ཡོངས་འཛིན་རིག་མཛོད། >འཚོ་བ། >འགྲིམ་འགྲུལ། >མེ་འཁོར།

གཞུང་ལམ་མེ་འཁོར།

གཞུང་ལམ་མེ་འཁོར་ནི་གཞུང་ལམ་དུ་བགྲོད་སྐྱོད་བྱེད་པའི་མེ་འཁོར་ལ་ཟེར།

རིགས་དབྱེ།  

མེ་འཁོར།

མེ་འཁོར་ནི་མིའི་རིགས་ཀྱི་དེང་རབས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན། སྔོན་ཆད་དེ་ལ་རླངས་སྒུལ་མེ་འཁོར་ཟེར། དེ་ལ་རང་ཉིད་བགྲོད་སྐྱོད་བྱེད་སའི་ལྕགས་ལམ་ཡོད་པ་དང་དབྱེ་ན་ཟོང་སྐྱེལ་མེ་འཁོར་དང་མི་སྐྱེལ་འདྲེན་བྱེད་པའི་མེ་འཁོར་བཅས་རིགས་གཉིས་ཡོད། མེ་འཁོར་ནི་དོས་སྒམ་མང་པོ་ཞིག་གིས་གྲུབ་པ་ཡིན། སྔོན་ཆད་ཀྲུང་གོ་ཡིས་མེ་འཁོར་གྱི་དོས་སྒམ་ནི་ཚོས་མདོག་ལྗང་ཁུ་ཡིན།

རིགས་དབྱེ།  

འཁོར་ཐེངས།

འཁོར་ཐེངས་ནི་ཁ་ཕྱོགས་མི་གཅིག་པ་དང་རིགས་དབྱེ་མི་གཅིག་པ། ལམ་ཁག་མི་གཅིག་པ། དུས་ཚོད་མི་གཅིག་པའི་མེ་འཁོར་གྱི་རིགས་སོ་སོར་འབྱེད་བྱེད་ཀྱི་ཆེད་སྤྱོད་མཚོན་རྟགས་དེར་གོ་ཞིང་། མེ་འཁོར་གྱི་རྒྱ་ཡིག་གི་མིང་གི་སྒྲ་སྦྱོར་ཡི་གེ་ལས་ཆེས་ཐོག་མ་དང་ཨ་རབ་ཀྱི་ཨང་ཀིས་མཚོན་ལ། ཟོང་འདྲེན་མེ་འཁོར་གྱི་ཐེངས་གྲངས་ནི་ཨ་རབ་ཨང་ཀི་ཁོ་ནས་མཚོན།

རིགས་དབྱེ།  

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་འཁོར།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་འཁོར་ནི་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་གྱི་རིག་ནུས་བསྐྱར་དར་རྟགས་ཅན་གྱི་གཉེར་སྐྱོང་ཉམས་མྱོང་དང་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཆེད་མངགས་གཏན་འཁེལ་བྱས་པའི་མེ་འཁོར་ཞིག་ཡིན། སྤྱི་ལོ2022ལོའི་ཟླ1པོའི་ཚེས6ཉིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་འཁོར་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ཐོག་མངོན་པ་རེད།

རིགས་དབྱེ།  

ས་འོག་ལྕགས་ལམ་གྱི་བྱང་སྐར་སྤུན་བདུན་གནས་ཐིག་གཏན་འཁེལ་མ་ལག

ས་འོག་ལྕགས་ལམ་གྱི་བྱང་སྐར་སྤུན་བདུན་གནས་ཐིག་གཏན་འཁེལ་མ་ལག་གིས་རྩ་གསུམ་ལངས་གཟུགས་ཕྱོགས་སྟོན་བརྒྱུད་ས་འོག་ལྕགས་ལམ་ས་ཚིགས་ནང་གི་རྙོག་འཛིང་ཆེ་བའི་བར་མཐོངས་ཀྱི་ཕྱོགས་སྟོན་ངེས་གནས་མངོན་འགྱུར་བྱས་ཏེ། གནས་ཐིག་གཏན་འཁེལ་དང་ཕྱོགས་སྟོན། དུས་ཚོད་ལྟར་གྱི་ཞབས་ཞུ་བཅས་མཁོ་འདོན་བྱེད་བཞིན་ཡོད།

རིགས་དབྱེ།