མྱུར་བགྲོད་གཞུང་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མྱུར་བགྲོད་གཞུང་ལམ།
མྱུར་བགྲོད་གཞུང་ལམ་ནི་ཚད་རིམ་མཐོ་བའི་གཞུང་ལམ་གྱི་ཁོངས་སུ་གཏོགས་པ་དང་། ཉིན་མཚན་མེད་པར་འགྲིམ་འགྲུལ་གྱི་ཚད་རླངས་འཁོར25000ཡན་དང་དུས་ཚོད་གཅིག་ལ་སྤྱི་ལེ120དང་ཡང་ན་དེའི་ཡན་གྱི་མགྱོགས་ཚད་ཡོད་པ། ལམ་ངོས་སུ་འཁོར་ལམ་བཞིའི་ཡན་གྱི་ཞེང་ཚད་ཡོད་པ་ཞིག་ཡིན། མྱུར་བགྲོད་གཞུང་ལམ་གྱི་ཐོག་ཏུ་ཅུང་ཆ་ཚང་ཡིན་པའི་འགྲིམ་འགྲུལ་མཚོན་རྟགས་ཡོད་དགོས་པ་དང་། མི་དང་འཕྲུལ་སྒུལ་འཁོར་ལོ་མ་ཡིན་པའི་རླངས་འཁོར་མྱུར་བགྲོད་གཞུང་ལམ་ཐོག་ཏུ་འགྲོ་བར་བཀག་འགོག་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高速公路
ཕྱི་ཡིག་གི་མིང་།
expressway
ངོ་བོ།
ཚད་རིམ་མཐོན་པོའི་གཞུང་ལམ།
སྤྱོད་ཡུལ།
འཕྲུལ་སྒུལ་རླངས་འཁོར་སྤྱོད་པར་བྱེད་པ།
ཚད་བཀག
60-120km/h
1 ​ལེགས་ཆ་དང་སྐྱོན་ཆ།

ལེགས་ཆ།

གཅིག     མགྱོགས་ཚད་ཧ་ཅང་མྱུར་བ།  མྱུར་བགྲོད་གཞུང་ལམ་གྱི་ཆ་སྙོམས་ཀྱི་མྱུར་ཚད་ནི80 km/h ཡིན་པ་དང་།  ཆེས་མགྱོགས་པའི་སྐབས་སུ120 km/h ལ་སླེབས་སྲིད།  སྤྱིར་བཏང་གི་གཞུང་ལམ་དང་བསྡུར་ན60%~70%ཡིས་མགྱོགས་པ་ཡིན།  

གཉིས།    མྱུར་བགྲོད་གཞུང་ལམ་ལ་འཁོར་ལམ་མང་བ་དང་ལམ་ངོས་ཆེ་བ།  ཤར་བགྲོད་བྱེད་པའི་ནུས་པ་ཆེ་བ།  མྱུར་བགྲོད་གཞུང་ལམ་གྱིས་སྐྱེལ་འདྲེན་བྱེད་པའི་ཚད་ནི་སྤྱིར་བཏང་གི་གཞུང་ལམ་ལས་ལྡབ་བཅུ་ཡས་མས་ཀྱིས་མཐོ་བ་ཡིན། 

གསུམ།  བདེ་འཇགས་ཡིན་པ། 

བཞི།    ཚད་ལྡན་ཡིན་པའི་མྱུར་བགྲོད་གཞུང་ལམ་གྱིས་རླངས་འཁོར་སོགས་ཀྱི་མ་གནས་ཇེ་དམའ་རུ་བཏང་བ་མ་ཟད།  ནུས་ཁུངས་ཟད་གྲོན་བྱེད་པར་ཇེ་ཉུང་དུ་བཏང་བའོ། །

སྐྱོན་ཆ།

གཅིག    ས་བཟུང་བ་མང་བ་དང་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ།

གཉིས།    མ་དངུལ་འབོར་ཆེན་གཏོང་དགོས་པ་དང་འགྲོ་གྲོན་ཆེ་བ།

གསུམ།     ལས་ཡུན་རིང་བ།

2 ཁྱད་ཆོས།

མྱུར་བགྲོད་གཞུང་ལམ་གྱིས་རླངས་འཁོར་གྱི་མྱུར་ཚད་ཇུས་འགོད་བྱེད་པ་ལྟར།  ཀྲུང་གོ་རུ་སའི་དབྱིབས་ཀྱི་ཁྱད་པར་དང་བསྟུན་ནས80  100   120 km/h སོགས་རིམ་པ་གསུམ་དུ་དབྱེ་ཡོད།  གྲོང་ཁྱེར་བརྒྱུད་པ་ན་མང་ཆེ་བ་ནི60-80 km/h རིམ་པ་གཉིས་ཡོད།  མྱུར་བགྲོད་གཞུང་ལམ་མང་ཆེ་བ་ནི་འཁོར་ལམ་བཞི་ནས་བརྒྱད་ཀྱི་བར་ཡིན།  གྲོང་ཁྱེར་ནང་དུ་འཁོར་ལམ་བརྒྱད་ནས་བཅུ་གཉིས་བར་ཡིན།  ཧ་ཅང་མགྱོགས་པར་མ་ཟད་བདེ་འཇགས་ཀྱང་ཡིན་ནོ། །

3 ནུས་པ།

མྱུར་བགྲོད་གཞུང་ལམ་ལ་སྐྱེལ་འདྲེན་བྱེད་པའི་མགྱོགས་ཚད་ཀྱི་ཐད་ནས་ཇེ་མཐོར་སོང་ཡོད་པར་མ་ཟད།  ནུས་ཁུངས་ཟད་གྲོན་ཡང་ཇེ་དམའ་རུ་བཏང་ཡོད།  རླངས་འཁོར་སོགས་ཀྱི་མ་གནས་ཀྱང་ཇེ་དམའ་རུ་སོང་ཡོད་པ་དང་། སྤྱིར་བཏང་གི་གཞུང་ལམ་དང་བསྡུར་ན་ཧ་ཅང་བདེ་འཇགས་ཡིན་པ།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།