ཞུའེ་ཐིའེ་ལུང་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞུའེ་ཐིའེ་ལུང་རླངས་འཁོར།
ཞུའེ་ཐིའེ་ལུང་ནི་ཨན་ཏུ་ལའེ་ཞུའེ་ཐིའེ་ལུང་གིས་གསར་གཏོད་བྱས་པ་དང་། སྤྱི་ལོ1878ལོར་ཧྥ་རན་སེའི་ཕ་རི་སི་རུ་སྐྱེས་སྐབས་ཁོང་གི་ནང་མི་ཚོས་ལོ་བཅུ་ཕྲག་ཁ་ཤས་སོང་རྗེས། ཁོང་གིས་གསར་གཏོད་བྱས་པའི་ཞུའེ་ཐིའེ་ལུང་རླངས་འཁོར་སྤུས་རྟགས་ཀྱིས་ཁྱིམ་རྒྱུད་ཀྱི་མཚན་སྙན་འཛམ་གླིང་ཡོངས་ལ་ཁྱབ་དུ་འཇུག་ཐུབ་པ་སུས་ཀྱང་ཡིད་ལ་དྲན་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雪铁龙
ཁོངས་གཏོགས་ཀུང་ཟི
ཞུའེ་ཐིའེ་ལུང་རླངས་འཁོར་ཀུང་ཟི
ཕྱི་ཡིག་གི་མིང་།
Citroen
བཙུགས་ལོ།
སྤྱི་ལོ1919ལོར།
སྤྱི་ཁྱབ་པུའུ།
ཧྥ་རན་སི།
གསར་གཏོད་པ།
ཨན་ཏུ་ལའེ་ཞུའེ་ཐིའེ་ལུང་།
ཚོང་གཉེར་ཁྱབ་ཁོངས།
ཚད་རིམ་འབྲིང་གྲས་ཀྱི་རླངས་འཁོར་ཐོན་སྐྱེད།
1 ངོ་སྤྲོད་མདོར་བསྡུས། 

ཞུའེ་ཐིའེ་ལུང་ནི་ཨན་ཏུ་ལའེ་ཞུའེ་ཐིའེ་ལུང་གིས་གསར་གཏོད་བྱས་པ་དང་། སྤྱི་ལོ1878ལོར་ཧྥ་རན་སེའི་ཕ་རི་སི་རུ་སྐྱེས་སྐབས་ཁོང་གི་ནང་མི་ཚོས་ལོ་བཅུ་ཕྲག་ཁ་ཤས་སོང་རྗེས། ཁོང་གིས་གསར་གཏོད་བྱས་པའི་ཞུའེ་ཐིའེ་ལུང་རླངས་འཁོར་སྤུས་རྟགས་ཀྱིས་ཁྱིམ་རྒྱུད་ཀྱི་མཚན་སྙན་འཛམ་གླིང་ཡོངས་ལ་ཁྱབ་དུ་འཇུག་ཐུབ་པ་སུས་ཀྱང་ཡིད་ལ་དྲན་མེད།

2 སྤྱིའི་འཕེལ་རྒྱས།

སྤྱི་ལོ1912ལོར་ཨན་ཏུ་ལའེ་ཡིས“Vདབྱིབས་སོ་འཁོར་བཟོ་གྲྭ”བཙུགས་ཤིང་། སྐབས་དེར་ཁོས་གཅུས་གཟེར་ཟུང་གི་སོ་འཁོར་སྐོར་ཞིག་ཐོན་སྐྱེད་བྱས།

འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ་ཨན་ཏུ་ལའེ་ཡིས་སྒྱོགས་དམག་གི་རུ་དཔོན་གྱི་འའགན་བཞེས། ཁོས་རྫས་མདེལ་མི་འདང་བ་ཤེས་དུས། རང་འགུལ་གྱིས་བཟོ་གྲྭ་བཙུགས་ནས་ཐོན་སྐྱེད་བྱེད་པའི་བསམ་འཆར་བཏོན་པ་དང་། གནས་འདིར་ད་གཟོད་ཁོང་གི་རྩ་འཛུགས་དོ་དམ་གྱི་ནུས་པ་ཆེན་པོ་མངོན་ཐུབ་ཅིང་། ཉིན་རེའི་མདེལ་རྫས་ཐོན་སྐྱེད་ལ་ཁྲི་5ལྷག་གི་ཟིན་ཐོ་བཀོད་པར་མ་ཟད། རྩ་འཛུགས་བྱས་པ་ཤིན་ཏུ་བཟང་བ་དང་བུད་མེད་རྣམས་ཀྱང་ལས་ཀར་ཞུགས་སུ་བཅུག་སྟེ། སྐྱེས་པ་མང་བ་ཞིག་དམག་ནང་ཞུགས་ཐུབ་བྱུང་། 

དམག་འཁྲུག་མཇུག་འགྲིལ་རྗེས་ལུའུ་ལུའུ་ཡིས་དུས་དཔགས་བབ་བསྟུན་གྱིས་ཧེང་ལི་ཧྥུའུ་ཐེ་ཁྱིམ་དུ་རླངས་འཁོར་གྱི་མ་འོངས་པའི་ཚོང་ར་མཐོང་སྟེ། སྤྱི་ལོ1919ལོར་རང་ཉིད་ཀྱི་མིང་བཀོལ་ནས་བཏགས་པའི་རླངས་འཁོར་བཟོ་གྲྭ“CITROEN”བསྐྲུན་པ་དེ་ནི་སྔོན་ཆད་ཀྱི་སོ་འཁོར་བཟོ་གྲྭར་དྲན་གསོ་ཞུ་ཆེད་ཡིན། ཨན་ཏུ་ལའེ་ཡིས་ཞུའེ་ཐིའེ་ལུང་ཞེས་པའི་སྤུས་རྟགས་དེ་གསར་གཏོད་བྱས་ནས། ཉིན་རེར་རླངས་འཁོར་སྟོང་ཕྲག་རེ་ཐོན་སྐྱེད་བྱེད་པའི་ཆུ་ཚད་དུ་སླེབས་ཤིང་། ཁྱིམ་ཚང་ཕལ་ཆེ་བར་དཔལ་འབྱོར་གྲོན་ཆུང་དང་སྐྱིད་སྣང་དོད་པའི་རླངས་འཁོར་ཆུང་གྲས་བསྐོར་དུ་འཇུག་རྒྱུའི་ཕུགས་བསམ་བཅངས་ཡོད། དེ་ལྟར་ཁོང་གིས་བློ་ཐག་ཆོད་པོས་ཧུར་བརྩོན་བྱས་མཐར་རང་ཉིད་ཀྱི་རླངས་འཁོར་ཐོན་ལས་གཉེར་འགོ་ཚུགས། 

3 དོན་ཆེན་ཟིན་ཐོ།

སྤྱི་ལོ1919ལོར། ཞེུ་ཐིའེ་ལུང་གིསType Aརྟགས་ཅན་གྱི་རླངས་འཁོར་ཚོང་རར་བཏོན་ཞིང་། དེ་ནི་ཡོ་རོབ་ཏུ་ཐོན་སྐྱེད་འབོར་ཚད་ཆེས་ཆེ་བ་དང་རླངས་འཁོར་ཆ་ཚང་ཕྱིར་ཚོང་བྱས་པའི་རླངས་འཁོར་ཐོག་མ་དེ་ཡིན་ལ། ཡང་ཆེད་དུ་མང་ཚོགས་ལ་དམིགས་ཏེ་ཞིབ་འཇུག་དང་བཟོ་སྐྲུན་བྱས་པའི་རླངས་འཁོར་དང་པོ་དེའང་ཡིན།

སྤྱི་ལོ1923ལོར་ཞུའེ་ཐིའེ་ལུང་ལྕགས་ཐག་ཅན་གྱི་རླངས་འཁོར་ས་ཧ་ལ་བྱེ་ཐང་ནས་བདེ་བླག་ངང་བརྒལ།

