ཡོངས་འཛིན་རིག་མཛོད། >འཚོ་བ། >ཁྱིམ་ཆས། >ཁྱིམ་ཆས།

གློག་རྡིག

གློག་རྡིག་ལ་གློག་བ་ཡང་ཟེར། དེ་ནི་གློག་ནུས་གློག་ཁོག་སུ་བསྒྱུར་བའི་ཐབ་ཆས་ཤིག་ཡིན། དེ་ནི་བཀོལ་སྤྱོད་བྱེད་བདེ་བ་དང་བདེ་ཐང་ཡིན་པ། ད་དུང་དེ་ལས་གཞན་པའི་ནུས་པ་ཁྱད་འཕགས་ལྡན་ནོ། །

རིགས་དབྱེ།  

ཁྲ་ཡོལ།

ཁྲ་ཡོལ་ནི་ཁྱིམ་ཚང་གི་ཁང་པ་གསར་བ་སོགས་མཛེས་འཆོས་བྱེད་པའི་དངོས་པོ་ཞིག་ཡིན། ཐོག་ཁང་གསར་བ་སོགས་སུ་མཛེས་འཆོས་བྱེད་པའི་སྐབས་སུ་ཕལ་ཆེར་བཀོལ་སྤྱོད་བྱེད་པ་ཡིན།

རིགས་དབྱེ།  

གོས་རྡང་།

གོས་རྡང་ནི་མིའི་རིགས་ཀྱིས་ཉིན་རྒྱུན་བཀོལ་སྤྱོད་བྱེད་བཞིན་པའི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན། དེང་སྐབས་ཁྱིམ་ཚང་མང་པོ་ཞིག་གི་འཚོ་བའི་ངེས་མཁོའི་དངོས་རྫས་ཤིག་ཏུ་གྱུར་ཡོད།

རིགས་དབྱེ།  

གློག་སྟན།

གློག་སྟན་ནི་མི་རྣམས་གཉིད་པའི་སྐབས་སུ་མལ་འགྲིལ་ནང་གི་དྲོད་ཚད་ཇེ་མཐོར་གཏོང་བྱེད་ཀྱི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན། དེ་ནི་གློག་ཟད་ཚད་ཉུང་ལ་དྲོད་ཚད་རང་ཉིད་ཀྱིས་དགོས་མཁོ་དང་བསྟུན་ནས་སྙོམ་སྒྲིག་བྱེད་ཆོག་པ་ཞིག་ཡིན།

རིགས་དབྱེ།  

ཅོག་ཁེབས།

ཅོག་ཁེབས་ལ་དབྱེ་ན་གསོལ་ཅོག་སྒོར་དབྱིབས་རིགས་ཀྱི་ཅོག་ཁེབས་དང་། གསོལ་ཅོག་གྲུ་བཞི་དབྱིབས་ཀྱི་ཅོག་ཁེབས། ཇ་ལྕོག་སྒོར་དབྱིབས་རིགས་ཀྱི་ཅོག་ཁེབས་སོགས་རིགས་ཧ་ཅང་མང་པོ་འདུག

རིགས་དབྱེ།  

ཅོག་ཙེ་གྲུ་བཞི།

ཅོག་ཙེ་གྲུ་བཞི་ནི་ཐུན་མོང་མ་ཡིན་པའི་ཁྱད་འཕགས་ཅན་གྱི་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱིམ་ཆས་ཤིག་རེད། གྲུ་བཞི་ཁ་གང་དབྱིབས་ཅན་གྱི་ཅོག་ཙེ་ཡིན། ཚད་གཞི་ལ་རིགས་ཆེ་ཆུང་གི་དབྱེ་བ་ཡོད།

རིགས་དབྱེ།  

ཅོག་ཙེ།

ཅོག་ཙེ་ནི་རྒྱུན་བཀོལ་གྱི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན། ངོས་འཇམ་པོ་ཡིན་པ་དང་། དེའི་ཐོག་ཏུ་དངོས་པོ་འཇོག་ཆོག་པ་དང་བྱ་བ་སོགས་སྒྲུབ་ན་ཆོག་གོ །

