སི་ཁོ་ཏ་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་ཁོ་ཏ་རླངས་འཁོར།
སི་ཁོ་ཏ(SKODA)ནི་སྤྱི་ལོ1895ལོར་བཙུགས་པའི་འཇར་མན་གྱི་སྤྱི་དམངས་རླངས་འཁོར་ཀུང་ཟིའི་དཔེ་མཚོན་ཅན་གྱི་ཚོང་རྟགས་ཀྱི་གྲས་ཤིག་ཡིན་པ་དང་། སྤྱི་ཁྱབ་པུའུ་དེ་ཅེ་ཁེ་ལ་མོ་ཏ་པོ་ལའེ་སི་ཕུའུ་རུ་གནས་ཤིང་། དེ་ནི་འཛམ་གླིང་ཐོག་ལོ་རྒྱུས་ཆེས་རིང་བའི་རླངས་འཁོར་ཐོན་སྐྱེད་ཚོང་བ་བཞིའི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯柯达
ལས་རིགས།
རླངས་འཁོར།
ཕྱི་ཡིག་གི་མིང་།
SKODA
རྒྱལ་ཁོངས།
ཅེ་ཁེ།
བཙུགས་ལོ།
སྤྱི་ལོ1895ལོར།
གསར་གཏོད་པ།
འཕྲུལ་ཆས་བཟོ་བཀོད་པVaclavLaanདང་ཚོང་བVaclavKvment
ཁོངས་གཏོགས་ཀུང་ཟི།
ཏ་ཀྲུང་།
1 ​ངོ་སྤྲོད་མདོར་བསྡུས།

སི་ཁོ་ཏ(SKODA)ནི་འཇར་མན་གྱི་སྤྱི་དམངས་རླངས་འཁོར་ཀུང་ཟིའི་དཔེ་མཚོན་ཅན་གྱི་ཚོང་རྟགས་ཀྱི་གྲས་ཤིག་ཡིན་པ་དང་། སྤྱི་ཁྱབ་པུའུ་དེ་ཅེ་ཁེ་ལ་མོ་ཏ་པོ་ལའེ་སི་ཕུའུ་རུ་གནས་ཤིང་། དེ་ནི་འཛམ་གླིང་ཐོག་ལོ་རྒྱུས་ཆེས་རིང་བའི་རླངས་འཁོར་ཐོན་སྐྱེད་ཚོང་པ་བཞིའི་གྲས་ཡིན་ལ། ཚོང་རྟགས་དེ་སྤྱི་ལོ1895ལོར་བཙུགས་པ་རེད།

སི་ཁོ་ཏ་ཡིས་ལོ100ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དམག་འཁྲུག་དང་སྲིད་འགྱུར། བཙན་སྒྲིལ་སོགས་ཀྱི་གནས་ཚུལ་མང་པོ་བརྒྱུད་མོད། ཡིན་ནའང་ཚོང་རྟགས་འདིས་བློ་བརྟན་འགྱུར་མེད་ཀྱིས་རླངས་འཁོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་བསྐྲུན། མིག་སྔར་སི་ཁོ་ཏའི་ཐོན་རྫས་གཙོ་བོ་ནི་ཁེ་ཏི་ཡ་ཁེ་དང་ཁེ་ཏི་ཡ་ཁེGT ཁེ་སྨི་ཁེ། ཁེ་ལོ་ཁེ། སའོ་ཕེ་དང་མིང་རུའེ། མིང་རུའེ་ཡུལ་སྐོར་རླངས་འཁོར་དང་ཞིན་ཏུང་། ཞིན་རུའེ་དང་ཅེན་རུའེ་བཅས་ཡོད་པར་མ་ཟད། ད་དུང་MissionLVisionCདངVisionD VisionDདངVisionS CitijetདངVisionGT Visionivསོགས་རླངས་འཁོར་གྱི་བཟོ་དབྱིབས་ཞིབ་འཇུག་གསར་སྤེལ་བྱས། 

