་གྲོང་ཁྱེར་བར་སྟོང་སྨི32དང་། བྱང་ནས་བསང་ཆུ་རྫོང་གྲོང་དང་བར་ཐག་སྟོང་སྨི43ཡོད་ལ། 4Cརིམ་པའི་ཡན་ལག་གནམ་གྲུ་ཐང་དང་མཐོ་སྒང་གི་གནམ་གྲུ་ཐང(སྨི3189.8)ཡིན།

རིགས་དབྱེ།  

AC313A

AC313Aནི་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པའི་ཏུན13རིམ་པའི་སྤྱོད་སྒོ་མང་བའི་དམངས་སྤྱོད་ཐད་འཕུར་གནམ་གྲུ་ཆེ་གྲས་ཤིག་ཡིན་ལ། དེས་མཐོ་སྒང་དང་། དྲོད་ཚད་མཐོ་བ། མཐོ་གྲང་སོགས་རྙོག་འཛིང་ཆེ་བའི་ས་ཁུལ་དང་གནམ་གཤིས་ཁོར་ཡུག་གི་བེད་སྤྱོད་བླང་བྱ་སྐོང་ཐུབ། སྤྱི་ལོ2022ལོའི་ཟླ5པའི་ཚེས17ཉིན་གྱི་སྔ་དྲོར། “བཀྲ་ཤིས་གཡང་བྱ”AC313Aཅང་ཞི་ཅིང་ཏེ་གྲོང་རྡལ་ལུས་མེང་གནམ་གྲུ་ཐང་དུ་གྲུབ་འབྲས་ཐོབ་པའི་ངང་འཕུར་ཐེངས་དང་པོ་བྱས།

རིགས་དབྱེ།