རིགས་དབྱེ།  

ཇ་ཅོག

ཇ་ཅོག་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་དར་རྒྱས་བྱུང་བའི་ཁྱིམ་ཆས་ཤིག་རེད། མིང་རྒྱལ་རབས་སྐབས་ཀྱི་རི་མོའི་ཁྲོད་དུ་ཇ་ཅོག་གི་ནུས་པ་ཐོན་ཡོད། ཆིང་རྒྱལ་རབས་ཀྱི་སྐབས་སུ་འགྱུར་ལྡོག་བྱུང་ནས་ཁྱད་འཕགས་ཀྱི་ཐོན་རྫས་ཤིག་ཏུ་གྱུར་བ་རེད། སྤྱིར་བཤད་ན། ཇ་ཅོག་ཅུང་དམའ་བ་དང་ལ་ལར་ད་དུང་རིམ་པ་ཉིས་བརྩེགས་ཅན་ཡིན། ཇ་ཅོག་མང་ཆེ་ཤོས་ནི་མགྲོན་ཁང་ནང་གི་འབོལ་ཁྲི་ཡོད་པའི་གནས་སུ་འཇོག་དགོས་པ་དང་གཙོ་བོ་ཐོག་ཏུ་ཇ་ཕོར་དང་སིལ་ཏོག མེ་ཏོག དུ་ཚག་སོགས་འཇོག་བྱེད་ཀྱི་གོ་ཆོད་ཡོད།

རིགས་དབྱེ།  

ཉལ་ཤག

ཉལ་ཤག་ནི་མི་རྣམས་ངལ་གསོ་སའི་གནས་གཙོ་བོ་ཞིག་ཡིན་པས། ཉལ་ཤག་ཇུས་འགོད་བྱས་པ་བཟང་མིན་གྱིས་ཐད་ཀར་མི་རྣམས་ཀྱི་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བ། སློབ་སྦྱོང་བྱེད་པ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད། དེ་བས་ཉལ་ཤག་ནི་ཁྱིམ་ཚང་མཛེས་སྤྲས་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན།

རིགས་དབྱེ།  

ཉིས་མལ།

ཉིས་མལ་ནི་སྔ་རོལ་གྱི་མལ་ཁྲི་དང་བསྡུར་ན་ཅུང་ཆེ་བ་ཡིན། དེའི་ཐོག་ཏུ་མི་གཉིས་ནས་གསུམ་ད་དུང་དེ་ལས་མང་པོའི་བཀོལ་སྤྱོད་བྱེད་ཐུབ། རིང་ཚད་ལ་སྨི་གཉིས་ཡོད། ཞེང་ཚད་ལ་སྨི་གཅིག ཉིས་མལ་ལ་དབྱེ་ན་ཚད་ལྡན་གྱི་ཉིས་མལ་དང་ཇེ་ཆེར་གཏོང་ཆོག་པའི་ཉིས་མལ་གཉིས་ཡོད།

རིགས་དབྱེ།  

ད་བེར།

ད་བེར་ནི་གནའ་རབས་ཀྱི་འཛུགས་སྐྲུན་དངོས་པོའི་ནང་ཁུལ་གྱི་རླུང་འགོག་བྱེད་ཀྱི་ཁྱིམ་ཆས་ཤིག་ཡིན། ད་བེར་ནི་སྲོལ་རྒྱུན་གྱི་ཁྱིམ་ཆས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ལོ་རྒྱུས་ཡུན་རིང་ལྡན།

རིགས་དབྱེ།  

དྲ་ཚགས།

དབྱར་ཁ་སླེབས་དུས། དུག་སྦྲང་དང་ཤ་སྦྲང་སོགས་ཀྱིས་མི་རྣམས་ལ་གནོད་པ་ཐེབས་སྲིད་པ་དང་། ཁྱིམ་ནང་དུ་དུག་སྦྲང་གཅིག་ཡོད་པ་ན་གཉིད་མི་ཐུབ་པ་ཡིན། དེ་ན་དུག་སྦྲང་བཀག་འགོག་བྱེད་པའི་ཐབས་ནི་སྤོས་དང་ཆུའི་དྲི་ཞིམ་སོགས་བཀོལ་སྤྱོད་བྱེད་པ་ལས་གཞན། དྲ་ཚགས་ནི་དུག་སྦྲང་འགོག་པའི་ཐབས་ལེགས་ཤོས་ཤིག་རེད།

