པུན་ཐེནCR-V
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུན་ཐེནCR-V
པུན་ཐེནCR-Vནི་ཏུང་ཧྥེང་པུན་ཐེན་རླངས་འཁོར་ཀུང་ཟིས་ཐོན་སྐྱེད་བྱས་པའི་གྲོང་ཁྱེར་གྱི་དཔེར་འོསSUVརླངས་འཁོར་གྱི་རིགས་ཤིག་ཡིན་པ་དང་། སྤྱི་ལོ2015ལོའིCR-Vརྟགས་ཅན་གྱི་རླངས་འཁོར་གྱིས་ལུས་རྩལ་དུས་གསར་ཇུས་འགོད་ཀྱི་ཕྱིའི་རྣམ་པ་ཞིག་བསྐྲུན་ཏེ། སྨི་ཆི་ལིནLatitudeརིམ་པའིSUVའཁོར་ལོ་དང་སྡེབ་སྒྲིག་བྱས་པས་བཀོལ་སྤྱོད་ནུས་པ་ཤིན་ཏུ་བཟང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
本田CR-V
སྤུས་རྟགས།
CR-V
ཐོན་སྐྱེད་བཟོ་གྲྭ
ཏུང་ཧྥེང་པུན་ཐེན་རླངས་འཁོར་ཀུང་ཟི།
རིན་གོང་འོས་སྦྱོར།
ཁྲི19.38ནས་ཁྲི26.28བར།
སྣུམ་ཟད་ཚད།
6.4L/100km
ལྗིད་ཚད།
1564 kg
སྒུལ་བྱེད་འཕྲུལ་ཆས་ཀྱི་རིགས།
1.5དང2.0+
1 ངོ་སྤྲོད་མདོར་བསྡུས།

CR-Vནི(comfortable runabout-vehicle)ཡི་བསྡུས་འབྲི་ཡིན་པ་དང་། མིང་དེ་མཐོང་མ་ཐག་ཏུ་རླངས་འཁོར་དེས་བདེ་འཕྲོད་རང་བཞིན་གྱི་རེ་བ་དམིགས་འབེན་དུ་བཟུང་དེ་བཟོ་སྐྲུན་བྱེད་བཞིན་པ་ངང་གིས་རྟོགས་ཐུབ། CR-Vཡི་ལོ་རྒྱུས་དེ་སྤྱི་ལོ1995ལོའི་ཟླ10པར་ཁུངས་འདེད་བྱས་ཆོག་པ་དང་། ད་བར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ162ལྷག་ཏུ་ཁྱབ་ཡོད་པ་རེད། སྤྱི་ལོ1995ལོར་ཐོག་དང་པོའི་རླངས་འཁོར་བྱུང་བ་ནས་ད་བརCR-Vགོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ160ལྷག་ཙམ་ལ་ཚོང་བྲིན་བྱུང་ནས་སྤྱོད་མཁན་མི་གྲངས་ཁྲི500ཙམ་གྱི་ཁས་ལེན་ཐོབ་ཡོད། 

སྤྱི་ལོ2018ལོའི་ཟླ3ཚེས1ཉིན་གྱི་སྔ་དྲོ། རྒྱལ་ཁབ་སྤུས་ཚད་རྟག་ཞིབ་སྤྱི་ཁྱབ་ཅུས་ཀྱི་སྐྱོན་ཅན་ཐོན་རྫས་དོ་དམ་ལྟེ་གནས་ཀྱིས་སྤྱི་བསྒྲགས་བྱས་པའི་ནང་། སྤྱི་ཁྱབ་ཅུས་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་སིས་ཉེ་དུས་འཛད་སྤྱོད་པས་དོ་ཁུར་ཆེན་པོ་བྱེད་པའི་ཏུང་ཧྥེང་པུན་ཐེན་སི་ཝུའེ(CR-V)སོགས་འཁོར་དབྱིབས་ཀྱི“འཕྲུལ་སྣུམ་མང་དུ་གཏོང་བའི་གནད་དོན”ཐད། ཏུང་ཧྥེང་པུན་ཐེན་རླངས་འཁོར་ཚད་ཡོད་ཀུང་ཟིར། ཐོན་སྐྱེད་ཁེ་ལས་ཀྱིས་འཛད་སྤྱོད་པས་བཏོན་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་ཏེ། རླངས་འཁོར་གྱི་སྐྱོན་ཆ་སེལ་དགོས་པའི་བླང་བྱ་བཏོན་པ་རེད།

