ཅིན་པེ་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་པེ་རླངས་འཁོར།
ཧྭ་ཁྲེན་ཅིན་པེ་རླངས་འཁོར་ཚད་ཡོད་ཀུང་ཟིའི་དེ་སྔའི་མིང་ལ་ཧྲེན་དབྱང་ཅིན་པེ་འགྲུལ་སྐྱེལ་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་ཟི་ཟེར་པ་དང་། སྤྱི་ལོ2003ལོའི་ཟླ་དང་པོར་དངོས་སུ་མིང་འདིར་བསྒྱུར་ཞིང་ཧྭ་ཁྲེན་ཀྲུང་གོ་རླངས་འཁོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་གཙོ་ཆེ་བའི་ཐོན་སྐྱེད་ཁེ་ལས་ཤིག་རེད། ཧྲེན་དབྱང་ཅིན་པེ་འགྲུལ་སྐྱེལ་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་ཟི་ནི་ཧྭ་ཁྲེན་ཀྲུང་གོ་རླངས་འཁོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི་དང་ཧྲེན་དབྱང་ཅིན་པེ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མ་དངུལ་བཏང་ནས་བཙུགས་པའི་མ་རྩ་མཉམ་འཇོག་གི་ཁེ་ལས་ཞིག་ཡིན་ཞིང་། སྤྱི་ལོ1991ལོའི་ཟླ7པའི་ཚེས22ཉིན་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金杯汽车股份有限公司
ཕྱི་ཡིག་གི་མིང་།
SHENYANG JINBEI AUTOMOTIVE CO.,LTD
ཚོང་གཉེར་ཁྱབ་ཁོངས།
རླངས་འཁོར་དང་ལྷུ་ལག་གསར་བཟོ་དང་ཕྱིར་འཚོང་།
ཀུང་ཟིའི་རིགས།
མ་རྐང་ལམ་ལུགས།
ལས་བཟོ་བ།
ཁྲི13676
སྤྱི་ཁྱབ་པུའུ།
ཧྲེན་དབྱང་།
བཙུགས་ལོ།
སྤྱི་ལོ1988ལོར།
1 ངོ་སྤྲོད་མདོར་བསྡུས།

ཧྭ་ཁྲེན་ཅིན་པེ་རླངས་འཁོར་ཚད་ཡོད་ཀུང་ཟིའི་དེ་སྔའི་མིང་ལ་ཧྲེན་དབྱང་ཅིན་པེ་འགྲུལ་སྐྱེལ་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་ཟི་ཟེར་པ་དང་། སྤྱི་ལོ2003ལོའི་ཟླ་དང་པོར་དངོས་སུ་མིང་འདིར་བསྒྱུར་ཞིང་ཧྭ་ཁྲེན་ཀྲུང་གོ་རླངས་འཁོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་གཙོ་ཆེ་བའི་ཐོན་སྐྱེད་ཁེ་ལས་ཤིག་རེད། ཧྲེན་དབྱང་ཅིན་པེ་འགྲུལ་སྐྱེལ་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་ཟི་ནི་ཧྭ་ཁྲེན་ཀྲུང་གོ་རླངས་འཁོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི་དང་ཧྲེན་དབྱང་ཅིན་པེ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མ་དངུལ་བཏང་ནས་བཙུགས་པའི་མ་རྩ་མཉམ་འཇོག་གི་ཁེ་ལས་ཞིག་ཡིན་ཞིང་། སྤྱི་ལོ1991ལོའི་ཟླ7པའི་ཚེས22ཉིན་བཙུགས། ཀུང་ཟིའི་ཐོ་འགོད་མ་རྩ་ཨ་སྒོར་ཁྲི44,416དང་། མ་དངུལ་འཇོག་གྲངས་བསྡོམས་འབོར་ཨ་སྒོར་ཁྲི57,098ཡིན། ཧྭ་ཁྲེན་ཀུང་ཟིས་ཀུང་ཟིའི་སྤྱིའི་རྐང་དངུལ་གྱི51%བཟུང་བ་དང་ཅིན་པེ་ཀུང་ཟིས49%བཟུང་ཡོད་ཅིང་། ཀུང་ཟིས་མིག་སྔར་ལོ་རེར་རླངས་འཁོར65,000ཐོན་སྐྱེད་བྱེད་ཚད་ཀྱི་ནུས་པ་གྲུབ་ཡོད།     