རིགས་དབྱེ།  

དྲིལ་ཡོལ།

དྲིལ་ཡོལ་གཙོ་བོ་གློག་སྒུལ་དྲིལ་ཡོལ་དང་། འདེད་སྒྲོག་དྲིལ་ཡོལ། ལྡེམ་རྩིབ་དྲིལ་ཡོལ། མེ་འགོག་དྲིལ་ཡོལ་སོགས་ཡོད། དེས་ལ་ཕྱིའི་རྣམ་པ་མཛེས་པ། གྲུབ་ཚུལ་སྲ་བརྟན་ཡིན་པ་དང་སྤྱོད་ཤན་ཆེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན།

རིགས་དབྱེ།  

ཕོར་སྒྲོམ།

ཤིང་བཟོའི་ཕོར་སྒྲོམ་ལ་ཤིང་རིགས་ཀྱི་ཕོར་སྒྲོམ་དང་གདངས་གཏོང་སྟངས་རིགས་ཀྱི་ཕོར་སྒྲོམ། ཧ་ཡང་ལྕགས་བསྲེས་མའི་རིགས་ཀྱི་ཕོར་སྒྲོམ་བཅས་གསུམ་ཡོད།

རིགས་དབྱེ།  

བསིལ་སྔས།

བསིལ་སྔས་ནི་བསིལ་བར་བྱེད་པའི་ཉལ་ཆས་ཤིག་ཡིན། དེ་ནི་ཚ་བ་འགོག་པ་དང་དྲོད་ཚད་མར་འབབ་པའི་རྒྱུ་ཆའི་གྲུབ་པ་ཡིན། དེ་ཡིས་མི་རྣམས་གཉིད་ཁུག་པར་བསིལ་མོ་བདེ་མོ་ཡིན་པའི་ཁོར་ཡུག་ཞིག་བསྐྲུན་ངེས་ཡིན། དེ་བས། དབྱར་ཁ་སླེབས་དུས། རང་ཉིད་ལ་འཚམ་པའི་བསིལ་སྔས་བཀོལ་སྤྱོད་བྱས་ན་མིའི་ལུས་པོ་བདེ་ཐང་ཡོང་བར་ཕན་པ་ཆེའོ། །

རིགས་དབྱེ།  

བསིལ་སྟན།

བསིལ་སྟན་ནི་དབྱར་ཁར་བསིལ་མོ་ཡོང་བའི་ཆེད་དུ་བཀོལ་སྤྱོད་བྱེད་བཞིན་པའི་གདན་ཡིན། དེ་ལ་སྨྱུག་མའི་རིགས་ཀྱི་བསིལ་སྟན་དང་རྩྭའི་རིགས་ཀྱི་བསིལ་སྟན་གཉིས་ཡོད།

རིགས་དབྱེ།  

བསྣོལ་ཁྲིའུ།

ཧན་རྒྱལ་རབས་དང་ཝེ་རྒྱལ་རབས་ཀྱི་སྔོན་ལ། གནའ་མི་ཐམས་ཅད་ས་ལ་སྡོད་པ་དང་སྐབས་དེར་རྐུབ་བཀྱག་རྒྱབ་བསྙེས་མ་སོགས་མེད་པ་དང་། དུས་སྐབས་དེའི་མལ་ཁྲི་ནི་སྔ་རབས་ཀྱི་རྐུབ་སྟེགས་ཡིན་པ་དང་གཟིམ་ཆས་མིན། གྲལ་རིམ་གྱི་དབྱེ་བ་ཆེ་བའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཁྲོད་དུ་བསྣོལ་ཁྲིའུ་ནི་མི་གང་རུང་ཞིག་འདུག་ཐུབ་པ་ཞིག་མ་ཡིན་པར། བསྣོལ་ཁྲིའུ་ལ་འདུག་པའི་མི་ནི་ཐོབ་ཐང་ཡོད་པ་དང་གོ་གནས་མཐོ་བ་སོགས་ཡིན།

