གློག་སྟན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་སྟན།
གློག་སྟན་ནི་མི་རྣམས་གཉིད་པའི་སྐབས་སུ་མལ་འགྲིལ་ནང་གི་དྲོད་ཚད་ཇེ་མཐོར་གཏོང་བྱེད་ཀྱི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན། དེ་ནི་གློག་ཟད་ཚད་ཉུང་ལ་དྲོད་ཚད་རང་ཉིད་ཀྱིས་དགོས་མཁོ་དང་བསྟུན་ནས་སྙོམ་སྒྲིག་བྱེད་ཆོག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电热毯
ཕྱི་ཡིག་གི་མིང་།
electric blanket
1 ངོ་སྤྲོད་མདོར་བསྡུས།

གློག་སྟན་ནི་མི་རྣམས་གཉིད་པའི་སྐབས་སུ་མལ་འགྲིལ་ནང་གི་དྲོད་ཚད་ཇེ་མཐོར་གཏོང་བྱེད་ཀྱི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན།  དེ་ནི་གློག་ཟད་ཚད་ཉུང་ལ་དྲོད་ཚད་རང་ཉིད་ཀྱིས་དགོས་མཁོ་དང་བསྟུན་ནས་སྙོམ་སྒྲིག་བྱེད་ཆོག   བཀོལ་སྤྱོད་བྱེད་པར་རྒྱ་ཆེ་བ་དང་སྟབས་བདེ་བ།  ལོ་ངོ་བརྒྱ་ཕྲག་རིང་གི་ལོ་རྒྱུས་ལྡན།   མིག་སྔར་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འགྱེད་འཕྲོ་མེད་པའི་གློག་སྟན་ཐོན་སྐྱེད་བྱས་ཡོད་པས་སྦྲུམ་མ་དང་བྱིས་པ།  རྒན་པ་རྣམས་ཀྱི་སེམས་བདེ་མོའི་ངང་ནས་འགྱེད་འཕྲོ་མེད་པའི་གློག་སྟན་བཀོལ་སྤྱོད་བྱས་ན་ཆོག་གོ །

2 དགེ་མཚན།

གློག་སྟན་ལའང་རང་ཉིད་ཀྱི་བཟང་བའི་ཆ་ཡོད་དེ།   དེ་ནི་གྲུམ་བུ་རེས་གཟེར་ཡོད་པའི་མི་རྣམས་ལ་སྲུང་སྐྱོབ་བྱེད་པ་དང་།  ཡང་བསྐྱར་མི་བྱུང་བར་ཕན་པ་ཆེན་པོ་ཡོད།  དེ་ལས་གཞན་ད་དུང་རྒན་པ་དང་ལུས་ཕུང་ཞན་པའི་མི་རྣམས་ལའང་གློག་སྟན་གྱིས་ཅུང་ལེགས་པའི་སྲུང་སྐྱོབ་བྱེད་པ་ཡིན། 

3 སྐྱོན་ཆ།

གཅིག སྤུས་ཀ་ཞན་པའི་གློག་སྟན་དུས་ཡུན་རིང་བོར་བཀོལ་སྤྱོད་བྱས་རྗེས་གལ་ཏེ་དུས་ལྟར་ཞིག་གསོ་མ་བྱས་ན་གློག་ཤོར་བའི་སྣང་ཚུལ་བྱུང་བ་ཡིན།  དེ་བས་གཉིད་པའི་སྐབས་སུའང་རབ་ཡིན་ན་བཀོལ་སྤྱོད་མ་བྱས་ན་བཟང་།  གཉིས།  གློག་སྟན་གྱིས་ཁྲག་རྩ་ཕྲ་མོ་དུས་ཡུན་རིང་བོར་རྒྱ་སྐྱེད་ཀྱི་གནས་སུ་འདུག་པ་དང་།  ལུས་སྟེང་གི་རླན་གཤེར་དང་ཚྭ་སོགས་བོར་འགྲོ་བས།  ཁ་གྲེ་སྐམ་པ་དང་མིད་པ་ན་བ།  སྣ་ཁུང་དུ་ཁྲག་བཞུར་བ།  སྐྱི་པགས་སྐམ་ཤས་ཆེ་བ་སོགས་ཀྱི་གནས་ཚུལ་བྱུང་བ་ཡིན།  གསུམ།  གློག་སྟན་གྱི་འགྱེད་འཕྲོས་མིའི་རིགས་ཀྱི་ལུས་པོ་བདེ་ཐང་ལ་གནོད་པ་ཚབ་ཆེན་ཡོད་པ་རེད།  དུས་ཡུན་རིང་བོར་བཀོལ་སྤྱོད་བྱས་ན་མིའི་སྙིང་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་དབུགས་གཏོང་ལེན་བྱེད་པར་ཇེ་མགྱོགས་སུ་འགྲོ་བ། དབུགས་ཧད་པ་དང་རྔུལ་ཆུ་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་བ་ཡིན།  བཞི།   བྱིས་པའི་ལུས་ཕུང་གི་འཕེལ་སྐྱེད་ཀྱི་ནུས་པ་ཅུང་ཆེ་བས།  གལ་ཏེ་དུས་ཡུན་རིང་བོར་གློག་སྟན་བཀོལ་སྤྱོད་བྱས་ན་བྱིས་པའི་གྲང་འགོག་གི་ནུས་པ་ཇེ་ཞན་དུ་གྱུར་འགྲོ་བ་དང་རིམས་འགོག་ནུས་ཤུགས་ཀྱང་དེ་དང་བསྟུན་ནས་ཇེ་ཞན་དུ་གྱུར་འགྲོ།   བྱིས་པའི་རྒྱུན་ལྡན་གྱི་འཚར་ལོངས་བྱུང་བར་གནོད་པ་ཆེན་པོ་ཡོད་པས།  བྱིས་པར་གློག་སྟན་བཀོལ་སྤྱོད་བྱེད་དུ་མ་བཅུག་ན་བཟང་།  ལྔ།  གློག་སྟན་གྱི་དྲོད་ཚད་ཧ་ཅང་མཐོ་ན་མིའི་གྲུང་སྟོབས་ཇེ་ཞན་དུ་འགྲོ་བ་དང་ནད་ཡམས་སྣ་ཚོགས་བྱུང་བའི་ཉེན་ཁ་ཡང་ཡོད།   དེ་བས་གློག་སྟན་དུས་ཡུན་རིང་བོར་བཀོལ་སྤྱོད་བྱས་ན་མིའི་ལུས་ཕུང་ལ་གནོད་པ་ཆེན་པོ་ཡོད་དོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། གློག་སྟན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།