པི་ཡཱ་ཏི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པི་ཡཱ་ཏི།
པི་ཡཱ་ཏི་ནི་ཀྲུང་གོའི་རླངས་འཁོར་སྤུས་རྟགས་ཤིག་ཡིན་པ་དང་། སྤྱི་ལོ1995ལོར་བཙུགས་ཤིང་གཙོ་བོ་ཚོང་དོན་རླངས་འཁོར་ཆུང་གྲས་དང་ཁྱིམ་སྤྱོད་རླངས་འཁོར། གློག་རྫས་བཅས་ཐོན་སྐྱེད་བྱེད་བཞིན་ཡོད། དེའང་མི20ལྷག་ཙམ་གྱི་གཞི་ཁྱོན་ནས་འགོ་བཙུགས་ཏེ་སྤྱི་ལོ2003ལོར་གོ་ལ་ཧྲིལ་པོའི་གློག་གསོག་གློག་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཚོང་པ་ཨང་གཉིས་པར་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
比亚迪
ཀུང་ཟིའི་མིང་།
པི་ཡཱ་ཏི་མ་རྐང་ཚད་ཡོད་ཀུང་ཟི།
དབྱིན་ཡིག་གི་མིང་།
BYD
རྒྱལ་ཁོངས།
ཀྲུང་གོ།
བཙུགས་ལོ།
སྤྱི་ལོ1995ལོར།
སྤྱི་ཁྱབ་པུའུ།
ཧྲེན་ཀྲེན།
ལོ་རེའི་ཚོང་གཉེར་ཡོང་འབབ།
སྒོར་དུང་ཕྱུར1277.39
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2003ལོར་པི་ཡཱ་ཏི་རླངས་འཁོར་སྒྲིག་འཛུགས་བྱས་ཤིང་། པི་ཡཱ་ཏི་རླངས་འཁོར་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་རང་བརྟེན་ཐོན་སྐྱེད། རང་བརྟེན་སྤུས་རྟགས་བཅས་ཀྱི་འཕེལ་རྒྱས་ལམ་ཕྱོགས་བརྩི་སྲུང་བྱས་ནས་སྤུས་ལེགས་གོང་ཁེའི་རྒྱལ་དམངས་རླངས་འཁོར་བསྐྲུན་རྒྱུའི་དམ་བཅའ་བཞག་པ་དང་། ཐོན་རྫས་ཀྱི་ཇུས་འགོད་ལ་རྒྱལ་སྤྱིའི་རླབས་རྒྱུན་གྱི་སྔོན་ཐོན་འདུ་ཤེས་བསྡུ་ལེན་བྱས་པར་མ་ཟད། ཀྲུང་གོའི་རིག་གནས་ཀྱི་མཛེས་དཔྱད་འདུ་ཤེས་དང་ཡང་མཐུན་ཡོད། 

སྤྱི་ལོ2017ལོའི་ཟླ11པའི་ཚེས8ཉིན་པི་ཡཱ་ཏི་དུས་རབས་ཀྱི་ཤུགས་རྐྱེན་སྟེ་ཀྲུང་གོའི་ཚོང་ལས་དཔེ་མཚོནTOP30གྲས་སུ་བདམས། སྤྱི་ལོ2019ལོའི་ཟླ12པར་པི་ཡ་ཏི་སྤྱི་ལོ2019ལོའི་ཀྲུང་གོའི་སྤུས་རྟགས་སྟོབས་ལྡན་རྒྱལ་ཁབ་ཀྱི་དཔེ་སྟོན་སྤུས་རྟགས100ཡི་ནང་ཚུད་པ་རེད། སྤྱི་ལོ2019ལོའི་ཟླ12པའི་ཚེས18ཉིན་མི་དམངས་ཉིན་རེའི་ཚགས་པར་གྱིས་ཀྲུང་གོའི་སྤུས་རྟགས་འཕེལ་རྒྱས་སྟོན་གྲངས་ཀྱི་མིང་ཐོ100ཁྱབ་བསྒྲགས་བྱས་པའི་ནང་པི་ཡཱ་ཏི་ཨང་རིམ24པར་གནས་ཡོད།

