གོས་རྡང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོས་རྡང་།
གོས་རྡང་ནི་མིའི་རིགས་ཀྱིས་ཉིན་རྒྱུན་བཀོལ་སྤྱོད་བྱེད་བཞིན་པའི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན། དེང་སྐབས་ཁྱིམ་ཚང་མང་པོ་ཞིག་གི་འཚོ་བའི་ངེས་མཁོའི་དངོས་རྫས་ཤིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
晾衣架
ཕྱི་ཡིག་གི་མིང་།
clotheshorse
1 ཐོན་རྫས་ངོ་སྤྲོད།

གོས་རྡང་ནི་མིའི་རིགས་ཀྱིས་ཉིན་རྒྱུན་བཀོལ་སྤྱོད་བྱེད་བཞིན་པའི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན།  དེང་སྐབས་ཁྱིམ་ཚང་མང་པོ་ཞིག་གི་འཚོ་བའི་ངེས་མཁོའི་དངོས་རྫས་ཤིག་ཏུ་གྱུར་ཡོད།  གོས་རྡང་ནི་ཀྲུང་གོའི་ཁྱད་འཕགས་ཀྱི་ཐོན་རྫས་ཤིག་རེད།  ལས་རིགས་དེ་ད་བར་དུ་ལོ་ངོ་བཅུའི་ལྷག་གི་དུས་ཚོད་འགོར་ཡོད།  གསར་གཏོད་བྱས་པ་ནས་ད་ལྟའི་བར་དུ་ལག་རྩལ་མུ་མཐུད་དུ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།  གོས་རྡང་ནི་མཛེས་སྤུད་རྒྱན་ཆ་ཞིག་ཡིན་པ་མ་ཟད།  རྩོལ་ནུས་རང་བཞིན་གྱི་ཐོན་རྫས་ཤིག་ཀྱང་རེད།  མིག་སྔར་གོས་རྡང་གི་ཕན་ནུས་ཕྱོགས་ཡོངས་ནས་འཛད་སྤྱོད་བྱེད་མཁན་པ་རྣམས་ཀྱིས་གདང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་དེ་ཡང་ལས་རིགས་ཤིག་ཏུ་གྲུབ་ཡོད།  ལོ་ངོ་མང་པོའི་རིང་ལ་དཀའ་སྡུག་གང་མང་ཞིག་བརྒྱུད་མཐར་ལས་རིགས་ཀྱི་སྤུས་ཀའི་ཐད་ནས་ཀྱང་ཅུང་འཕར་ཆག་མེད་པར་གྱུར་ཡོད། 

2 དབྱེ་བ།

རང་རྒྱལ་དུ།  གོས་རྡང་ལ་ཐོན་རྫས་ཀྱི་ཐད་ནས་དབྱེ་ན་རིགས་གཉིས་ཡོད་དེ།  རིགས་གཅིག་ནི་འདེགས་འབེབས་གོས་རྡང་དང་ཡང་ན་གློག་སྒུལ་རིགས་ཀྱི་གོས་རྡང་དེ་ཡིན།   དེ་ལ་དབྱེ་ན་ལག་སྒུལ་དང་གློག་སྒུལ་རིགས་གཉིས་ཡོད་པ་ལས།   གློག་སྒུལ་རིགས་ཀྱི་གོས་རྡང་བཀོལ་སྤྱོད་བྱེད་མཁན་མང་བ་དང་ཚོང་རར་ཧ་ཅང་བྲིན།  རིགས་གཅིག་ནི་སར་གནས་པའི་གོས་རྡང་ཡིན།  གཙོ་བོ་གཤོག་དབྱིབས་དངxདབྱིབས། རྐྱང་རྡང་དང་ཆ་ཅན་གྱི་གོས་རྡང་སོགས་རིགས་དུ་མ་ཡོད།  འདིའི་རིགས་ཀྱི་ཐོན་རྫས་ཀྱི་གྲུབ་ཚུལ་ཅུང་སྟབས་བདེ་ཡིན།  གཡའ་མི་རྒྱག་པའི་ངར་ལྕགས་ཀྱི་རྒྱུ་ཆ་དང་སྤོས་འགྱིག་རིགས་ཀྱི་རྒྱུ་ཆའི་ཐོན་སྐྱེད་བྱས་པ་ཡིན།  ཧ་ཅང་སྟབས་བདེ་ཡིན་པས་འཛད་སྤྱོད་པ་རྣམས་ཀྱི་བཀོལ་སྤྱོད་བྱེད་མཁན་མང་ངོ་། །

3 ཐོན་རྫས་ཀྱི་ཁྱད་ཆོས།

སྲོལ་རྒྱུན་གྱི་གཏན་འཇགས་དང་ལག་སྒུལ་རང་བཞིན་གྱི་འདེགས་འབེབས་གོས་རྡང་ལས་གློག་སྒུལ་གོས་རྡང་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན།     གཅིག    བཀོལ་སྤྱོད་བྱེད་པར་སྟབས་བདེ་ཡིན་པ་དང་ཤུགས་ཞེ་དྲག་རྒྱག་མི་དགོས་པ།  ལས་སླ་མོའི་སྒོ་ནས་རྒྱང་རིང་ཚོད་འཛིན་གྱི་བཀོལ་སྤྱོད་བྱས་ན་ཕན་ནུས་སྣ་ཚོགས་ཡོད་དོ། །   གཉིས།   གློག་སྒུལ་གོས་རྡང་གཅིག་ལ་ནུས་པ་མང་པོ་ལྡན་པ།  དུག་སེལ་བ་དང་རང་འགུལ་གྱི་འདེགས་འབེབབ་བྱེད་པ།  སྐམ་པར་གྱུར་བ་སོགས་ཀྱི་ཁྱད་ཆོས་ལྡན།  གསུམ།    ཕྱི་ཚུལ་ཧ་ཅང་མཛེས་པས་ཁང་པའི་ནང་གི་རྒྱན་ཆ་ཞིག་ཏུ་བརྩི་ཡང་ཆོག    བཞི།  བདེ་འཇགས་དུག་སེལ་གྱི་ནུས་པ་དང་དུས་གཏན་རང་བཞིན་གྱི་དུག་སེལ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་ནོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། གོས་རྡང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།