བདེ་འཇགས་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེ་འཇགས་རླངས་འཁོར།
བདེ་འཇགས་རླངས་འཁོར་དེ་ནི་བཀག་སྡོམ་བྱས་པའི་འགྲན་ལམ་སྟེང་རླངས་འཁོར་འགྲན་བསྡུར་བྱེད་སྐབས་འགྲན་ལམ་དུ་དོན་རྐྱེན་བྱུང་བའམ་ཡང་ན། རྒྱུན་ལྡན་མིན་པའི་གནས་ཚུལ་གཞན(དཔེར་ན་ཆར་བ་ཆེན་པོ་བབས་པ་དང་འགྲན་ལམ་དུ་མར་ལྷུང་བའི་དངོས་པོ་ཡོད་པ)དང་འཕྲད་སྐབས་འགྲན་རའི་ནང་གི་འགྲན་འཁོར་ལ་སྣེ་ཁྲིད་བྱེད་པ་དང་། ཁོ་ཚོའི་རླངས་འཁོར་གྱི་མྱུར་ཚད་ཚོད་འཛིན་བྱས་ཏེ་འགྲན་འཁོར་དང་འགྲན་སྡུར་བའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安全车
ཕྱི་ཡིག་གི་མིང་།
Safety Car
རིགས་དབྱེ།
AMG GT, BMW X5Mསོགས།
རླངས་འཁོར་ནང་གི་མི་སྣ།
FIAའཁོར་འགྲན་པ་དང་མྱུར་སྐྱོབ་མཁན།
ཉེན་བརྡའི་གློག
མྱུར་སྐྱོབ་རླངས་འཁོར་དང་ཉེན་རྟོག་རླངས་འཁོར་གྱི་ཉེན་བརྡའི་གློག
1 ​ངོ་སྤྲོད་མདོར་བསྡུས།

བདེ་འཇགས་རླངས་འཁོར(དེར་བདེ་སྲུང་རླངས་འཁོར་ཡང་ཟེར། SafyCar ཨ་རིརPaceCar)ཞེས་བརྗོད། དེ་ནི་བཀག་སྡོམ་བྱས་པའི་འགྲན་ལམ་སྟེང་རླངས་འཁོར་འགྲན་བསྡུར་བྱེད་སྐབས་གལ་སྲིད་འགྲན་ལམ་དུ་དོན་རྐྱེན་བྱུང་བའམ་ཡང་ན། རྒྱུན་ལྡན་མིན་པའི་གནས་ཚུལ་གཞན(དཔེར་ན་ཆར་བ་ཆེན་པོ་བབས་པ་དང་འགྲན་ལམ་དུ་མར་ལྷུང་བའི་དངོས་པོ་ཡོད་པ)དང་འཕྲད་སྐབས་འགྲན་རའི་ནང་གི་འགྲན་འཁོར་ལ་སྣེ་ཁྲིད་བྱེད་པ་དང་། ཁོ་ཚོའི་རླངས་འཁོར་གྱི་མྱུར་ཚད་ཚོད་འཛིན་བྱས་ཏེ་འགྲན་འཁོར་དང་འགྲན་སྡུར་བའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད། 

འགྲན་བསྡུར་ཁྲོད་གལ་ཏེ་གནས་ཚུལ་གལ་ཆེན(དཔེར་ན་དོན་རྐྱེན་ནམ་གནམ་གཤིས་ངན་པ་ལྟ་བུ)ཡོད་ཚེ། ལས་བྱེད་མི་སྣས་དར་ཆ་སེར་པོ་འཕྱར་བར་མ་ཟད། པང་ལེབ་ཕྱིར་མངོན་ཏེ་སྟེང་ལSCཞེས་པའི་ཡི་གེ་བྲིས་པ་དེས་བདེ་འཇགས་རླངས་འཁོར་ཕྱིར་གཏོང་བྱས་པ་མཚོན་ཡོད། F1(འཛམ་གླིང་གི་རིམ་པ་དང་པོའི་མཉམ་བྱའི་རྣམ་པ)ཡིSafyCarརླངས་འཁོར་གྱི་ཀླད་དུ་མྱུར་སྐྱོབ་རླངས་འཁོར་དང་འདྲ་བའི་ཉེན་བརྡའི་གློག་སྒྲོན་ཡོད་ལ། གློག་སྒྲོན་གྱི་ཁ་དོག་ནི་སེར་པོ་དང་ལྗང་མདོག་ཡིན། SafayCarཡིས་བདེ་འཇགས་ཁྱབ་ཁོངས་ནང་གི་མྱུར་ཚད་མཐོན་པོ་རྒྱུན་འཁྱོངས་བྱེད་དགོས། རྒྱུ་མཚན་ནི་རླངས་འཁོར་འགྲན་བསྡུར་གྱི་འཁོར་ལོར་ཚ་ཤུགས་བསྐྱེད་ཚེ་ད་གཟོད་འགྲན་ལམ་དུ་རྒྱུན་ལྡན་གྱི་འགྲན་བསྡུར་བྱེད་ཐུབ། དེའི་ཕྱིརSafayCarལ་གཤིས་ནུས་བཟང་བའི་རླངས་འཁོར་མཁོ་བར་མ་ཟད། ནུས་པ་ཁྱད་འཕགས་ལྡན་པའི་རླངས་འཁོར་འགྲན་བསྡུར་བྱེད་མཁན་གྱིས་ཁ་ལོ་བསྒྱུར་དགོས། SafayCarལས་ཀར་ཞུགས་སྐབས་ད་དུངFIAཡི་ལས་བྱེད་མི་སྣ་དང་མྱུར་སྐྱོབ་སྒམ་ཡོད་པའི་མྱུར་སྐྱོབ་མི་སྣ་ཞིག་རླངས་འཁོར་ནང་དུ་བསྡད་ཡོད། SafayCarའགུལ་སྐྱོད་བྱེད་པའི་སྐབས་སུ། འགྲན་ལམ་སྟེང་གི་འགྲན་བྱེད་རླངས་འཁོར་ཚང་མ་ཕན་ཚུན་བརྒལ་མི་རུང་ལ་སྔོན་བསྐྱོད་རླངས་འཁོར་ངེས་པར་དུ་SafyCarཡི་རྗེས་སུ་འབྲངས་དགོས། 