2 སྤུས་རྟགས་ངོ་སྤྲོད།      

པི་ཡཱ་ཏི་རླངས་འཁོར་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་རང་བརྟེན་ཐོན་སྐྱེད། རང་བརྟེན་སྤུས་རྟགས་བཅས་ཀྱི་འཕེལ་རྒྱས་ལམ་ཕྱོགས་བརྩི་སྲུང་ཞུས་ནས་སྤུས་དག་གོང་ཁེའི་རྒྱལ་དམངས་རླངས་འཁོར་ངོ་མ་བསྐྲུན་རྒྱུའི་དམ་བཅའ་བཞག་པ་དང་། ཐོན་རྫས་ཀྱི་ཇུས་འགོད་ལ་རྒྱལ་སྤྱིའི་རླབས་རྒྱུན་གྱི་སྔོན་ཐོན་འདུ་ཤེས་བསྡུ་ལེན་བྱས་པར་མ་ཟད། ཀྲུང་གོའི་རིག་གནས་ཀྱི་མཛེས་དཔྱོད་འདུ་ཤེས་དང་ཡང་མཐུན་ཡོད། 

3 སྤུས་རྟགས་ཀྱི་ལོ་རྒྱུས།     

པི་ཡཱ་ཏི་མ་རྐང་ཚད་ཡོད་ཀུང་ཟི་ནི་སྤྱི་ལོ1995ལོར་བཙུགས་ཤིང་། མི20ལྷག་ཙམ་གྱི་གཞི་ཁྱོན་ནས་འགོ་བཙུགས་ཏེ་སྤྱི་ལོ2003ལོར་གོ་ལ་ཧྲིལ་པོའི་གློག་གསོག་གློག་རྫས་ཐོན་སྐྱེད་ཚོང་པ་ཆེ་གྲས་གཉིས་པར་གྱུར་པ་དང་། ལོ་དེར་པི་ཡཱ་ཏི་རླངས་འཁོར་སྒྲིག་འཛུགས་བྱས་པ་རེད། “རང་བདག་ཤེས་བྱའི་བདག་དབང”གི་མིང་གྲགས་ཆེན་པོ་དང་ཆིན་ཁྲོན་རླངས་འཁོར་ཉོ་སྒྲུབ་བྱས་པ་ལ་བརྟེན་ནས། པི་ཡཱ་ཏིར་ལས་དང་པོ་བ་གཞན་དང་བསྡུར་ན་བལྟོས་བཅས་ཀྱི་ལེགས་ཆ་མང་པོ་ཞིག་ལྡན་ཡོད། དུས་ཡུན་ཐུང་ངུ་ལོ་གཅིག་ནང་པི་ཡཱ་ཏིའི་རླངས་འཁོར་གྱི་ཐོན་རྫས་ཚད་ནི་དེ་སྔའི“ཧྥུ་ལའེ་ཨེར”གྱི་རླངས་འཁོར་ཆུང་གྲས་རྐྱང་པ་ནས་མགྱོགས་མྱུརAརིམ་པའི་འབར་སྣུམ་རླངས་འཁོར་དང་། cརིམ་པའི་འབར་སྣུམ་རླངས་འཁོར། ལིས་གྱེས་རྡུལ་གློག་སྒུལ་རླངས་འཁོར། མཉམ་འདྲེས་སྒུལ་ཤུགས་རླངས་འཁོར་བཅས་ཚུད་པའི་ལམ་ཐིག་ཧྲིལ་པོའི་ཐོན་རྫས་རྒྱ་སྐྱེད་གཏོང་བཞིན་ཡོད། 