རིགས་དབྱེ།  

ཚ་ཐབ།

ཚ་ཐབ་ནི་བྱང་ཕྱོགས་ཀྱི་སྡོད་ཁང་དུ་རྒྱུན་དུ་མཐོང་བའི་དྲོད་བཟོ་སྒྲིག་ཆས་ཀྱི་རིགས་ཤིག་ཡིན། གནའ་རབས་ཀྱི་རྒྱལ་བོའི་ཕོ་བྲང་དུ་ཚ་ཐབ་ཧ་ཅང་མང་། ད་དུང་ཁང་མིག་གཅིག་གི་ནང་དུ་ཚ་ཐབ་གཉིས་གསུམ་རེ་ཡོད། འདིས་ཁང་བའི་ནང་དུ་འདུག་ས་དང་ཉལ་སའི་དོན་དག་ཐག་གཅོད་བྱས་ཡོད།

རིགས་དབྱེ།  

ཟས་ཅོག

ཟས་ཅོག་གི་གོ་དོན་དངོས་ནི་ཆེད་དུ་ཟས་སྤྱོད་བྱེད་ཀྱི་ཅོག་ཙེ་ལ་གོ་བ་ཡིན། རྒྱུ་སྤུས་ལྟར་དབྱེ་ན་ཤིང་གི་བཟོས་པའི་ཟས་ཅོག་དང་ལྕགས་རིགས་ཀྱི་ཟས་ཅོག་རྡོ་ཀ་མ་རུའི་ཅོག་ཙེ་སོགས་མང་ངོ་། །

རིགས་དབྱེ།  

འདུག་གདན།

འདུག་གདན་ནི་འདུག་སྟེགས་སུ་དུས་ཡུན་རིང་བོར་གཙང་མའི་སྒོ་ནས་འདུག་ཐུབ་པ་དང་འདུག་སྟེགས་ཐོག་ཏུ་བཞག་ན་དྲོད་འཛིན་དང་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད། སྤྱིར་བཏང་དུ་རྐུབ་བཀྱག་རྒྱབ་བསྙེས་མའི་ཐོག་ཏུ་སྒྲིག་པ་ཡིན།

རིགས་དབྱེ།  

རྩྭ་གདན།

རྩྭ་གདན་གྱི་རླངས་ཚགས་ཚངས་ཐིག་གི་ནང་མ་ངེས་པར་དུ་ཆུང་དགོས། གལ་ཏེ་ཧ་ཅང་ཆེ་དྲགས་ན་ནང་དུ་འཇོག་མི་ཐུབ་པ་ཡིན། ད་དུང་འཚེམ་གྲི་བཟུང་ནས་ཁག་ཅིག་དྲས་ན་ཆོག རྩྭ་གདན་བཀོལ་སྤྱོད་མ་བྱས་སྔོན་ལ་ཁྱད་འཕགས་ཀྱི་བཟོ་བཅོས་བྱེད་མི་དགོས། ཆུ་དྲོད་འཇམ་གྱིས་བཀྲུ་བས་ཆོག་གོ །

རིགས་དབྱེ།  

ལྟེབ་ཅོག

ལྟེབ་ཅོག་ནི་ལྟེབ་ཆོག་པའི་ནུས་པ་ལྡན་པའི་ཅོག་ཙེ་ལ་གོ་དགོས་ཏེ། སྤྱིར་བཏིང་དུ་དེ་ནི་ལྕགས་དང་ཤིང་ལས་གྲུབ་པ་ཡིན།

རིགས་དབྱེ།  

ལྷམ་སྒྲོམ།

སྲོལ་རྒྱུན་གྱི་ལྷམ་སྒྲོམ་ནི་ད་ལྟའི་ཁྱིམ་ཆས་ཀྱི་ཁྲོད་དུ་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་ལྷམ་སྒྲོམ་ཡིན། གཙོ་བོ་ནི་ལྷམ་འཇོག་པའི་ནུས་པ་ལྡན་པ་དེ་ཡིན། དུས་མཚུངས་སུ་རྣམ་པའི་སྟེང་ནས་ཀྱང་མུ་མཐུད་དུ་འགྱུར་ལྡོག་བྱུང་བ་དང་གསར་གཏོད་བྱེད་བཞིན་ཡོད་པ་རེད།

རིགས་དབྱེ།  

ས་གདན།

ཡིག་ཚང་ལྟར་ན། ཐང་རྒྱལ་རབས་དང་སུང་རྒྱལ་རབས་ནས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་ས་གདན་གྱི་རིགས་ཇེ་མང་ནས་ཇེ་མང་སོང་། གཙོ་བོ་ནི་བལ་དང་སྤུ། གཙོ་ཐག་སོགས་ཀྱི་རྒྱུ་ཆ་བཟོ་སྐྲུན་བྱས་པ་རེད། སོག་པོ་དང་བོད་རིགས་སོགས་གྲངས་ཉུང་མི་རིགས་དག་དང་མཉམ་དུ་བཟོ་སྐྲུན་བྱས་པས། ཡུན་གྱིས་འཕེལ་རྒྱས་ཆེན་པོ་བྱུང་བ་རེད།