ཧྲེན་དབྱང་ཅིན་པེ་རླངས་འཁོར་བཟོ་ལས་ཚད་ཡོད་ཀུང་ཟི་ནི་ཐོན་སྐྱེད་དང་བདག་གཉེར། ཚན་རིག་ཞིབ་འཇུག་དང་གསར་སྤེལ། སློབ་གསོ་དང་ས་ཁང་བདག་ཁོངས། བཟའ་བཏུང་དང་ཉོ་ཚོང་སོགས་གཞི་གཅིག་ཏུ་འདུས་པའི་ཁེ་ལས་ཚོགས་པ་ཆེ་གྲས་ཤིག་རེད། ཀུང་ཟིའི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར1དང་། སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར54 ཐོ་འགོད་བྱས་པའི་ལས་བཟོ15252ཡོད། ཀུང་ཟིས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི87.5ཟིན་པ་དང་འགག་རྩའི་ཐོན་སྐྱེད་སྒྲིག་ཆས3,837ཡོད་པ་དེ་དག་གཙོ་བོ་རླངས་འཁོར་གྱི་ལྷུ་ལག་ཇུས་འགོད་དང་ལས་སྣོན། བཟོ་སྐྲུན། ཕྱིར་འཚོང་བཅས་བྱེད་ཀྱིན་ཡོད། 

2 ཐོན་རྫས་གཙོ་བོ།     

ཀུང་ཟིའི་ཐོན་རྫས་གཙོ་བོ་ནི། རླངས་འཁོར་ཡང་མོའི་རིགས་ཀྱི་མགྱོགས་ཚད་སྒྱུར་ཆས་དང་། ལྕགས་ལེབ་ཀྱི་ལྡེམ་རྩིབ་སྤྱི་གྲུབ། གཅུས་ཤིང་གི་ལྡེམ་རྩིབ་སྤྱི་གྲུབ། གྱེས་སྦྱོར་འཕྲུལ་ཆས་སྤྱི་གྲུབ། ཕྱོགས་སྒྱུར་ཆས་སྤྱི་གྲུབ། རླངས་འཁོར་ཡང་མོའི་རིགས་ཀྱི་སྤྱི་གྲུབ། འཁོར་ལོ་སྤྱི་གྲུབ། འཁོར་སྒམ་སྤྱི་གྲུབ། འབར་སྣུམ་སྒམ་སྤྱི་གྲུབ་སོགས་བསྡོམས་པས་རིགས29དང་སྣ་ཁ130ཡོད། གོང་གསལ་གྱི་ཐོན་རྫས་དེ་དག་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་རླངས་འཁོར་བཟོ་ལས་ཐོན་སྐྱེད་ཀྱིSY6480ཧའེ་ཧྲི་རྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་། SY1041ཅིན་པེ་གྱི་ཡང་བའི་ལྗིད་ཐེག་རླངས་འཁོར་དང་ཅིན་པེ་གྱི་ཐུང་ཡུང་ཞུའེ་ཧྥོ་ལན་བྱེས་བགྲོད་རླངས་འཁོར་གྱི་སྒྲིག་སྦྱོར་ཆ་ཚང་ཕུད། ད་དུང་རྒྱལ་ནང་གི་རླངས་འཁོར་ཧྲིལ་པོ་ཐོན་སྐྱེད་བྱེད་པའི་ཁེ་ལས་གཞན་དག་ལ་ཆ་སྒྲིག་བྱས་པ་དང་འབྲེལ་བཙོངས་རྗེས་ཀྱི་ཁྲོམ་རའི་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། ད་དུང་ཐོན་རྫས་ཁག་གཅིག་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་གཏོང་བྱས་པ་དེའི་སྟེང་ནས། ཀུང་ཟིའི་ཐོན་རྫས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ལྷུ་ལག་ཆེ་ཆུང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེན་པོ་བཟུང་ཡོད་པ་མངོན་ཡོད། 

