དབྱིངས་བསྐྱོད་གནམ་གྲུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱིངས་བསྐྱོད་གནམ་གྲུ།
དབྱིངས་བསྐྱོད་གནམ་གྲུ་ནི་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་ལ། མཁའ་དབྱིངས་དང་ས་ངོས་བར་བརྒྱུད་པའི་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་ཤིག་ཡིན། གནམ་གྲུ་དང་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་གཉིས་ཀྱི་རང་བཞིན་མཉམ་འབྲེལ་བྱས་ཡོད། དེས་མེ་ཤུགས་འཕུར་མདའི་ཚབ་བྱས་ནས་མིས་བཟོས་འཁོར་སྐར་སོགས་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་མཁའ་དབྱིངས་སུ་སྐྱེལ་འདྲེན་བྱེད་ཐུབ་པ་དང་། མི་སྡོད་འཇིག་རྟེན་འཕུར་གྲུ་ལྟར་རྒྱུ་སྐར་འཁོར་ལམ་གྱི་སྟེང་དུ་འཁོར་སྐྱོད་བྱེད་ཐུབ་བོ། ། དབྱིངས་བསྐྱོད་གནམ་གྲུ་ཡིས་མིའི་རིགས་ལ་སྟབས་བདེ་ཆེན་པོ་བཟོས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
航天飞机
ཕྱི་ཡིག་གི་མིང་།
Space Shuttle
1 ​གྲུབ་ཆ།

དབྱིངས་བསྐྱོད་གནམ་གྲུ་ནི་གཙོ་བོ་རྒྱུ་སྐར་འཁོར་ལམ་འཕྲུལ་ཆས་དང་ཉར་ཚགས་སྒམ།  སྐུལ་འདེད་ཡོ་བྱད་སོགས་ཀྱིས་གྲུབ་པའི་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་ཀྱི་མ་ལག་ཡིན། 

(1)རྒྱུ་སྐར་འཁོར་ལམ་འཕྲུལ་ཆས།     རྒྱུ་སྐར་འཁོར་ལམ་འཕྲུལ་ཆས་ནི་དབྱིངས་བསྐྱོད་གནམ་གྲུའི་ལྟེ་བ་ཡིན་པ་དང་དབྱིངས་བསྐྱོད་གནམ་གྲུའི་མ་ལག་ཁྲོད་མི་སྐྱེལ་འདྲེན་བྱེད་པ་དང་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པ་གཅིག་པུ་ཡིན། 

(2)སྲ་གཟུགས་སྐུལ་འདེད་ཡོ་བྱད།     སྲ་གཟུགས་སྐུལ་འདེད་ཡོ་བྱད་ཀྱི་ནུས་པ་ནི་སྐུལ་འདེད་བྱེད་པ་དེ་ཡིན། 

(3)ཉར་ཚགས་སྒམ།    དབྱིངས་བསྐྱོད་གནམ་གྲུའི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོ་ནི་གཤེར་གཟུགས་ཅན་གྱི་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་ཡིན་པས།  དེ་ཐད་ཀར་དུ་དབྱིངས་བསྐྱོད་གནམ་གྲུའི་སྟེང་དུ་མི་འཇོག་པར།  དེའི་གམ་གྱི་ཉར་ཚགས་སྒམ་དུ་འཇོག་དགོས་སོ། །  འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་དབྱིངས་བསྐྱོད་གནམ་གྲུའི་རྒྱུ་སྐར་འཁོར་ལམ་འཕྲུལ་ཆས་ཀྱི་ལྗིད་ཚད་དང་རིང་ཐུང་སོགས་ཇེ་ཆུང་དུ་གཏོང་ཐུབ་པས་ཡིན། 

2 ཇུས་འགོད།

དབྱིངས་བསྐྱོད་གནམ་གྲུ་ནི་རླུང་ཁམས་ཆེན་པོའི་བང་རིམ་དང་མཁའ་དབྱིངས་བར་བརྒལ་བའི་བཅད་མཚམས་ལྟར་ཇུས་འགོད་བྱས་པའི་མེ་ཤུགས་འཕུར་མདའི་སྒུལ་ཤུགས་གནམ་གྲུ་ཞིག་ཡིན།  དེ་ནི་གཤོག་ལག་ཅན་དང་ཡང་བསྐྱར་བཀོལ་སྤྱོད་བྱས་ཆོག་པའི་འཇིག་རྟེན་འཕུར་བསྐྱོད་འཕྲུལ་ཆས་ཤིག་ཡིན།  དབྱིངས་བསྐྱོད་གནམ་གྲུ་ཡིས་མི་དང་དངོས་པོ་སྐྱེལ་འདྲེན་བྱེད་ཐུབ་པར་མ་ཟད།  ད་དུང་མཁའ་དབྱིངས་སུ་ཚན་རིག་ཞིབ་འཇུག་གི་བྱ་བའང་སྒྲུབ་ཆོག་པ་ཡིན། 

3 ཟིན་ཐོ།

སྤྱི་ལོ1981ནས་སྤྱི་ལོ1993ལོའི་ལོ་མཇུག་བར་དུ།  ཨ་རི་རྒྱལ་ཁབ་ཀྱིས་བསྡོམས་པས་དབྱིངས་བསྐྱོད་གནམ་གྲུ་ལྔ་ཐེངས79ལ་འཕུར་བསྐྱོད་བྱེད་དུ་བཅུག་པ་དང་།  དེའི་ནང་དུ་ཁོ་ལོམ་པི་ཡ་རྟགས་ཅན་གྱི་དབྱིངས་བསྐྱོད་གནམ་གྲུ་ཐེངས15ལ་འཕུར་བསྐྱོད་བྱས།  ཐེངས་རེར་མི་གཉིས་ནས་བརྒྱད་ཀྱི་བར་དང་འཕུར་བསྐྱོད་བྱེད་པའི་དུས་ཚོད་ནི་ཉིན2ནས14བར་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།