སྤྱི་ལོ2006ལོར་སི་ཁོ་ཏ་མིང་རུའེ་ཡིས་ཧྲང་ཧའེ་ཏ་ཀྲུང་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། དེའང་ཏ་ཀྲུང་དང་ཨའོ་ཏི་ཡི་རྗེས་སུ། ཏ་ཀྲུང་ཚོགས་པའི་ཁོངས་གཏོགས་ཀྱི་ཀྲུང་གོར་ཐོན་སྐྱེད་བྱེད་འགོ་ཚུགས་པའི་རླངས་འཁོར་ཚོང་རྟགས་གསུམ་པ་དེ་ཡིན་པར་མ་ཟད། ལོ་དེའི་པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ཐོག་ཁྱབ་བསྒྲགས་ཀྱང་བྱས་པ་རེད། སྤྱི་ལོ2008ལོའི་ལོ་མཇུག་ཏུ། ཧྲང་ཧའེ་ཏ་ཀྲུང་གིས་སླར་ཡང་ཅིང་རུའེ་ཀྲུང་གོའི་ཁྲོམ་རར་ནང་འདྲེན་བྱས་པ་དང་། སྤྱི་ལོ2009ལོར་སི་ཁོ་ཏ་ཧའོ་རུའེ་སྐམ་ས་ཆེ་མོར་ནང་འདྲེན་བྱས་ཤིང་། ལོ་དེའི་ཟླ8པར་ཁྲོམ་རར་བཏོན་པ་དང་སི་ཁོ་ཏ་ཞིན་རུའེ་ཡང་སྤྱི་ལོ2013ལོའི་ཟླ4པའི་ཚེས18ཉིན་རྒྱལ་ནང་དུ་དངོས་སུ་ཁྲོམ་རར་བཏོན་པ་རེད། 

སྤྱི་ལོ2016ལོའི་ཟླ3པར་སི་ཁོ་ཏVisionSརི་ནེ་ཝ་རུ་ཐོག་མར་འགྲེམས་སྤེལ་བྱས་པ་དང་ཟླ4པའི་ཚེས25ཉིན་པེ་ཅིང་དུ་རླངས་འཁོར་འགྲེམས་སྟོན་ལ་ཞུགས། 

2 འཕེལ་རྒྱས་ཀྱི་བརྒྱུད་རིམ།

སི་ཁོ་ཏ་རླངས་འཁོར་གྱི་ལོ་རྒྱུས་འཕེལ་རིམ་བཤད་ཚེ། སི་ཁོ་ཏ་རླངས་འཁོར་གྱི་འབྱུང་གནས་པུའུ་ལ་ཀེ་མི་གླེང་ཀ་མེད་རེད། པུའུ་ལ་ཀེ་དང་སི་ཁོ་ཏ་གཉིས་ཀ་ཅེ་ཁེའི་མིང་བྱང་ལྟ་བུ་ཡིན་པ་དང་། ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཁྱེར་གྲགས་ཅན་པུའུ་ལ་ཀེ་ཡིས་སི་ཁོ་ཏའི་ལོ་བརྒྱ་རིང་གི་ཡིད་དབང་འཕྲོག་པའི་འགུག་ཤུགས་མངོན་པར་བྱས་ཡོད། ལོ120ཡི་འཕེལ་རྒྱས་དང་དཀའ་སྤྱད་འབད་བརྩོན་བརྒྱུད། སི་ཁོ་ཏ་ཁེ་ལས་དེ་རྒྱལ་ས་པུའུ་ལ་ཀེ་དང་གཞི་གཅིག་ཏུ་འདྲེས་ཏེ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ100ལྷག་གི་རླངས་འཁོར་སི་ཁོ་ཏ་ཡིས་ཧ་ལམ་ཅེ་ཁེ་དང་པུའུ་ལ་ཀེ་ཡི་ཚབ་བྱས་ཡོད།