རིགས་དབྱེ།  

སྔས་སྒྲོམ།

སྔས་སྒྲོམ་ནི་ཉལ་ཁང་ནང་གི་ཁྱིམ་ཆས་ཤིག་ཡིན། དེ་ནི་མལ་ཁང་གི་ཕྱོགས་གཡས་གཡོན་གཉིས་སུ་ཡོད་པ་དང་། སྔས་སྒྲོམ་གྱིས་མལ་ཁྲི་ལ་རྒྱས་སྤྲོས་བྱས་ཡོད་པ་དང་དེའི་མིང་ཡང་མལ་ཁྲིའི་ནུས་པ་ཁ་གསབ་བྱེད་པ་དང་བསྟུན་ནས་ཐོགས་པ་ཡིན།

རིགས་དབྱེ།  

སློབ་ཅོག

སློབ་ཅོག་ནི་སློབ་མའི་བཀོལ་སྤྱོད་བྱེད་པའི་ཅོག་ཙེ་ཡིན་ཏེ། སློབ་གྲྭའི་སློབ་སྦྱོང་གི་ཅོག་ཙེ་ནི་ངེས་པར་དུ་གཅིག་གྱུར་གྱི་སློབ་ཚོགས་ཅོག་ཙེ་ཡིན་དགོས

རིགས་དབྱེ།  

དབུར་པང་།

དབུར་པང་ནི་ཁྱིམ་ཆས་ཀྱི་ཁོངས་གཏོགས་ཡིན་ལ། དེ་ནི་པང་ལེབ་དང་འདེགས་དངོས་གཉིས་ཀྱི་གྲུབ་པ་རེད། དེ་ལ་རིགས་མང་པོ་ཡོད་མོད། འོན་ཀྱང་ཤིང་རིགས་ཀྱི་དབུར་པང་གི་གྲུབ་ཚུལ་སྟབས་བདེ་ཡིན་ལ་བཀོལ་སྤྱོད་བྱེད་པར་ཧ་ཅང་སྟབས་བདེ་ཡིན།

རིགས་དབྱེ།  

མེ་ཐབ།

མེ་ཐབ་ནི་ཉིན་རྒྱུན་འཚོ་བའི་ཁྲོད་ཆེས་སྟབས་བདེ་བའི་དྲོད་ལེན་སྒྲིག་ཆས་ཤིག་ཡིན། མེ་ཐབ་ཀྱི་འབར་རྫས་གཙོ་བོ་ནི་རྡོ་སོལ་ཡིན།

རིགས་དབྱེ།  

ཏ་ལེན།

ཏ་ལེན་ནི་བོད་ཡུལ་ན་དར་ཁྱབ་ཆེ་བའི་ཉེར་མཁོའི་ཅ་ལག་ཅིག་ཡིན་ལ། ཏ་ལེན་ལ་ཡང་བཀོལ་སྤྱོད་ཀྱི་ཁྱད་པར་ལྟར་ཆེ་ཆུང་དང་བཟང་ངན་ཡོད་པ་ཡིན། དཔེར་ན་རྟ་དང་སྣ་མ་ལ་འགེལ་བྱའི་ཏ་ལེན་ཆེན་པོ་ཞིག་དང་། རྒྱུན་ཟས་རྩམ་པ་དང་ཅ་ནེ་མར་དང་ཕྱིར་བ་ཁ་ཟས་སོགས་བླུགས་སའི་ཏ་ཆུང་ཞིག་ཡོད་པ་ཡིན།

རིགས་དབྱེ།  

མར་སྣོད།

བོད་རིགས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་སྤྱོད་སྒོ་ཆེ་ཞིང་མར་ལ་ཉི་དུག་མི་ཕོག་པ་དང་ནུས་པ་སོགས་མི་ཤོར་བའི་ཤིང་ལས་བཟོས་པའི་ཡོད་བྱད་ཅིག་ཡིན།

རིགས་དབྱེ།