ཇ་ཅོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཇ་ཅོག
ཇ་ཅོག་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་དར་རྒྱས་བྱུང་བའི་ཁྱིམ་ཆས་ཤིག་རེད། མིང་རྒྱལ་རབས་སྐབས་ཀྱི་རི་མོའི་ཁྲོད་དུ་ཇ་ཅོག་གི་ནུས་པ་ཐོན་ཡོད། ཆིང་རྒྱལ་རབས་ཀྱི་སྐབས་སུ་འགྱུར་ལྡོག་བྱུང་ནས་ཁྱད་འཕགས་ཀྱི་ཐོན་རྫས་ཤིག་ཏུ་གྱུར་བ་རེད། སྤྱིར་བཤད་ན། ཇ་ཅོག་ཅུང་དམའ་བ་དང་ལ་ལར་ད་དུང་རིམ་པ་ཉིས་བརྩེགས་ཅན་ཡིན། ཇ་ཅོག་མང་ཆེ་ཤོས་ནི་མགྲོན་ཁང་ནང་གི་འབོལ་ཁྲི་ཡོད་པའི་གནས་སུ་འཇོག་དགོས་པ་དང་གཙོ་བོ་ཐོག་ཏུ་ཇ་ཕོར་དང་སིལ་ཏོག མེ་ཏོག དུ་ཚག་སོགས་འཇོག་བྱེད་ཀྱི་གོ་ཆོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
茶几
ཕྱི་ཡིག་གི་མིང་།
tea table
1 ཁྱད་ཆོས།

རྒྱུ་སྤུས་ལེགས་པ།    ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་དུག་མེད་པ།  འགྱེད་འཕྲོ་མེད་པས་ཟས་རིགས་ཐད་ཀར་དུ་ཅོག་ངོས་ཐོག་ཏུ་བཞག་ཀྱང་ཆོག    ཆུ་དང་སྣུམ།  བཙོག་ཐིག  འབུ་ཕྲ་སོགས་ལ་ཅུང་དྲགས་པའི་འགོག་རྒོལ་གྱི་སྟོབས་ཤུགས་ཡོད་པས་བཀྲུ་སླ་བ་ཡིན།  ལག་ཚོར་བཟང་བ་དང་སྲ་བརྟན་ཡིན་པ།  སྤྱོད་ཤན་ཆེ་བ།  གཟུགས་མི་འགྱུར་བ་སོགས་ཀྱི་ཁྱས་ཆོས་ལྡན་པ་མ་ཟད།  མཉེན་ཞིང་སྲ་བ།  ཐོན་རྫས་ཀྱི་ཁ་མདོག་སྣ་ཚོགས་ཡོད་ལ།  རྣམ་པ་མང་བས་འཛད་སྤྱོད་པ་རྣམས་ཀྱི་རེ་བ་སྐོང་ཐུབ་པ་ཡིན། 

1_1 དབྱེ་བ།

རྡོ་ཀ་མ་རུ་ཅན་གྱི་ཇ་ཅོག

བདེ་འཇགས་ཡིན་པ་དང་སྤྱོད་ཤན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན། 

ཤིང་བཟོས་ཇ་ཅོག

རང་བྱུང་གི་རྒྱུ་ཆ་ཡིན་པས་བཟོ་རྩལ་སྤུས་དག་ལ་ལྟ་ན་སྡུག་པ།

ཤེལ་གྱི་ཇ་ཅོག

ཤེལ་གྱི་ཇ་ཅོག་ནི་རྣམ་པ་ཆེས་མང་བའི་ཇ་ཅོག་གི་རིགས་ཤིག་ཡིན།

2 བདམས་ཉོ།
2_1 བདེ་འཇགས།

ཇ་ཅོག་ནི་རྒྱུན་དུ་ཡར་མར་ལ་འགྲོ་སའི་གནས་སུ་འཇོག་པས་དེའི་ཟུར་ཐམས་ཅད་ལ་ངེས་པར་དུ་མཉམ་འཇོག་བྱེས་དགོས།   མངགས་ཉོ་བྱེད་སྐབས་གྲུ་ཟུར་སྒོར་སྒོར་ཡིན་པའི་ཇ་ཅོག་བདམས་ཉོ་བྱས་ན་བཟང་། 

2_2 ཚོས་མདོག

ཇ་ཅོག་བདམས་ཉོ་བྱེད་པའི་སྐབས་སུ་ཁྱིམ་གྱི་ཁོར་ཡུག་དང་བསྟུན་ནས་མངགས་ཉོ་བྱེད་དགོས། 

2_3 བར་སྟོང་ཆེ་ཆུང་།

གལ་ཏེ་བར་སྟོང་ཆུང་ན་འཇོང་དབྱིབས་ཅན་གྱི་ཇ་ཅོག་ཆུང་ཆུང་ནི་ཆེས་ལེགས་ཤོས་ཡིན།  འཇམ་མཉེན་ལྡན་པའི་རྣམ་པ་ཡིས་ཐུན་མོང་མ་ཡིན་པའི་ཚོར་སྣང་གཞན་ཞིག་སྟེར་ཐུབ།  བར་སྟོང་ཆེ་སའི་གནས་སུ་ཇ་ཅོག་ཆུང་བ་བཞག་ན་འོས་འཚམ་མིན།  དེ་ལས་གཞན།  ཇ་ཅོག་གི་ཆེ་ཆུང་ཚད་ལྡན་ཡིན་པ་དང་ཚོས་མདོག་སྣ་གཅིག་ཡིན་པ།  བཟོ་དབྱིབས་གསར་རྐྱང་ཡིན་པ།  བསྡུ་ཉར་བྱེད་པའི་ནུས་པ་ཆེ་བ་དང་ཡང་ན་ཆེ་ཆུང་སྙོམ་སྒྲིག་བྱས་ཆོག་པའི་ཇ་ཅོག་ནི་ཆེས་ལེགས་ཤོས་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། ཇ་ཅོག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།