སི་ཁོ་ཏ་རླངས་འཁོར་ཀུང་སི་ནི་མུའུ་ལ་ཏ་པོ་ལེ་སིMladaBoleslav(ལོ་ན་གཞོན་པའི་གྲོང་ཁྱེར་གྱི་དོན) རུ་གནས་ཡོད་པ་དང་། ད་ལྟ་ཅེ་ཁེའི་མིང་དོན་དང་མཚུངས་པའི་རླངས་འཁོར་གྲོང་ཁྱེར་དུ་གྱུར་ཡོད། ཏ་ཀྲུང་རླངས་འཁོར་ཚོགས་པས་སི་ཁོ་ཏ་ཀུང་སི་ཉོ་སྒྲུབ་བྱས་རྗེས། སྤྱི་ལོ1995ལོར་བཟོ་གྲྭ་གསར་བ་ཞིག་བསྐྲུན་ཏེ་ཆེད་དུ་ཨོའུ་ཡ(Octavia)དང་ཧྥ་པི་ཡ(Fabia)རླངས་འཁོར་རིགས་གཉིས་ཐོན་སྐྱེད་བྱས་པ་དང་། ལོ་ངོ100ལྷག་གི་རིང་ལ་གནས་པའི་བཟོ་གྲྭ་དེ་ནི་འཛམ་གླིང་ཐོག་གི་ཆེས་གནའ་བོའི་རླངས་འཁོར་བཟོ་གྲྭའི་གྲས་ཤིག་རེད། 

སྤྱི་ལོ1991ལོའི་ཟླ4པའི་ཚེས16ཉིན། སི་ཁོ་ཏ་ཀུང་སི་དེ་འཇར་མན་ཏ་ཀྲུང་ཚོགས་པ་ཀུང་སིའི་ཡན་ལག་ཀུང་སི་ཞིག་ཏུ་གྱུར། ཏ་ཀྲུང་ཚོགས་པས་སི་ཁོ་ཏ་ཀུང་སིའི་མ་རྐང70%ཉོས་པ་དང་། སྤྱི་ལོ2000ལོར་ལྷག་མའི30%མ་རྐང་ཉོ་སྒྲུབ་བྱས། 

སྤྱི་ལོ2011ལོར་སི་ཁོ་ཏའི་ཚོང་རྟགས་ཀྱིས་ཀྲུང་གོར་བསྡོམས་པས་རླངས་འཁོར194.45བཙོངས་པ་དེ། ལོ་སྔོན་མའི་དུས་མཚུངས་ལས11.3%འཕར། 

སྤྱི་ལོ2012ལོར་སི་ཁོ་ཏ་ཡིས་རླངས་འཁོར230003བཙོངས་པ་དེ། ལོ་སྔོན་མའི་དུས་མཚུངས་ལས4.5%འཕར།

སྤྱི་ལོ2013ལོར་སི་ཁོ་ཏའི་ཚོང་རྟགས་ཀྱི་ལོ་ཧྲིལ་པོའི་ཕྱིར་ཚོང་ཚད་ནི221.558ཟིན་པ་དང་། ལོ་དྲུག་རིང་རིམ་རྩིས་ཕྱིར་ཚོང་ཚད1,071,688ཟིན་ནས་ཕན་འབྲས་ཆེ་ཞིང་གཟབ་བརླིང་གིས་འཕེལ་རྒྱས་སུ་ཕྱིན། 

སྤྱི་ལོ2017ལོར་སི་ཁོ་ཏའི་ཚོང་རྟགས་ཀྱི་ཕྱིར་ཚོང་ཚད་དེ་ཀྲུང་གོའི་ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན་ཅུང་འཕར་བ་དང་། རླངས་འཁོར་ཁྲི33.3ལྷག་ཕྱིར་ཚོང་བྱས། 

སྤྱི་ལོ2018ལོར་སི་ཁོ་ཏའི་ཚོང་རྟགས་དེ་ཁྲི34.1གི་ཕྱིར་ཚོང་ཚད་ལ་བརྟེན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། 