སྤྱི་ལོ1924ལོར་ཞུའེ་ཐིའེ་ལུང་གིས་ཨན་ཏུ་ལའེ་ཞུའེ་ཐིའེ་ལུང་གིས་ཞའེ་ཐིའེ་ལུང་ཚད་ཡོད་ཀུང་ཟི་བཙུགས་ནས་ཆེད་དུ་རླངས་འཁོར་ཐོན་སྐྱེད་བྱས།

སྤྱི་ལོ1925ལོར་ཞུའེ་ཐིའེ་ལུང་གིས་ཧྥ་རན་སེ་རུ་ཕྱིར་ཚོང་དྲ་བ་གསོ་སྐྱོང་དང་འཕེལ་རྒྱས་བཏང་ཞིང་། རིམ་པ་གཉིས་པའི་ཚོང་ཚབ་པ་ཡི་གྲངས་འབོར་སྤྱི་ལོ1919ལོའི200ནས་སྤྱི་ལོ1925ལོའི5000ལ་འཕར་བ་རེད།

སྤྱི་ལོ1933ལོའི་ལོ་སྟོད་དུ་ཧྥ་རན་སེའི་གཞུང་ལམ་ཐོག་སྐྱོད་པའི་ཚོང་སྤྱོད་རླངས་འཁོར40%ནི་ཞུའེ་ཐིའེ་ལུང་རྟགས་ཅན་གྱི་རླངས་འཁོར་ཡིན།

སྤྱི་ལོ1934ལོར་ཞུའེ་ཐིའེ་ལུང7Aཞེས་པ་ཚོང་རར་ཐོན་ཞིང་། འདི་ནི་ཆེས་ཐོག་མའི་མདུན་འཁོར་འདེད་སྐུལ་རླངས་འཁོར་ཡིན་པ་དང་། དེས་བློ་སྤོབས་ཆེན་པོའི་ལག་རྩལ་ལ་བརྟེན་ནས་རླངས་འཁོར་ལས་རིགས་ཧྲིལ་པོར་ཤུགས་རྐྱེན་ཐེབས།

སྤྱི་ལོ1935ལོར་ཨན་ཏུ་ལའེ་ཞུའེ་ཐིའེ་ལུང་ལ་སྐྲན་ནད་ཕོག་སྟེ་ཚེ་ལས་འདས།

སྤྱི་ལོ1978ལོར་པའོ་ཀྲི་ཀུང་ཟིས་ཞུའེ་ཐིའེ་ལུང་གི་མ་རྐང89.5%ཉོས་པ་དང་འབྲེལPSAཡི་མ་རྐང་ཚོད་འཛིན་ཀུང་སི་བཙུགས་ནས་ཞུའེ་ཐིའེ་ལུང་དང་མཚོན་རྟགས་ཟླ་སྒྲིལ་བཏང་།

སྤྱི་ལོ1982ལོར་ཞུའེ་ཐིའེ་ལུང་གིས་ཀོང་ཀྲོའུ་མགྲོན་ཁང་དུCXརྟགས་ཅན་གྱི་རླངས་འཁོར150བཞག་ནས་ཀྲུང་གོའི་ཁྲོམ་རར་ཞུགས་འགོ་ཚུགས།

སྤྱི་ལོ1992ལོའི་ཟླ5བའི་ཚེས18ཉིན། ཀྲུང་གོའི་ཏུང་ཧྥེང་རླངས་འཁོར་ཀུང་ཟི་དང་ཧྥ་རན་སིའི་ཞུའེ་ཐིའེ་ལུང་ཀུང་ཟི་གཉིས་ཀྱིས་མ་རྩ་མཉམ་བཞག་གིས་ཧྲིན་ལུང་རླངས་འཁོར་ཚད་ཡོད་ཀུང་ཟི་བཙུགས། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། རླངས་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།