དྲ་ཚགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་ཚགས།
དབྱར་ཁ་སླེབས་དུས། དུག་སྦྲང་དང་ཤ་སྦྲང་སོགས་ཀྱིས་མི་རྣམས་ལ་གནོད་པ་ཐེབས་སྲིད་པ་དང་། ཁྱིམ་ནང་དུ་དུག་སྦྲང་གཅིག་ཡོད་པ་ན་གཉིད་མི་ཐུབ་པ་ཡིན། དེ་ན་དུག་སྦྲང་བཀག་འགོག་བྱེད་པའི་ཐབས་ནི་སྤོས་དང་ཆུའི་དྲི་ཞིམ་སོགས་བཀོལ་སྤྱོད་བྱེད་པ་ལས་གཞན། དྲ་ཚགས་ནི་དུག་སྦྲང་འགོག་པའི་ཐབས་ལེགས་ཤོས་ཤིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
纱窗
ཕྱི་ཡིག་གི་མིང་།
window screen
1 ངོ་སྤྲོད་མདོར་བསྡུས།

དབྱར་ཁ་སླེབས་དུས།  དུག་སྦྲང་དང་ཤ་སྦྲང་སོགས་ཀྱིས་མི་རྣམས་ལ་གནོད་པ་ཐེབས་སྲིད་པ་དང་།   ཁྱིམ་ནང་དུ་དུག་སྦྲང་གཅིག་ཡོད་པ་ན་གཉིད་མི་ཐུབ་པ་ཡིན།  དེ་ན་དུག་སྦྲང་བཀག་འགོག་བྱེད་པའི་ཐབས་ནི་སྤོས་དང་ཆུའི་དྲི་ཞིམ་སོགས་བཀོལ་སྤྱོད་བྱེད་པ་ལས་གཞན།  དྲ་ཚགས་ནི་དུག་སྦྲང་འགོག་པའི་ཐབས་ལེགས་ཤོས་ཤིག་རེད།  ད་སྐབས་ཀྱི་དྲ་ཚགས་ཀྱང་སྔོན་གྱི་དྲ་ཚགས་དང་བསྡུར་ན་སྤུས་ཀ་དང་ཕྱོགས་གང་ཐད་ནས་སྲ་བརྟན་ཡིན་པ་དང་སྣ་མང་ཡིན་པས།  སྔོན་ཆད་ལྟར་སྣ་གཅིག་མིན་པར་དྲིལ་ཡོལ་དྲ་ཚགས་དང་དྲ་ཚགས་ལྟེབ་མ།  ལྐོག་གྱུར་རང་བཞིན་གྱི་དྲ་ཚགས་སོགས་རིགས་མང་པོ་ཡོད་དོ། ། འོན་ཀྱང་མི་ལ་ལ་ཤིག་ད་དུང་བཟོ་ལྟ་རྙིང་པའི་དྲ་ཚགས་བཀོལ་སྤྱོད་བྱེད་བཞིན་ཡོད།  དེ་ནི་བཟོ་ལྟ་རྙིང་པའི་དྲ་ཚགས་ནི་དེང་སྐབས་ཀྱི་དྲ་ཚགས་དང་བསྡུར་ན་སྲ་མོ་བརྟན་པོ་ཡིན་པས་སོ། །

2 ནུས་པ།

གཅིག    སྒེའུ་ཁུང་ཕྱེ་པ་ན་དུག་སྦྲང་དང་ཤ་སྦྲང་སོགས་འགོག་པའི་ནུས་པ་ལྡན་པ།

གཉིས།   ཕྱི་རོལ་ཡུལ་གྱི་དངོས་རྫས་ཧྲལ་ཧྲུལ་སོགས་ཁང་པའི་ནང་དུ་མི་ཡོང་བའི་ནུས་པ་འདོན་ཐུབ་པ།  གསུམ།  ཚད་ངེས་ཅན་གྱིས་མིག་ལམ་འགོག་པའི་ནུས་པ་ལྡན།  བཞི།  སྒོ་དང་སྒེའུ་ཁུང་།  ཁང་མིག་སོགས་མཛེས་འཆོས་བྱེད་པའི་ནུས་པ་ལྡན་པ།   ལྔ།   ཁང་པའི་ནང་གི་སྣོད་ཅ་ལག་སོགས་སྒོ་ཕྱི་རུ་མི་ལྷུང་བའི་ནུས་པ་ལྡན་པ།   དྲུག    འགོག་སྲུང་ཡོད་པའི་དྲ་ཚགས་ཀྱིས་ད་དུང་བྱིས་པ་སོགས་སར་མི་ལྷུང་བར་སྔོན་འགོག་བྱེད་པའི་ནུས་པ་ལྡན་པ།

3 གཙང་འཁྲུད་བྱེད་ཐབས།

དྲ་ཚགས་ཀྱི་ཁུང་བུ་ཆུང་ཆུང་གི་ཐོག་ཏུ་ཕྱིའི་ས་རྡུལ་ཡིན་པས།  གལ་ཏེ་ང་ཚོས་གང་འདོད་ལྟར་གཙང་འཁྲུད་བྱས་ན་དྲ་ཚགས་ཀྱི་དབྱིབས་འགྱུར་སླ་བ་དང་དུག་སྦྲང་དང་ཤ་སྦྲང་སོགས་ལ་གོ་སྐབས་ལེགས་པོ་བསྐྲུན་པ་རེད།  དེ་བས་ང་ཚོས་འཚོ་བའི་ནང་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་ཚྭ་ཡིས་དྲ་ཚགས་གཙང་འཁྲུད་བྱས་ན་བཟང་།   ཚྭ་ལ་ས་རྡུལ་རྔུབ་འབྱར་བྱེད་པའི་ནུས་པ་ཡོད་པ་དང་རིལ་བུ་ཕྲ་མོ་ཡིན་པས།  སྲུབས་ཀ་དང་ཁུང་བུ་སོགས་གཙང་འཁྲུད་བྱས་ན་ལེགས།   ཕྱིས་རས་ཀྱི་ཐོག་ཏུ་ཚྭ་ཅུང་ཙམ་སྒྲེ་ནས་ཞིབ་ཆའི་ངང་ནས་ཁུག་འཁྱོག་གི་མི་གཙང་བའི་འབགས་བསླད་ཕྱི་བདར་གཏོང་བ་དང་ཡང་ན་དྲ་ཚགས་ཁྲོལ་ཚགས་ལྟར་བཀོལ་སྤྱོད་བྱས་ནས་ཚྭ་རྣམས་ཁུང་བུ་ནང་ནས་མར་འབབ་པར་བྱས་ན་དྲ་ཚགས་གཙང་མར་འཁྲུད་པར་བྱེད་ཐུབ།   དེ་བས་ཚྭ་ནི་དྲ་ཚགས་བཀྲུ་བྱེད་ཀྱི་ལག་ཆ་ལེགས་ཤོས་ཤིག་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། དྲ་ཚགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།