གློག་རྡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་རྡིག
གློག་རྡིག་ལ་གློག་བ་ཡང་ཟེར། དེ་ནི་གློག་ནུས་གློག་ཁོག་སུ་བསྒྱུར་བའི་ཐབ་ཆས་ཤིག་ཡིན། དེ་ནི་བཀོལ་སྤྱོད་བྱེད་བདེ་བ་དང་བདེ་ཐང་ཡིན་པ། ད་དུང་དེ་ལས་གཞན་པའི་ནུས་པ་ཁྱད་འཕགས་ལྡན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电饭煲
ཕྱི་ཡིག་གི་མིང་།
Rice cooker
1 འཕེལ་རིམ་ལོ་རྒྱུས།

ཆེས་ཐོག་མའི་གློག་རྡིག་གི་ཇུས་འགོད་ནི་ཧ་ཅང་སྟབས་བདེ་ཡིན།  བཀོལ་སྤྱོད་བྱེད་བདེ་བ།  རྒྱུ་ཆ་ནི་ཧ་ཡང་ཡིན་པ་དང་།  དེའི་རྗེས་སུ་འདིའི་རིགས་ཀྱི་གློག་རྡིག་གི་ཕྱི་ཚུལ་གྱི་ཇུས་འགོད་ཡང་བཅོས་བསྒྱུར་ཆེན་པོ་བྱུང་ཡོད།  ཐོག་ཏུ་རི་མོ་སྣ་ཚོགས་ཡོད་པ་དང་རྣམ་པ་ཡང་སྔར་ལས་ཀྱང་ཇེ་མང་དུ་སོང་ཡོད།  འཕྲུལ་ཆས་རང་བཞིན་གྱི་གློག་རྡིག་གི་རྗེས་སུ་གློག་ཀླད་རང་བཞིན་གྱི་གློག་རྡིག་ཀྱང་བྱུང་བ་རེད།  དེ་ལ་གཡོས་སྦྱོར་བྱེད་པའི་ནུས་པ་གཅིག་པུ་མ་ཡིན་པར།  སྔར་ལས་ཀྱང་ནུས་པ་ཇེ་མང་དུ་སོང་ཡོད།  དེ་བས་དེའི་ནང་དུ་ཟ་མ་གཡོས་སྦྱོར་བྱས་ན་ཞིམ་མངར་ལྡན་པ་མ་ཟད།  བཅུད་ཀྱང་སྔར་ལས་ཕུན་སུམ་ཚོགས་པ་ཡིན།   

2 གྲུབ་ཚུལ།

སྤྱིར་བཏང་གི་གློག་རྡིག་གི་གྲུབ་ཚུལ་ནི་གཙོ་བོ་དྲོད་ཚད་ཚོད་འཛིན་དང་བསད་སྤར་དྲོད་སྲུང་།  གསལ་སྒྲོན།  བསྒར་ཁུང་སོགས་ཀྱིས་གྲུབ་པ་ཡིན། 

3 བདམས་ཉོ་བྱེད་སྟངས།

གློག་རྡིག་གི་ནུས་པ་གཞན་པའི་སླ་ང་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད།  དེ་ནི་དེང་རབས་ཀྱི་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་པར་འཚམ།  དེས་མགྱོགས་མྱུར་ལྡན་པ་དང་། སྟབས་བདེ་ཡིན་པ།  ནུས་པ་མང་པོ་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན།  དེ་བས་ཁྱིམ་ཚང་གང་དུ་སོང་ཡང་གློག་རྡིག་བཀོལ་སྤྱོད་བྱེད་བཞིན་པ་ཧ་ཅང་མང་བ་དང་འཛད་སྤྱོད་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།   གློག་རྡིག་མངགས་ཉོ་བྱེད་པའི་སྐབས་སུ་ཆེས་གཙོ་བོ་ནི་བདེ་འཇགས་ཡིན་པས།  མངགས་ཉོ་བྱེད་པའི་སྐབས་སུ་ཐོན་རྫས་ཐོག་ཏུ3C ཅན་གྱི་རྟགས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས། 

4 བཀོལ་སྤྱོད་བྱེད་སྟངས།

གློག་རྡིག་ནི་ཁྱིམ་གློག་ཁྲོད་དུ་གློག་ཟད་ཚད་ཆེས་མཐོ་བའི་གློག་ཆས་ཤིག་ཡིན་པས།  གལ་ཏེ་བཀོལ་སྤྱོད་བྱེད་པའི་ཐབས་ལམ་དང་བདག་སྐྱོང་བྱེད་པ་མ་འགྲིག་ན་གློག་ཟད་ཚད་ཧ་ཅང་མཐོ་བ་ཡིན།   དཔེར་ན་འབྲས་ཆུའི་ནང་དུ་སྦངས་ནས་སྐར་མ་བཅོ་ལྔ་འགོར་རྗེས་གློག་རྡིག་ནང་དུ་བཙོས་ན་དུས་ཚོད་ཐུང་བས་གློག་ལ་གྲོན་ཆུང་བྱེད་ཐུབ།  རང་འགུལ་གྱིས་གང་འདོད་ལྟར་གློག་རྡིག་གི་ལྷུ་ལག་རྣམས་ལ་ལྷུ་བཤིག་བྱེད་མི་རུང་།  གལ་ཏེ་སྐྱོན་བྱུང་པ་ན་ངེས་པར་དུ་ཆེད་ལས་མི་སྣ་དང་ཡང་ན་ཆེད་འཚོང་ཁང་སོགས་སུ་སོང་ནས་ཞིག་གསོ་བྱེད་དུ་འཇུག་དགོས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། གློག་ཆས། གློག་རྡིག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།