3 ཀུང་ཟིའི་འཕེལ་རྒྱས། 

ཅིན་པེ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་ཟི་ནི་སྤྱི་ལོ1988ལོར་བཙུགས་པ་དང་། སྤྱི་ལོ1992ལོར་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་དུ་ཁྲོམ་རར་བཏོན་པའི་ཀུང་ཟི་ཞིག་རེད། རླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་ཇུས་འགོད་དང་ལས་སྣོན། བཟོ་སྐྲུན། ཕྱིར་འཚོང་བཅས་ཀྱི་ཞབས་ཞུ་གཙོ་བོར་གཉེར་དགོས། ཀུང་ཟིའི་ཁོངས་གཏོགས་ཁེ་ལས20ཡོད་པ་དེའི་ནང་མ་རྩ་ཆ་ཚང་དང་དེ་བཞིན་མ་རྐང་ཚོད་འཛིན་ཁེ་ལས8ཡོད་པ་རེད།     

སྤྱི་ལོ2005ལོར་ཀུང་ཟིས་ཡང་བའི་ལྗིད་ཐེག་རླངས་འཁོར་ཐོན་སྐྱེད་གཉེར་སྐྱོང་ཁྲོད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་རླངས་འཁོར་ཐོན་འཚོང་ཁྲི3.5བྱས་པ་དང་། དུས་སྐབས་སྔོན་མ་དང་བསྡུར་ན་འཕར་ཚད75%ཡན་ཟིན་ཏེ། ཡང་བསྐྱར་ཐོན་འཚོང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཅིང་། ཐོན་འཚོང་འཕར་ཚད་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་ཁྲོད་ཨང་དང་པོ་རྒྱུན་མཐུད་བྱས་ཡོད།     

རླངས་འཁོར་ཧྲིལ་པོ་དངCKDསིལ་མ་ཕྱིར་གཏོང་བྱ་ཡུལ་གྱི་ཁྱབ་ཁོངས་དང་གྲངས་འབོར་མགྱོགས་མྱུར་ཆེ་རུ་ཕྱིན་ནས། རྒྱལ་ཁབ13ལ་རླངས་འཁོར2309ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ཀྱི་ལྡབ6ཡིན། ཕྱིར་ཚོང་དྲ་བ་རིམ་བཞིན་ཆེ་རུ་ཕྱིན་པ་དང་ལེའོ་ཉིང་དང་ཅི་ཉིང་། ཧའེ་ལུང་ཅང་དང་ཧྲན་ཏུང་། ཧོ་པེ་དང་ནང་སོག་བཅས་ཞིང་ཆེན6གི་ཕྱིར་ཚོང་བྱེད་ཚད་སྟོང་ལྷག་ཙམ་ཟིན་པ་དེའི་ནང་། ལེའོ་ཉིང་ས་ཁུལ་དུ་ཕྱིར་ཚོང་བྱེད་ཚད་རླངས་འཁོར་ཁྲི་ལས་བརྒལ་ཡོད། 

གཞན་ད་དུང་པའོ་མ་རྟགས་ཅན་གྱི་རླངས་འཁོར་རིགས3དང་རིགས5ཐོན་སྐྱེད་བྱས་པ་མ་ཟད། ཀུང་ཟིས་བཏོན་པའི་ཐོན་རྫས་ཀྱི་ཚད་གཞི་དེ་འཛམ་གླིང་གི་རྩེར་སོན་སྤུས་རྟགས་སྟེང་ཇེ་མཐོ་རུ་བཏང་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཀུང་ཟི། རླངས་འཁོར། ལྷུ་ལག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-29

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།