ཉལ་ཤག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉལ་ཤག
ཉལ་ཤག་ནི་མི་རྣམས་ངལ་གསོ་སའི་གནས་གཙོ་བོ་ཞིག་ཡིན་པས། ཉལ་ཤག་ཇུས་འགོད་བྱས་པ་བཟང་མིན་གྱིས་ཐད་ཀར་མི་རྣམས་ཀྱི་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བ། སློབ་སྦྱོང་བྱེད་པ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད། དེ་བས་ཉལ་ཤག་ནི་ཁྱིམ་ཚང་མཛེས་སྤྲས་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卧室
ཕྱི་ཡིག་གི་མིང་།
Bedroom
1 ཇུས་འགོད།

ཉལ་ཤག་ནི་མི་རྣམས་ངལ་གསོ་སའི་གནས་གཙོ་བོ་ཞིག་ཡིན་པས།  ཉལ་ཤག་ཇུས་འགོད་བྱས་པ་བཟང་མིན་གྱིས་ཐད་ཀར་མི་རྣམས་ཀྱི་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བ།  སློབ་སྦྱོང་བྱེད་པ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད།   དེ་བས་ཉལ་ཤག་ནི་ཁྱིམ་ཚང་མཛེས་སྤྲས་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན།   ཉལ་ཤག་ཇུས་འགོད་བྱེད་དུས་ཐོག་མར་སྤྱོད་སྒོ་ཆེ་བར་གཙིགས་སུ་འཛིན་པ་དང་དེའི་རྗེས་སུ་མཛེས་སྤྲས་བྱེད་པ་ཡིན།     གཅིག   དམ་པོ་ཡིན་པ་ཁག་ཐེག་བྱེད་དགོས།   ཚགས་དམ་པོ་ཡོང་དགོས་པ་ནི་ཉལ་ཤག་གི་ཆེས་གཙོ་བོ་མཛེས་སྤྲས་བྱེད་ས་ཞིག་ཡིན།  དེ་ནི་མི་རྣམས་ངལ་གསོ་བའི་གནས་ཡིན་པ་མ་ཟད།  ད་དུང་བཟའ་ཟླ་ཕན་ཚུན་འབྲེལ་འདྲིས་བྱེད་ས་ཡང་ཡིན་པས།  ཉལ་ཤག་ལྷིང་འཇགས་ཡིན་པ་དང་སྒྲ་འགོག་གི་ནུས་པ་ལེགས་དགོས།    གཉིས།   བཀོལ་སྤྱོད་བྱེད་པར་བདེ་བ།  ཉལ་ཤག་གི་ནང་དུ་སྤྱིར་བཏང་དུ་ཚད་མང་བའི་ཉལ་ཐུལ་དང་ལྭ་བ་སོགས་འཇོག་དགོས་པས།  མཛེས་སྤྲས་བྱེད་པའི་དུས་སུ་དངོས་པོ་འཇོག་སའི་གནས་སོགས་ལ་དོ་སྣང་བྱེད་དགོས།  ཆེ་དགོས་པ་མ་ཟད་བཀོལ་སྤྱོད་བྱེད་བདེ་དགོས།  གསུམ།  ཉལ་ཤག་ནི་གཙོ་བོ་མི་ངལ་གསོ་བའི་གནས་ཡིན་པས་མགྲོན་པོ་སོགས་ནང་དུ་མི་ཡོང་བས།  མཛེས་སྤྲས་བྱེད་པའི་དུས་སུ་ཅུང་སླ་མོ་ཡིན་དགོས།  བཞི།   ཉལ་ཤག་གི་ཁ་མདོག་རང་ཉིད་ཀྱི་འདོད་བློ་ལྟར་ཇུས་འགོད་བྱས་ན་ཆོག   ལྔ།  ཉལ་ཤག་གི་གློག་ཆས་དེ་འདྲའི་མང་མི་དགོས་པ་རེད།   རིགས་གཉིས་གསུམ་ཡོད་པའི་ཆོག་གོ  །

2 མཉམ་འཇོག་བྱེད་ཡུལ།

ཉལ་ཤག་ནང་དུ་གློག་ཆས་ཀྱི་རིགས་དེ་འདྲའི་མང་པོ་ཡོད་ན་མི་ལེགས་པ་རེད།  གློག་ཆས་མང་པོ་ཡོད་ན་ལུས་པོའི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད།   དེང་རབས་ཀྱི་གསོ་རིགས་གཞུང་ལུགས་ལས་བཀོད་པ་ལྟར་ན།   གློག་ཆས་ཀྱི་འོད་འགྱེད་འཕྲོའི་མིའི་ལུས་ཕུང་ལ་གནོད་པ་ཆེན་པོ་བཟོ་བ་རེད།   རྐང་པ་ནི་མིའི་རིགས་ཀྱི་ཆེས་གལ་འགེངས་ཆེ་བའི་གནས་ཡིན་པས།   རྐང་པ་གློག་ཀླད་དང་བརྙན་འཕྲིན་སོགས་ལ་ཁ་གཏད་དེ་བསྡད་ན་དེའི་གློག་འགྱེད་འཕྲོའི་མིའི་ལུས་སྟེང་གི་ཁྲག་རྒྱུན་འཁོར་རྒྱུལ་ལ་གནོད་པ་བཟོ་བ་རེད།   དེ་བས་མི་རྣམས་ཀྱི་ཉལ་ཤག་ཇུས་འགོད་བྱེད་པའི་དུས་སུ་ནང་དུ་གློག་ཆས་ཀྱི་རིགས་ཅུང་ཉུང་བར་གཏོང་དགོས།   ཆེད་ལས་མཁས་པའི་བཤད་པ་ལྟར་ན།  ཉལ་ཤག་གི་རྒྱ་ཁྱོན་སྨི་གྲུབ་བཞི་མ་བཅུ་ནས་ཉི་ཤུའི་བར་ཡིན་ན་ཆེས་བཟང་བ་ཡིན།   ཉལ་ཤག་ལ་དབྱེ་ན་ཉལ་ཤག་གཙོ་བོ་དང་ཉལ་ཤག་ཕལ་བ་གཉིས་ཡོད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། ཉལ་ཤག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།