2 ཁྱད་ཆོས།      

རང་རྒྱལ་ནས་ཐོན་པའིCR-Vནི་ཕྱི་དབྱིབས་དང་ནུས་པ། དེ་བཞིན་དཔྱད་གྲངས་གཙོ་བོའི་ཐོག་བཅས་གང་ཅིའི་ཐད་ནས་ནང་འདྲེན་གྱི་རླངས་འཁོར་དང་ཁྱད་པར་མེད། དེའི་སྒྲིག་སྦྱོར་བྱས་པའི་སྒུལ་བྱེད་འཕྲུལ་འཁོར་ནི་པེན་ཐན་གྱིས་གསར་སྤེལ་བྱས་པའིi-vtecཡིན་པ་དེས་པུན་ཐེན་གྱི་ལག་རྩལ་གསར་ཤོས་མཚོན་གྱིན་ཡོད། རྩོལ་ཕྱོད་ཆེ་ཤོས་ནི110kw/6500rpmཡིན་པ་དང་། གཅུས་ཤུགས་ཆེ་ཤོས་ནི190n.m/4000rpmཡིན་པ་དང་། འགུལ་ཤུགས་རང་བཞིན་དང་བྱེས་བགྲོད་རང་བཞིན་ནི་བྱེས་བགྲོད་རླངས་འཁོར་རྣལ་མ་དང་མི་འདྲ་ནའང་། གྲོང་ཁྱེར་གྱི་བྱེད་ནུས་མང་བའི་རླངས་འཁོར་གྱི་བདེ་འཕྲོད་རང་བཞིན་དང་ཉེར་སྤྱོད་རང་བཞིན་ནི་བྱེས་བགྲོད་རླངས་འཁོར་གྱིས་བསྡུར་ཐབས་མེད་པ་ཞིག་ཡིན།      

CR-Vཡི་འཁོར་དགག་ནི་ཀྲུང་དབྱང་ཚོད་འཛིན་སྟེགས་བུའི་གཡོན་ངོས་སུ་ཇུས་འགོད་བྱས་ཡོད་དེ། དེ་ལྟར་ཁ་ལོ་བསྒྱུར་ན་སྟབས་བདེ་བར་མ་ཟད། མདུན་གྲལ་གྱི་བར་སྟོང་སྔར་ལས་ཇེ་ཡངས་སུ་འགྲོ་བ་རེད། དཀྱིལ་གྱི་ཚོད་འཛིན་སྟེགས་བུར་བལྟས་ན་སྒོར་དབྱིབས་ཀྱི་གཅུས་སྒོ་གསུམ་གྱི་ནང་དུ་དྲོད་གྲང་སྙོམས་ཆས་ཀྱི་སྒྲིག་ཆས་ཡོད་ཚད་འདུས་ཡོད་པ་དང་། ཇུས་འགོད་འདི་དག་ལ་བལྟས་ཚེ་རླངས་འཁོར་ཨོ་ཏེ་སའེ་དང་ཧྥེ་ཏུའུ་ཀྱི་ཁྱད་ཆོས་ལྡན། ལག་སྐྱོར་སྔ་མ་དེས་སྲོལ་རྒྱུན་གྱི་ཀྲུང་དབྱང་གི་ལག་སྐྱོར་དོར་ཞིང་། ཁ་ལོ་བའི་གནས་གཞིའི་ཐོག་ཁེར་རྐྱང་གི་ལག་སྐྱོར་རེ་བཙུགས་པ་དང་། ལག་སྐྱོར་གཉིས་ཀྱི་དཀྱིལ་དུ་ཕོར་པའི་སྒྲོམ་གཉིས་ཡོད་པ་དང་ཇུས་འགོད་དེ་དག་ཆ་ཚང་པོ་ཡོད་པ་རེད།      

