ཐེན་མ་མཁའ་འགྲུལ་ཀུང་ཟི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེན་མ་མཁའ་འགྲུལ་ཀུང་ཟི།
པར་ཙིར་ཐེན་མ་མཁའ་འགྲུལ་ཀུང་ཟི(ཕོར་ཐིའུ་ཀལ་གྱི་ཡི་གེརTAM Linhas Aereasདང་། པར་ཙིར་ཐ་མུའུ་མཁའ་འགྲུལ་ཀུང་ཟིའང་བསྒྱུར་ཡོད)ཐེན་མ་མཁའ་འགྲུལ་ཀུང་ཟི་ནི་པར་ཙིར་གྱི་མཁའ་འགྲུལ་ཀུང་ཟི་ཆེ་ཤོས་དེ་ཡིན་ཞིང་། གཙོ་བོ་ཧྲེང་པའོ་ལུའོ་ནས་པར་ཙིར་གྱི་གྲོང་ཁྱེར་གཙོ་བོ་ཁག་ལ་འགྲོ་འོང་བྱེད་པའི་རྒྱལ་ནང་གི་མཁའ་ལམ་གཉེར་སྐྱོང་བྱེད་པ་དང་། ཨ་གླིང་ལྷོ་མའི་ཁྱིམ་མཚེས་རྒྱལ་ཁབ་གྲོང་ཁྱེར་ཁག་གཅིག་གི་ལམ་ཐག་ཐུང་བའི་རྒྱལ་སྤྱིའི་མཁའ་ལམ་ཡང་གཉེར་སྐྱོང་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴西天马航空
ཚོང་གཉེར་ཁྱབ་ཁོངས།
མཁའ་འགྲུལ།
ཕྱི་ཡིག་གི་མིང་།
TAM Airline
ཀུང་ཟིའི་རིགས་དབྱེ།
རྒྱལ་གཉེར།
སྤྱི་ཁྱབ་པུའུ།
པར་ཙིར་ཧྲེང་པའོ་ལུའོ།
བཙུགས་ལོ།
སྤྱི་ལོ1961ལོའི་ཟླ2པའི་ཚེས21ཉིན།
1 ​ངོ་སྤྲོད་མདོར་བསྡུས།

པར་ཙིར་ཐེན་མ་མཁའ་འགྲུལ་ཀུང་ཟི(ཕོར་ཐིའུ་ཀལ་གྱི་ཡི་གེརTAM Linhas Aereasདང་། པར་ཙིར་ཐ་མུའུ་མཁའ་འགྲུལ་ཀུང་ཟིའང་བསྒྱུར་ཡོད)ཐེན་མ་མཁའ་འགྲུལ་ཀུང་ཟི་ནི་པར་ཙིར་གྱི་མཁའ་འགྲུལ་ཀུང་ཟི་ཆེ་ཤོས་དེ་ཡིན་ཞིང་། གཙོ་བོ་ཧྲེང་པའོ་ལུའོ་ནས་པར་ཙིར་གྱི་གྲོང་ཁྱེར་གཙོ་བོ་ཁག་ལ་འགྲོ་འོང་བྱེད་པའི་རྒྱལ་ནང་གི་མཁའ་ལམ་གཉེར་སྐྱོང་བྱེད་པ་དང་། ཨ་གླིང་ལྷོ་མའི་ཁྱིམ་མཚེས་རྒྱལ་ཁབ་གྲོང་ཁྱེར་ཁག་གཅིག་གི་ལམ་ཐག་ཐུང་བའི་རྒྱལ་སྤྱིའི་མཁའ་ལམ་ཡང་གཉེར་སྐྱོང་བྱེད་པ་རེད། སྤྱི་ལོ1997ལོ་ནས་བཟུང་མཉམ་ལས་གྲོགས་པོ་དང་ཚབ་རྟགས་མཉམ་སྤྱོད་བྱེད་སྟངས་དང་། དེ་བཞིན་རྒྱང་སྦྲེལ་འགྲུལ་འཁོར་གསར་བ་ཉོས་ནས་ལམ་ཐག་འབྲིང་བ་དང་རིང་བའི་རྒྱལ་སྤྱིའི་མཁའ་ལམ་གཉེར་སྐྱོང་བྱེད་འགོ་ཚུགས་པར་མ་ཟད། རིམ་བཞིན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟི་ཞིག་ཏུ་གྱུར་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཐེན་མ་མཁའ་འགྲུལ་ཀུང་ཟི་ནི་སྤྱི་ལོ1961ལོའི་ཟླ2པའི་ཚེས21ཉིན་གསར་དུ་བཙུགས་པ་དང་། ཆེས་ཐོག་མར་ལོ་ན་གཞོན་པའི་མཁའ་ལམ་གླ་གཏོང་རླངས་འཁོར(air taxi)གྱི་ཁ་ལོ་བ་བཅུ་ཡིས་མཉམ་དུ་བཙུགས་པའི་ཀུང་ཟི་ཆུང་ཆུང་ཞིག་ཡིན། ཁོང་ཚོས་རང་ཉིད་ཀྱི་ཕ་ཡུལ་པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་ཡི་མཱ་རུའེ་ལི་ཡ་བརྟེན་ནས་ཀུང་ཟིའི་མིང་ལ་མཱ་རུའེ་ལི་ཡའི་མཁའ་ལམ་གླ་གཏོང་རླངས་འཁོར(Taxi Aereo Marilia,TAM)ཞེས་བཏགས་པ་རེད། 

སྤྱི་ལོ1964ལོར། ཞིང་རའི་བདག་པོ་ཨའོ་ལན་ཏུའོ་འོ་མེ་ཐོ་ཡིས་ཀུང་སི་དེའི50%མ་རྐང་ཉོས་ནས་རྒྱ་སྐྱེད་པའི་ཞིང་རའི་ཚོང་ལས་ལ་རྒྱབ་སྐྱོར་བྱས་པ་རེད། རིམ་གྱིས་ཀུང་ཟི་དེའི100%རྐང་དབང་བཟུང་བ་རེད།

སྤྱི་ལོ1979ལོར་སྔོན་ཆད་ཀུང་ཟིའི་གསར་འཛུགས་གྲས་ཀྱི་མི་སྣ་ཨ་མཱ་ལུའོ་ལ་ཀུང་ཟིའི་མ་རྐང་ཡོངས་རྫོགས་ཐོབ་པ་མ་ཟད། དེའི་རྗེས་ཀྱི་ལོ་བཅུའི་ནང་ཟླ་སྒྲིལ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། ཧྲེང་པའོ་ལུའོ་ཁུང་ཀེ་ནེ་སི་རྒྱལ་སྤྱིའི་གནམ་གྲུ་ཐང(Aeroporto Internacional de Congonhas CGH/SGSP)དེ་ལྟེ་བའི་གནམ་གྲུ་ཐང་དུ་གྱུར་པ་དང་། མཁའ་ལམ་དེ་པར་ཙིར་རྒྱལ་ཡོངས་ཀྱི་མཁའ་འགྲུལ་ཀུང་ཟིར་ཁྱབ་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།