ཁཱ་ཏིན་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁཱ་ཏིན་རླངས་འཁོར།
ཁཱ་ཏིན་རླངས་འཁོར་ནི་དབྱིན་ཡིག་གིKARTINGཡི་སྒྲ་སྒྱུར་ལས་བྱུང་ཞིང་། དེའི་དོན་ནི་ལུས་རྩལ་རླངས་འཁོར་ཆུང་ངུའི་རིགས་ཀྱི་དོན་ཡིན་ཞིང་། ཁཱ་ཏིན་རླངས་འཁོར་ནི་སྤྱི་ལོ1940ལོར་ཡོ་རོབ་གླིང་ཤར་མར་བྱུང་བ་དང་། དུས་རབས20བའི་ལོ་རབས50པའི་དུས་མཇུག་ཏུ་ད་གཟོད་ཡོ་རོབ་དང་ཨ་མེ་རི་ཁ་གླིང་དུ་ཁྱབ་གདལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་རེད། དེའི་གྲུབ་ཚུལ་ཧ་ཅང་སྟབས་བདེ་ཡིན་ཏེ། འཁོར་སྒྲོམ་ཞིག་དང་རྒྱུག་རིམ་གཉིས་ཅན་གྱི་སྒུལ་བྱེད་འཕྲུལ་འཁོར་ཞིག རང་ཚུགས་བཞི་ཡིས་ཁཱ་ཏིན་རླངས་འཁོར་ཡོངས་རྫོགས་གྲུབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卡丁车运动
བྱུང་དུས།
སྤྱི་ལོ1940ལོར།
ཕྱི་ཡིག་གི་མིང་།
Karting Sport
1 ​ངོ་སྤྲོད་མདོར་བསྡུས།

ཁཱ་ཏིན་རླངས་འཁོར་ནི་དབྱིན་ཡིག་གིKARTINGཡི་སྒྲ་སྒྱུར་ལས་བྱུང་ཞིང་། དེའི་དོན་ནི་ལུས་རྩལ་རླངས་འཁོར་ཆུང་ངུའི་རིགས་ཀྱི་དོན་ཡིན་ཞིང་།  ཁཱ་ཏིན་རླངས་འཁོར་ནི་སྤྱི་ལོ1940ལོར་ཡོ་རོབ་གླིང་ཤར་མར་བྱུང་བ་དང་། དུས་རབས20བའི་ལོ་རབས50པའི་དུས་མཇུག་ཏུ་ད་གཟོད་ཡོ་རོབ་དང་ཨ་མེ་རི་ཁ་གླིང་དུ་ཁྱབ་གདལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་རེད། དེའི་གྲུབ་ཚུལ་ཧ་ཅང་སྟབས་བདེ་ཡིན་ཏེ། འཁོར་སྒྲོམ་ཞིག་དང་རྒྱུག་རིམ་གཉིས་ཅན་གྱི་སྒུལ་བྱེད་འཕྲུལ་འཁོར་ཞིག རང་ཚུགས་བཞི་ཡིས་ཁཱ་ཏིན་རླངས་འཁོར་ཡོངས་རྫོགས་གྲུབ་པ་རེད། དེར་ཁ་ལོ་བསྒྱུར་སླ་ཞིང་བདེ་འཇགས་ཡིན་ལ་ཟུག་གཟེར་སློང་སླ་བའི་ཁྱད་ཆོས་ལྡན་པས། མྱུར་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཁྱབ་ཅིང་། ལོ་དེར་རྒྱལ་སྤྱིའི་རླངས་འཁོར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པ་ལའེ་སི་ཐེ་ཡིས་རྒྱལ་སྤྱིའི་རླངས་འཁོར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁཱ་ཏིན་རླངས་འཁོར་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྗེས་སུ་འཛམ་གླིང་ཁཱ་ཏིན་རླངས་འཁོར་མཉམ་འབྲེལ་ལྷན་ཚོགས་ཞེས་པར་མིང་བསྒྱུར། 