2 བྱེད་ནུས།

རླངས་འཁོར་རྡུང་ཁ་རྒྱག་པ་དང་ཆག་སྐྱོན་ཤོར་བ་སོགས་ཀྱི་དོན་རྐྱེན་བྱུང་ཏེ། འགྲན་ལམ་གྱི་ཉེན་ཁའི་གནས་སུ་རླངས་འཁོར་དང་ཡང་ན་ཆག་གྲུམ་བྱུང་བའི་དངོས་རྫས་ཡོད་ཚེ། བདེ་འཇགས་རླངས་འཁོར་ངེས་པར་དུ་འགྲན་ལམ་དུ་བསྐྱོད་དགོས་ལ། ཡང་ན་ཆར་བ་འབབ་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་བྱུང་ནས་འགྲན་བསྡུར་གནས་སྐབས་སུ་བདེ་འཇགས་ངང་སྤེལ་མི་ཐུབ་པའི་སྐབས་སུ། བདེ་འཇགས་རླངས་འཁོར་ཡང་འགྲན་ལམ་དུ་བསྐྱོད་དགོས། དེ་སྔ་གནས་ཚུལ་འདིའི་རིགས་བྱུང་སྐབས་ལས་དོན་མི་སྣས་འགྲན་ལམ་དུ་དར་དམར་བསྐྱོན་ནས་འགྲན་བསྡུར་བྱེད་མཚམས་འཇོག་པ་དང་། འགྲན་སྡུར་པ་ཚོ་ཐོག་མའི་མདུན་སྐྱོད་བྱེད་སའི་གནས་སུ་ཕྱིར་འགྲོ་རུ་འཇུག་པ་རེད། ད་ལྟ་འགྲན་བསྡུར་གྱི་མཚམས་མི་འཇོག་པའི་ཆེད་དུ་བདེ་འཇགས་རླངས་འཁོར་གྱི་ལམ་ལུགས་བཙུགས་པ་དང་། བྱེད་ཐབས་འདིCARTཁྲོད་ཀྱིpacecarདང་འདྲ་བར། རིམ་པ་དང་པོའི་མཉམ་བྱའི་རྩིས་ཕྲེང་གི་རྣམ་པའི་ཁྲོད་དུ་བདེ་འཇགས་རླངས་འཁོར་ཞེས་པའི་མིང་འདི་བཀོལ་བ་ཡིན། འགྲན་བསྡུར་བྱེད་སྐབས་འགྲན་ལམ་དུ་ཉེན་ཁའི་གནས་ཚུལ་བྱུང་སྐབས་ལས་དོན་མི་སྣས“SC”ཞེས་པའི་ཡི་གེ་བྲིས་ཡོད་པའི་པང་ལེབ་བཏོན་ཚེ། ་བདེ་འཇགས་རླངས་འཁོར་འགྲན་ལམ་དུ་བསྐྱོད་ནས་མདུན་ཕྱོགས་སུ་རླངས་འཁོར་འགྲན་བསྡུར་ལ་ཁྲིད་སྟོན་བྱེད་པ་དང་ལམ་བུའི་ཐོག་རླངས་འཁོར་སྔོན་མ་ལས་བརྒལ་རྒྱུ་གཏན་འགོག་བྱེད་པའི་དར་ཆ་སེར་པོ་གཡུག་པ་དང། འགྲན་ལམ་གྱི་བདེ་འཇགས་ཀྱི་རྣམ་པ་སླར་གསོ་བྱེད་རག་བར་དུ་རླངས་འཁོར་ཚང་མ་བདེ་འཇགས་རླངས་འཁོར་གྱི་སྣེ་ཁྲིད་འོག་བསྐོར་བ་རྒྱག་དགོས།      བདེ་འཇགས་རླངས་འཁོར་སྟེང་གི་གློག་མེད་པར་གྱུར་རྗེས་ཀྱི་བསྐོར་བ་རྗེས་མ་འགོ་བརྩམས་པ་དེས་འགྲན་སྡུར་ཡང་བསྐྱར་མགོ་བརྩམས་པ་མཚོན་ལ། སྐབས་དེར་ཚོད་འཛིན་ཐིག་ལས་བརྒལ་མི་ཆོག་ལ་རླངས་འཁོར་ཕན་ཚུན་ཡང་སོ་སོར་བརྒལ་མི་རུང་། སྤྱི་ལོ1999ལོའི་འགོ་ཚུགས་ས་ཚིགས་མོར་པེན་གྱི་སྐབས་སུ་པ་ལི་ཆེ་ལུའོ་ཡིས་ཚོད་འཛིན་ཐིག་མ་བརྒལ་གོང་ཧྲུའུ་མ་ཧོ་ལས་བརྒལ་བས་སྐར་ཆ་བཅུའི་ཆད་པ་བཅད་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། རླངས་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-06

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།