གནམ་གྲུའི་གྲུ་གཟིངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་གྲུའི་གྲུ་གཟིངས།
གནམ་གྲུའི་གྲུ་གཟིངས་ཀྱི་སྐུ་གཟུགས་ནི་ཧ་ཅང་ཆེ་བའི་གྲུ་གཟིངས་ཀྱི་གཅལ་དང་གཡས་ཕྱོགས་ཀྱི་གྲུ་གཟིངས་ཀྱི་གླིང་ཕྲན་གཉིས་ལས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
航空母舰
ཕྱི་ཡིག་མིང་།
Aircraft Carrier
བྱུང་བའི་དུས་ཚོད།
1917ལོའི་ཟླ7པ།
གསར་གཏོད་རྒྱལ་ཁབ།
དབྱིན་ཇི།
1 ངོ་སྤྲོད།

གནམ་གྲུའི་གྲུ་གཟིངས་ཀྱི་སྐུ་གཟུགས་ནི་ཧ་ཅང་ཆེ་བའི་གྲུ་གཟིངས་ཀྱི་གཅལ་དང་གཡས་ཕྱོགས་ཀྱི་གྲུ་གཟིངས་ཀྱི་གླིང་ཕྲན་གཉིས་ལས་གྲུབ་པ་ཡིན།  འཕེལ་རྒྱས་བྱུང་ནས་ད་ལྟའི་བར་དུ།  གནམ་གྲུའི་གྲུ་གཟིངས་ནི་དེང་རབས་ཀྱི་མཚོ་དམག་ལ་མེད་དུ་མི་རུང་བའི་མཚོན་ཆ་ཡིན་པ་མ་ཟད།  མཚོ་ཐོག་དམག་འཐབ་ཀྱི་ཆེས་གཙོ་བའི་དམག་གྲུའི་ནང་གསེས་གཅིག་ཡིན།

2 ཕན་ནུས།

མཚོ་ཐོག་དམག་འཐབ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གནམ་གྲུའི་གྲུ་གཟིངས་ཞིག་ལ་མཚོན་ན།  དེ་ལ་ནུས་པ་ཆེན་པོ་ལྡན་དགོས་ཏེ།  འཐབ་འཛིང་བྱེད་པའི་གནམ་གྲུ་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་པ།  སྤྱིར་བཏིང་གི་མཛུབ་སྟོན་དང་ཚོད་འཛིན་གྱི་ནུས་པ་འདོན་སྤྲོད་བྱེད་པ།   རང་ཉིད་སྔོན་འགོག་གི་ནུས་པ་དང་སྐབས་བསྟུན་རང་བཞིན་ལྡན་དགོས་པ། 

3 དམག་ཆས་སྒྲིག་སྦྱོར།

གནམ་གྲུའི་གྲུ་གཟིངས་ཀྱིས་དམག་ཆས་སྒྲིག་སྦྱོར་ཆས་གཙོ་བོ་ནི་དེའི་ཐོག་གི་འཐབ་འཛིང་གནམ་གྲུ་དང་མྱུལ་ཞིབ་གནམ་གྲུ། འགད་གཏོར་གནམ་གྲུ།  གཏིང་རྒོག་གནམ་གྲུ།  གློག་རྡུལ་འཐབ་འཛིང་གནམ་གྲུ་སོགས་ཡིན།  གནམ་གྲུ་གྲུ་གཟིངས་ཀྱིས་དམག་ཆས་སྒྲིག་སྦྱོར་འདི་དག་ལ་བབརྟེན་ནས་མཁའ་དབྱིངས་སུ་ལམ་བཅད་འགོག་རྒོལ་བྱེད་པ་དང་།  སྐམ་ས་དང་མཚོ་ཐོག་ཏུ་དཔུང་འཇུག་བྱེད་པ།  ཐད་ཀར་དུ་དགྲ་དམག་གནམ་གྲུ་གྲུའི་གཟིངས་དང་བར་ཐག་སྟོང་སྨིའི་གནས་སུ་རྩ་མེད་དུ་གཏོང་ཐུབ།  གནམ་གྲུ་གྲུའི་གཟིངས་ཀྱི་ཚོད་འཛིན་བཀོད་འདོམས་འོག་སྤྱི་ལེ་བརྒྱ་ཡས་མས་ཀྱི་དགྲ་དམག་གི་གནས་ཚུལ་ལ་སོགས་པར་མྱུལ་ཞིབ་དང་དཔུང་འཇུག་བྱེད་ཐུབ།  གནམ་གྲུའི་གྲུ་གཟིངས་སྟེང་དུའང་རང་སྲུང་དམག་ཆས་སྒྲིག་སྦྱོར་བྱས་ཡོད། 

4 ཞན་ཆ།

གཅིག གནམ་གྲུའི་གྲུ་གཟིངས་ཀྱི་ལུས་བོངས་ཧ་ཅང་ཆེ་བས་ཤེས་རྟོགས་བྱུང་སླ་བ་ཡིན།  འཕྲིན་གཏོང་སོ་སོའི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པས་དགྲ་དམག་གི་འཚོལ་ཞིབ་ཐིག་ལེན་སོགས་ཀྱིས་ཤེས་སླ་བ་ཡིན།     

གཉིས།  གནམ་གྲུའི་གྲུ་གཟིངས་ཀྱི་མཁོ་སྒྲུབ་ནུས་པ་ཞན་པ།  སྣུམ་ཟད་ཚད་ཆེ་བ།  ཅུང་མང་བའི་སྣུམ་དང་རྫས་མདེལ་སོགས་དགོས་པ།  

གསུམ།  གནམ་གྲུའི་གྲུ་གཟིངས་ཀྱི་རང་སྲུང་ནུས་པ་ཅུང་ཞན་པ།  

བཞི།  གནམ་གྲུའི་གྲུ་གཟིངས་ཐོག་གི་འཕྲུལ་ཆས་དག་ལ་དཔུང་འཇུག་བྱེད་སླ་བས་ནུས་པ་མེད་འགྲོ་བ་ཡིན།  

ལྔ།  གནམ་གཤིས་འགྱུར་ལྡོག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ། 

5 ལེགས་ཆ།

གཅིག  གནམ་གྲུའི་གྲུ་གཟིངས་ནི་དཔུང་ཁག་བྱས་ནས་འགྲོ་བ་ལས་རང་ཉིད་གཅིག་པུ་འགྲོ་བ་མ་ཡིན་པས།  དམག་གྲུ་མང་པོ་ཞིག་གིས་སྲུང་སྐྱོབ་བྱེད་པ།   

གཉིས།  གནམ་གྲུའི་གྲུ་གཟིངས་ནི་ཆེས་སྔོན་ཐོན་གྱི་ལག་རྩལ་དང་དམག་ཆས་སོགས་ཀྱི་སྒྲིག་སྦྱོར་བྱས་པ་ཡིན།  

གསུམ།  དཔུང་འཇུག་རང་བཞིན་ཧ་ཅང་དྲག་པ།  སྔོན་འགོག་རང་བཞིན་ཧ་ཅང་དྲག་པ།  

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།