2 འབྱུང་ཁུངས།

ཁཱ་ཏིན་རླངས་འཁོར་ནི་དུས་རབས20པའི་ལོ་རབས50པའི་མཇུག་གི་ཨ་རིར་ཐོག་མར་བྱུང་ཞིང་།  ཁཱ་ཏིན་རླངས་འཁོར་ལ་རིམ་མེད་འགྲོས་འགྱུར་དང་གདང་རིམ་རིགས་གཉིས་སུ་དབྱེ་ཡོད་པར་མ་ཟད། ད་དུང་ཁྱབ་བརྡལ་གྱི་རིགས་དང་འགྲན་བསྡུར་གྱི་རིགས་གཉིས་སུ་དབྱེ་ཡོད། དེའང་ཁྱབ་བརྡལ་རིགས་ཀྱི་རླངས་འཁོར་གྱི་འགྲོས་ཚད་ནི་ཆུ་ཚོད་རེར་སྤྱི་ལེ80དང་། འགྲན་བསྡུར་རིགས་ཀྱི་ཁཱ་ཏིན་རླངས་འཁོར་གྱི་འགྲོས་ཚད་ནི་ཆུ་ཚོད་རེར་སྤྱི་ལེ130ཡིན། དེའི་མཐིལ་ཧ་ཅང་དམའ་བའི(ས་ངོས་དང་བར་ཐག་ལི་སྨི4ལས་མེད)རྐྱེན་གྱིས་ཁ་ལོ་བས་ཚོར་ཐུབ་པའི་བལྟོས་བཅས་ཀྱི་མྱུར་ཚད་དེ་མྱུར་ཚད་དངོས་ལས་ལྡབ་2ནས3གྱིས་མཐོ་བ་རེད། གསལ་བོར་བཤད་ན། ཚོར་བ་ནི་ཆུ་ཚོད་རེར་སྤྱི་ལེ300ཡིན་པ་དང་། ལྷག་པར་དུ་དཀྱོག་ལམ་དུ་ལྡབ3ནས4བར་གྱི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་ནས་རླངས་འཁོར་ཁ་ལོ་བས་སྤྱིར་བཏང་གི་འགྲན་བྱེད་རླངས་འཁོར་གྱི་སྤྲོ་སྣང་ཉམས་སུ་མྱོང་ཐུབ་པ་རེད།

ཏག་ཏག་ཁཱ་ཏིན་རླངས་འཁོར་ལ་གྲུབ་ཚུལ་སྟབས་བདེ་དང་། བདེ་འཇགས་རང་བཞིན་མཐོ་ལ་མྱུར་ཚད་འགྲན་བསྡུར་གྱི་ཁྱད་ཆོས་དང་མཐུན་པས། ཡོ་རོབ་དང་འཇར་པན་སོགས་རྒྱལ་ཁབ་ཏུ་ཧ་ཅང་ཁྱབ་གདལ་དང་དར་ཁྱབ་ཆེ་བ་དང་། འཛམ་གླིང་ཐོག་གི་མིང་དུ་གྲགས་པའིF1རླངས་འཁོར་སྐོར་མཁན་མང་ཆེ་བ་ནི་ཁཱ་ཏིན་རླངས་འཁོར་བསྐོར་བ་ནས་འགོ་བརྩམས་པ་ཡིན། 

3 གཞི་རྩའི་ཁྱད་ཆོས།      

རྒྱལ་སྤྱིའི་ཁཱ་ཏིན་རླངས་འཁོར་ཨུ་ཡོན་ལྷན་ཁང(CIK)གིས་ཁྱབ་བསྒྲགས་བྱས་པའི་ལག་རྩལ་སྒྲིག་སྲོལ་གྱི་གཏན་འབེབས་ལྟར།  ཁཱ་ཏིན་རླངས་འཁོར་ཞེས་པ་ནི་རླངས་སྣུམ་འཕྲུལ་འཁོར་ཆུང་གྲས་སམ་གློག་སྒུལ་འཕྲུལ་འཁོར་སྒུལ་ཤུགས་སུ་གཏོགས་པ་དང་། རླངས་སྣོན་འཁོར་ལོ་ཆེ་ཤོས་བེད་སྤྱོད་དང་ས་ངོས་ཀྱི་སྤྱིའི་མཐོ་ཚད་ཧའོ་སྨི650ལས་དམའ་བ(མགོ་སྔས་ཚུད་མེད)དང་། འཁོར་ལོ་སྔ་མ་ཁྲིད་ཕྱོགས་དང་གཞུག་འཁོར་སྐུལ་འདེད། འགྲོས་ཁྱད་མེད་པའི་སྒྲིག་ཆས་དང་ཡོམ་གཡོལ་གྲུབ་ཆ་ལྡན་པ། འཁོར་བཞི་ཡུན་རིང་པོར་ས་ངོས་དང་འཕྲད་པར་མ་ཟད། མིས་ཁ་ལོ་བསྒྱུར་བའི་འདུག་སྟེགས་རྐྱང་བའི་འགྲན་འཁོར་ཆུང་གྲས་ཡིན། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། རླངས་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-03

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།