CR-Vཡི་རྐུབ་སྟེགས་ཇུས་འགོད་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་། མདུན་གྲལ་རྐུབ་སྟེགས་ཀྱིས་སྔས་མགོ་བླངས་རྗེས་སྙོམས་པོར་བཞག་ཆོག་པ་དང་། རྒྱབ་གྱི་རྐུབ་སྟེགས་དང“མལ་ཁྲི”གཅིག་གྲུབ་ཡོད། མ་གཞི་ཅུང་དོག་ནའང་ཧ་ཅང་བདེ་མོ་ཡིན། གྲལ་གཞུག་གི་རྐུབ་སྟེགས་བལྟེབས་ནས་མདུན་གྱི་རྐུབ་སྟེགས་ཀྱི་རྒྱབ་ཏུ་དེད་ཚེ། འགྲུལ་ཆས་འཇོག་སའི་བར་སྟོང་ཇེ་ཆེར་བཏང་ཆོག     

CR-Vསྐུལ་འདེད་མ་ལག་ནི་གཤེར་འཐེན་འཕྲུལ་འཁོར་གཉིས་ཀྱིས་དུས་ཐོག་ཏུ་བཞི་འདེད་གཏོང་གི་ཡོད་པ་དང་། རྒྱུན་ལྡན་གྱི་གནས་ཚུལ་འོག་མདུན་འཁོར་གཉིས་ཀྱིས་འདེད་སྐུལ་བྱེད་ཀྱི་ཡོད། ཆར་བ་དང་གངས་དང་བྱེ་མ་སོགས་ལམ་ངོས་ཞན་པར་འགྱུར་བའི་གནས་ཚུལ་དང་འཕྲད་སྐབས། གཤེར་གནོན་མ་ལག་གིས་དུས་ཐོག་ཏུ་གཅུས་ཤུགས་དེ་གཞུག་འཁོར་གྱི་སྟེང་དེད་དེ་འཁོར་ལོ་བཞི་བོའི་སྐུལ་འདེད་ལ་བརྟེན་ནས་ལམ་ངོས་སུ་སླེབས་ཀྱིན་ཡོད།     

བདེ་འཇགས་ཐདCR-VལSrsབདེ་འཇགས་དབུགས་སྣོད་གཉིས་དང་། རླངས་འཁོར་གྱི་སྒོའི་འཕྲེད་ཤོག སྔ་ཕྱིའི་ཚེག་གསུམ་ཅན་གྱིelrབདེ་སྲུང་སྒྲོག་ཐག་དང་། ཉེན་སྲུང་སྒྲོག་ཐག་གི་སྣེ་སྟོན་ཡོ་ཆས། དེ་བཞིན་སྡོམ་ཆས་དང་ཐེག་ཚད་ཚོད་འཛིན་ཡོ་ཆས་ཀྱི་རྐུབ་སྟེགས་བདེ་འཇགས་མ་ལག་སོགས་སྒྲིག་སྦྱོར་བྱས་ཡོད། ཆ་རྐྱེན་དེ་དག་ཚང་མས་ཁྱེད་ཀྱིས་རླངས་འཁོར་དེའི་བདེ་འཇགས་ལ་ཡིད་ཆེས་ཆེན་པོ་བྱས་ཆོག 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

CR-V རླངས་འཁོར། ཉེན་སྲུང་སྒྲོག་ཐག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-27

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།