3 ཐོན་རྫས་ཀྱི་རིགས་དབྱེ།

མིང་རུའེ་གསར་བ། GreenLine

Greenlineནི་སི་ཁོ་ཏ་ཁོངས་གཏོགས་ཀྱི་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཀྱི་མགྲིན་ཚབ་རླངས་འཁོར་གྱི་རིགས་ཤིག་ཡིན་པའི་ངོས་ནས། རིགས་རྒྱུད་ཧྲིལ་པོའི་སྤུས་རྟགས་ཚང་མར་རང་ཉིད་ཀྱིGreenlineརྟགས་ཅན་གྱི་རླངས་འཁོར་གྱི་རིགས་ཡོད། དེའང་རླངས་འཁོར་གྱི་འཁོར་ལོར་ཚུན15ཅན་གྱི་ཧ་ཡང་བསྲེས་ལྕགས་ཀྱིས་བསྒྱུར་བཀོད་བྱས་ཏེ། གྲུབ་ཆ་ཇེ་ལེགས་སུ་ཕྱིན་པ་དང་། སྤྱི་ལེ་བརྒྱ་ཡི་ཕྱོགས་བསྡུས་སྣུམ་ཟད་ལ6.1Lམ་གཏོགས་མི་འགྲོ་བའི་བྱེད་ཐབས་གསར་བ་བཀོད་ཡོད། 

ཅེན་རུའེ། Fabia

ཅེན་རུའེ་ཞེས་པ་ནི་ཧྲང་ཧའེ་ཏ་ཀྲུང་རླངས་འཁོར་གྱིས་བཏོན་པའིA0རིམ་པའི་རྩེར་སོན་གྱི་རླངས་འཁོར་ཆུང་བ་གསར་ཤོས་ཏེ། Fabiaཅེན་རུའེ་དེ་ཡིན་ལ། སྤྱི་ལོ2008ལོའི་ཟླ12པའི་ཚེས22ཉིན“འཚོ་བར་ཡིད་ཆེས་བྱེད་པའི”བརྗོད་དོན་གཙོ་བོར་ཁྱབ་པའིFabiaཡི་རྩེར་སོན་ཁྲོམ་རའི་མཛད་སྒོ་ཀོང་ཀྲོའུ་རུ་གཟབ་རྒྱས་ངང་ཚོགས། 

ཞིན་རུའེ། Rapid

ཞིན་རུའེ་ནི་སི་ཁོ་ཏ་རླངས་འཁོར་ནང་གི་ཐོག་དང་པོརLOGOགསར་པ་དང་། སི་ཁོ་ཏ་ཁྱིམ་རྒྱུད་ཀྱི་ཇུས་འགོད་སྐད་བརྡ་གསར་རྐྱང་སྤྱད་ཡོད་པ་ཞིག་ཡིན་ཏེ། བཟོ་དབྱིབས་སྟབས་བདེ་ཞིང་མངོན་གསལ་དོད་པ་དང་། སྤྱི་ལོ2013ལོའི་ཟླ4པའི་ཚེས18ཉིན་ཁྲོམ་རར་བཏོན་ཞིང་ཕྱིར་ཚོང་རིན་གོང་ཁྲི7.99ནས་ཁྲི11.69བར་ཡིན། 

ཡེ་ཏི། Yeti

སི་ཁོ་ཏ་ཡེ་ཏི(རང་རྒྱལ་ནས་ཐོན་སྐྱེད་བྱས་པ)ནི་ཧྲང་ཧའེ་ཏ་ཀྲུང་སི་ཁོ་ཏ་ཡིSUVཐོག་མ་དེ་ཡིན་ཞིང་། སྤྱི་ལོ2013ལོའི་ཟླ11པའི་ཚེས18ཉིན་ཁྲོམ་རར་བཏོན་ཞིང་། རླངས་འཁོར་གསར་བ1.4TSIདང1.8TSIརིགས་གཉིས་ཀྱི་སྒུལ་བྱེད་འཕྲུལ་འཁོར་དང་སྒྲིག་སྦྱོར་བྱས་པ་དང་། ཁྱོན་རླངས་འཁོར་གྱི་བཟོ་དབྱིབས7ཡོད་པ་དང་ཕྱིར་ཚོང་རིན་གོང་སྒོར་ཁྲི16.58ནས་ཁྲི24.18བར་ཡིན། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། རླངས་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།