4 འཁོར་ལོའི་མཚོན་རྟགས། 

པི་ཡཱ་ཏིས་མཚོན་རྟགས་གསར་པས་སྔར་ཡོད་ཀྱི་དཀར་སྔོན་འདྲེས་མའི་ཁ་མདོག་མུ་མཐུད་དུ་མི་སྤྱོད་པར། སྔོན་གྱི་རེའུ་དབྱིབས་འཇོང་དབྱིབས་དུ་བསྒྱུར་ནས་འོད་གཟུགས་ཀྱི་གཞི་རྒྱུ་ཁ་སྣོན་བྱས་ཡོད། དེའང་ཡིག་གཟུགས་ཀྱི་བསྟར་སྒྲིག་དང་རིས་དབྱིབས་ཀྱི་ཁ་དོག་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། པི་ཡཱ་ཏི་རླངས་འཁོར་གྱི་གསར་གཏོད་དང་ཚན་རྩལ། ཁེ་ལས་ཀྱི་རིག་གནས་ཀྱི་ཉིང་བཅུད་འབུར་དུ་ཐོན་པས། པི་ཡཱ་ཏི་ཡི་སྤུས་རྟགས་ལ་ནང་དོན་དང་གསོན་ཤུགས་གསར་པ་བསྣན་པ་རེད། པི་ཡ་ཏི་ཡི་མཐོ་རིམ་མི་སྣས་བཤད་པ་ལྟར་ན། པི་ཡ་ཏི་ལ་མཚོན་རྟགས་གསར་བ་ནི་སྔར་ལས་སྟབས་བདེ་ཞིང་མངོན་གསལ་ཡིན་པ་མ་ཟད། རྒྱལ་སྤྱི་ཅན་གྱི་གཞི་རྒྱུ་ཡོད་ལ། ཐེངས་འདིརབརྗེ་སྒྱུར་བྱས་པ་བརྒྱུད། པི་ཡཱ་ཏི་རླངས་འཁོར་གྱིས་རྒྱལ་སྤྱིའི་སྤུས་རྟགས་བཟོ་བའི་དམིགས་འབེན་དེར་དམིགས་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་། ཚན་རིག ཞིབ་འཇུག བྲིན་ཚོང་བཅས་རིམ་པ་སོ་སོའི་རྒྱལ་སྤྱིའི་ཚོང་རྟགས་གྲགས་ཅན་གྱི་འདུ་ཤེས་ཇེ་མཐོར་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ། ཁེ་ལས་ཀྱི་ཁྲོམ་རའི་མཐིལ་རྟོགས་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། མཐར་པི་ཡ་ཏི་སྤུས་རྟགས་དེ་སྤུས་ལེགས་དང་ཚད་རིམ་མཐོ་བའི་རླངས་འཁོར་གྱི་གྲས་ལ་སླེབས་པར་སྐུལ་འདེད་བྱ་རྒྱུ་རེད།

5 ཚོང་གཉེར་གྲུབ་འབྲས། 

སྤྱི་ལོ2020ལོའི་ཟླ3ཚེས31ཉིན་གྱི་དགོང་མོར། པི་ཡཱ་ཏིས་སྤྱི་ལོ2019ལོའི་ལོ་འཁོར་གྱི་ཚོང་གཉེར་གྲུབ་འབྲས་མྱུར་འཕྲིན་སྟེང་གསལ་བསྒྲགས་བྱས་པ་ལྟར་ན། སྤྱི་ལོ2019ལོར་ཀུང་ཟིའི་ཚོང་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར1277.39མངོན་གྱུར་བྱུང་བ་དང་། ཚོང་རར་བཏོན་པའི་ཀུང་ཟིའི་མ་རྐང་འཇོག་མཁན་ཁེ་གཙང་སྒོར་དུང་ཕྱུར16.12ཡིན། པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་ཟི་དང་དེའི་ཟུར་གཏོགས་ཀུང་ཟིའི་ཚོང་གཉེར་ཡོང་འབབ་སྤྱི་ལོ2012ལོ་ལས་བརྒྱ་ཆའི1.78མར་ཆག་པ་དང་། ཚོང་རར་བཏོན་པའི་ཀུང་ཟིའི་མ་རྐང་འཇོག་མཁན་གྱི་ཁེ་སྤོགས་རྐྱང་རྐྱང་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི42.03མར་ཆག་ཡོད།

6 ཐོན་རྫས་རིགས་དབྱེ།     

པི་ཡ་ཏི་ཆིན།      

པི་ཡ་ཏི་ཐང་།    

པི་ཡ་ཏི་སུང་།      

པི་ཡ་ཏི་ཡོན།      

སུངMAX    

པི་ཡ་ཏིF3      

སུའུ་རུའེ།     

སི་རུའེ།      

ཧྥུ་ལའེ་ཨེར། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

པི་ཡ་ཏི། BYD འཁོར་ལོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-27

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།