མིང་ཅའོ་རླངས་འཁོར།

མིང་ཅའོ(MG)རླངས་འཁོར་ནི་མ་གཞི་དབྱིན་ཇིའིMorrisརླངས་འཁོར་ཚོང་ཚབ་པ་ཞིག་ཡིན་པ་དང་། རྗེས་སུ་རང་ཉིད་ཀྱིས་གསར་གཏོད་བྱས་པའི་མངག་བཟོའི་རླངས་འཁོར་བཟོས་ནས་སྒོ་གཉིས་གཡབ་མེད་རླངས་འཁོར་གྱིས་རླངས་འཁོར་ལས་རིགས་སུ་སྐད་གྲགས་ཆོད་པ་དང་། ད་ལྟར་ནན་ཅིན་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་ཟིའི་ཁོངས་གཏོགས་ཀྱི་རླངས་འཁོར་སྤུས་རྟགས་སུ་གྱུར་ཡོད། སྤྱི་ལོ2007ལོའི་ཟླ4པར་ཧྲང་ཧའེ་རླངས་འཁོར་ཚོགས་པས་ནན་ཅིང་རླངས་འཁོར་ཚོགས་པ་ཕྱོགས་ཡོངས་ནས་ཉོ་སྒྲུབ་བྱས་པསMGརླངས་འཁོར་སྤུས་རྟགས་ཀྱི་སྦྱིན་བདག་གསར་པར་གྱུར་ཞིང་། ཐོན་རྫས་གསར་བ་ཐོན་སྐྱེད་བྱས་པ་དེ་དག་ཀྲུང་གོའི་རྒྱལ་ནང་དང་རྒྱལ་སྤྱིར་དུས་གཅིག་ཏུ་ཕྱིར་ཚོང་བྱས་པ་དང་། ཀྲུང་གོའི་ཁྲོམ་རའི་རྟེན་གཞི་ནན་ཅིང་དུ་བཙུགས་ཡོད་ལ། རྒྱལ་སྤྱིའི་ཁྲོམ་རའི་རྟེན་གཞི་དབྱིན་ཇིར་ཡོད།
MGཡི་ཡབ་ཆེན་ནི་ཝེ་ལེན་མོ་ལི་ཟི་ཟེར་བ་དེ་ཡིན་ཞིང་། དབྱིན་པང4ལ་བརྟེན་ནས་དབྱིན་ཇིའི་ཝུའུ་ཟི་ཐེ་ཡི་རྐང་འཁོར་ཞིག་གསོ་ཁང་འཛུགས་མཁན་འདིས་སྤྱི་ལོ1910ལོར་མོ་ལི་ཟི་རླངས་འཁོར་འཇོག་ཁང་བཙུགས། བསྡུས་མིང་ལMGཟེར། ལོ་བཅུའི་རྗེས་སུ་ཁོས་རླངས་འཁོར་བརྒྱུད་འཚོང་ནས་བཟོ་སྐྲུན་དང་ཞིབ་འཇུག་གསར་སྤེལ་དུ་བསྒྱུར། སྤྱི་ལོ1920ལོར་མོ་ལི་ཟི་རླངས་འཁོར་དང་པོ་གྲོང་རྡལ་ཆུང་ངུ་སྟེ། ཁའོ་ལི་ནས་བཟོས་པ་དང་དེ་ནས་བཟུངMGཡི་འོད་སྟོང་འབར་བའི་རླངས་འཁོར་ཞིབ་འཇུག་གསར་སྤེལ་གྱི་ལམ་ཁ་བཏོད།
སའེ་ཞིར་ཅིན་པོ་ཡིས་སྤྱི་ལོ1923ལོར་མོ་ལི་སི་ཀུང་ཟི་བཟུང་རྗེསMGདེ་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་རླངས་འཁོར་གྱི་མིང་དང་པོར་བརྩིས་པ་མ་ཟད། མིང་གྲགས་ཅན་གྱི་ཟུར་བརྒྱད་སྤུས་རྟགས་དེ་དེའི་མཚོན་རྟགས་ཀྱི་ཁྱད་ཆོས་སུ་བརྩི་གི་ཡོད། MGརྟགས་ཅན་གྱི་གསར་གཏོད་པ་ཞིག་ཡིན་པའི་ཆ་ནས།
སྤྱི་ལོ2005ལོའི་ཟླ7པའི་ཚེས22ཉིན་ནན་ཅིང་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་ཟིས་དབྱིན་ཇིའིMGལུའོ་ཕུའུ་རླངས་འཁོར་ཀུང་ཟི་དང་དེའི་སྒུལ་བྱེད་འཕྲུལ་འཁོར་ཐོན་སྐྱེད་ཡན་ལག་པུའུ་རྒྱལ་ཁའི་ངང་ཉོ་སྒྲུབ་བྱས་ཏེ། ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་རླངས་འཁོར་གྲགས་ཅན་གྱི་ཁེ་ལས་ཉོ་སྒྲུབ་བྱེད་པའི་སྔོན་དཔེ་བཏོད་ཅིང་། རྣམ་གྲངས་དེ་སྤྱི་ལོ2006ལོའི་ཟླ3པའི་ཚེས10ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཐོ་འགོད་གྲོས་འཆམ་བྱུང་།
སྤྱི་ལོ2006ལོརMGཀྲུང་གོའི་ནན་ཅིང་རླངས་འཁོར་ཀུང་ཟིར་བསྐྱོད་དེ། ངོ་མཚར་ཆེ་བའི་ཤར་ཕྱོགས་སུ་སླེབས་ཡོད། སྤྱི་ལོ2007ལོའི་ཟླ4པར་ཧྲང་ཧའེ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་ཟིས་ཉོ་སྒྲུབ་བྱས།
སྤྱི་ལོ2007ལོའི་ཟླ4པར་ཧྲང་ཧའེ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་ཟིས(ཧྲང་ཧའེ་རླངས་འཁོར་ཚོགས་པ)ཡིས་ནན་ཅིང་རླངས་འཁོར་ཚོགས་པ་ཕྱོགས་ཡོངས་ནས་ཉོ་སྒྲུབ་བྱས་པསMGསྤུས་རྟགས་ཀྱི་བདག་པོ་གསར་པར་གྱུར་ཡོད། མིང་ཅའོ་རླངས་འཁོར་གྱིས་རིམ་བཞིནMG7རིགས་དངMG5རིགས། MG3རིགས། MGFརྒྱུག་འཁོར་དངMG6རིགས་སོགས་མུ་འབྲེལ་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཐོན་རྫས་དེ་དག་ཀྲུང་གོའི་རྒྱལ་ནང་དང་རྒྱལ་སྤྱིར་དུས་གཅིག་ཏུ་ཕྱིར་ཚོང་བྱེད་བཞིན་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2021-03-29
གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།