སི་ཁུའུ་པ་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་ཁུའུ་པ་རླངས་འཁོར།
སི་ཁུའུ་པ་ནི་སུའེ་ཏེན་གྱི་མིང་དུ་གྲགས་པའི་རིམ་འདས་རྒྱུག་འཁོར་བཟོ་སྐྲུན་ཁང“ལི་ཨེན་སི་ཕི་ཏེ”ཀུང་ཟིས་བཟོས་པའི་འཛམ་གླིང་ཐོག་གི་ཆུ་འཛུལ་རླངས་འཁོར་དང་པོ་དེ་ཡིན་ཞིང་། ཆུ་སྐམ་གཉིས་སྤྱོད་རླངས་འཁོར་གྱི་གཅུས་སྒོ་དེ་མནན་ན་རླངས་འཁོར་སྨི10ཙམ་གྱི་སར་འཛུལ་ཐུབ། “སི་ཁུའུ་པའི”ཆུ་འཛུལ་གཏིང་ཚད་སྨི10ལ་སླེབས་ཐུབ་ཅིང་། དེར་ཁ་ལོ་བ་དང་འགྲུལ་བའམ་ཡང་ན་རམ་འདེགས་སྒྲིག་ཆས་སོགས་ཅི་ཡང་མི་མཁོ་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯库巴
རིགས་དབྱེ།
རིམ་འདས་རྒྱུག་འཁོར་བཟོ་སྐྲུན་ཁང་།
ཀུང་ཟིའི་མིང་།
ལི་ཨེན་སི་ཕི་ཏེ།
རྒྱལ་ཁོངས།
སུའེ་ཏེན།
1 ངོ་སྤྲོད་མདོར་བསྡུས། 

སི་ཁུའུ་པ་ནི་སུའེ་ཏེན་གྱི་མིང་དུ་གྲགས་པའི་རིམ་འདས་རྒྱུག་འཁོར་བཟོ་སྐྲུན་ཁང“ལི་ཨེན་སི་ཕི་ཏེ”ཀུང་ཟིས་བཟོས་པའི་འཛམ་གླིང་ཐོག་གི་ཆུ་འཛུལ་རླངས་འཁོར་དང་པོ་དེ་ཡིན་ཞིང་། ཆུ་སྐམ་གཉིས་སྤྱོད་རླངས་འཁོར་གྱི་གཅུས་སྒོ་དེ་མནན་ན་རླངས་འཁོར་སྨི10ཙམ་གྱི་སར་འཛུལ་ཐུབ། “སི་ཁུའུ་པའི”ཆུ་འཛུལ་གཏིང་ཚད་སྨི10ལ་སླེབས་ཐུབ་ཅིང་། དེར་ཁ་ལོ་བ་དང་འགྲུལ་བའམ་ཡང་ན་རམ་འདེགས་སྒྲིག་ཆས་སོགས་ཅི་ཡང་མི་མཁོ་བ་རེད། 

2 ཁྱད་ཆོས།

“སི་ཁུའུ་པར”ཆུ་འཛུལ་གྱི་ནུས་པ་ལྡན་པ་དེ་རླངས་འཁོར་གྱི་མཇུག་ཏུ་སྒྲིག་ཆས་གཉིས་ལྡན་གྱི་སྒུལ་འདེད་སྒྲིག་ཆས་ཆ་ཚང་ཞིག་ལ་བརྟེན་ནས་བྱུང་ཞིང་། ཆུ་ནང་དུ་སྐྱོད་སྐབས། འཁོར་ལོའི་མཇུག་གི་གཡས་གཡོན་དུ་སྐུལ་འདེད་འཕྲུལ་ཆས་གཉིས་དང་མདུན་གྱི་རླུང་འབུད་རྣམ་པའི་སྐུལ་འདེད་ཡོ་ཆས་གཉིས་ཀྱིས་སི་ཁུ་པར་ཆུ་ནང་དུ་སྒུལ་ཤུགས་འདང་ངེས་ཤིག་གིས་མདུན་སྐྱོད་བྱས་ཆོག་པའི་ཁག་ཐེག་བྱས་ཡོད་པ་རེད། ཆུར་འཛུལ་བའི་སྒུལ་ཤུགས་ཀྱི་ཡོང་ཁུངས་དང་འཁོར་འགོ་ཆུ་ཁར་གཡེང་བའི་ཁ་ཕྱོགས་ལ་ཚོད་འཛིན་བྱས་ན། ལོ་མའི་པང་ལེབ་གཞོགས་གཉིས་ཀྱི་སྦུག་ཀྱོག་རྣམ་པའི་ཆུའི་སྐུལ་འདེད་ཡོ་ཆས་ཀྱིས་འགན་འཁུར་བ་དང་། འཇར་མན་གྱི་ཆུར་འཛུལ་མཁོ་ཆས་བཟོ་སྐྲུན་ཁང་གི“ལུའོ་ཐི་ནུའོ”ཡིས་ཐོན་སྐྱེད་བྱས་པའི་3.6kwམ་ཏ་གཉིས་ཀྱིས་སི་ཁུ་པར་ཆུ་ནང་དུ་འཛུལ་བའི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

གཞན་ཡང“སི་ཁུ་པའི”རླངས་འཁོར་གྱི་ལྗིད་ཚད་ལ་སྤྱི་རྒྱ920ལས་མེད་པ་དང་། གཏོས་ཆུང་སྤྱོད་བདེའི་རླངས་འཁོར་དེ་ནཱ་མེ་ཐཱན་ཚི་སྣ་ལས་གྲུབ་པ་ཞིག་ཡིན་པས་ཆུ་འོག་ཏུ་ཐོགས་མེད་ངང་བསྐྱོད་ཐུབ་ཀྱིན་ཡོད། དེ་དང་ཆབས་ཅིག“སི་ཁུ་པའི”ཆུ་འཛུལ་རླངས་འཁོར་ལ་ད་དུང་སྦགས་བཙོག་མེད་པའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་ནུས་ལྡན་པ་དང་། དེས་འཛམ་གླིང་གི་ཆུ་ཁོངས་ཡོངས་སུ“འབུད་སྐྱུར་གང་ཡང་མེད་པ་དང་སྦགས་བཙོག་གང་ཡང་མེད་པ”ཡི་རྣམ་པ་མངོན་འགྱུར་བྱུང་ཡོད།

3 ཆུར་འཛུལ་རླངས་འཁོར་བེད་སྤྱོད་བྱེད་ཚུལ།

ཁ་ལོ་བས་རླངས་འཁོར་ཆུ་ནང་དུ་སྐོར་སྐབས། མྱུར་དུ་ཆུ་ནང་དུ་མི་བྱིང་བར་ཅུང་ཙམ་ལ་ཆུ་ངོས་སུ་གཡེང་ནས་འདུག་ཅིང་། ངེས་པར་དུ་ཁ་ལོ་བས་རླངས་འཁོར་བསྐོར་ཚེ་ད་གཟོད་ཆུ་ནང་དུ་འཛུལ་ངེས་པ་དང་། ཆུར་འཛུལ་མིག་ཤེལ་དང་སྙོམ་སྒྲིག་འཕྲུལ་ཆས་ཚང་མ་ཁ་ལོ་བའི་རྐུབ་སྟེགས་རྒྱབ་ཀྱི་རླངས་དམ་གྱི་སྟེང་དུ་འབྱར་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། རླངས་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།