ཡོངས་འཛིན་རིག་མཛོད། >འཚོ་བ། >ཁྱིམ་ཆས། >ཀ་ཅ།

ཤིང་ཕོར།

ཤིང་ཕོར་ནི་དཀར་ཡོལ་གྱི་རྒྱུ་ཆ་མིན་ལ་གསེར་ཟངས་དངུལ་ལྕགས་སོགས་ལས་གྲུབ་པའང་མ་ཡིན་ཏེ། ཀུན་ལ་ཆེས་ཆ་རྒྱུས་ཡོད་པའི་ཤིང་རྒྱུ་ཆར་བྱས་པའི་ཤིང་ཕོར་རམ་ཅ་ནེ་དཀྱུས་མ་དེ་རིགས་ཡིན།

རིགས་དབྱེ།  

གྲོ་ཁུག

གྲོ་མ་འཐུ་བྱེད་ཀྱི་ཁུག་མ་ཞིག་སྟེ། དཔྱིད་ཀ་དང་དབྱར་ཁའི་དུས་སུ་འབྲོག་པ་རྣམས་ཀྱིས་གྲོ་མ་འཐུ་བྱེད་དུ་བཟོས་པའི་ཁུག་མ་ཞིག་ཡིན།

རིགས་དབྱེ།  

འཕང་།

ཤུག་པ་དང་གསོམ་ཤིང་ལས་བཟོས་པའི་ཡོད་བྱད་ཅིག་སྟེ། བོད་རོང་འབྲོག་གི་བུད་མེད་རྣམས་ཀྱིས་དེ་ལ་བརྟེན་ནས་བལ་རྩིད་སོགས་འཁེལ་བ་ལ་ཟེར།

རིགས་དབྱེ།  

སླེ་བོ།

འབྲོག་པའི་ནོར་གྱི་ལྕི་བ་དང་འབུད་ཤིང་འཐུ་བྱེད་ལ་མེད་དུ་མི་རུང་བའི་དངོས་པོ་སྟབས་བདེ་ཞིག་གོ།

རིགས་དབྱེ།  

བཀལ་ཏ།

རྒྱུ་བལ་རྩིད་གང་རུང་ལས་གྲུབ་པའི་དངོས་པོ་ཞིག བལ་རྩིད་འཁེལ་ནས་ཐགས་སུ་འཐག་ཏེ། རེ་ལྡེ་བྱས་ནས་བཟོ་དགོས་ལ། སྣེ་མོ་གཉིས་སྣོད་ཁུག་ཏུ་བཟོས་ཡོད་པའི་དངོས་པོ་ཞིག་ཡིན།

རིགས་དབྱེ།  

སྦྲ་སྤྲུགས།

ཤིང་ལས་བཟོས་པའི་ཡོ་བྱད་ཅིག་སྟེ། སྦྲའི་སྟེང་དུ་ཁ་བ་དང་ས་རྡུལ་མཐུག་པོ་ཆགས་རྗེས་དེ་སྤྲུགས་བྱེད་ཀྱི་ལག་ཆ་ལྟ་བུ་དེ་ལ་ཟེར།

རིགས་དབྱེ།  

ཀར་ཕྲུག

དཀར་ཡོལ་ཆུང་ངུའི་མིང་སྟེ། ཨ་མདོའི་ཡུལ་སྐད་དུ། ཀར་པྲུག་གམ་ཀར་རུག་ཅེས་པའི་གདངས་ཐོན། ཕྲུག་དང་པྲུག་གཉིས་གདམ་ང་ཡིན་ཚུལ་སྐོར། 《 ཨམ་སྐད་གསང་བཀྲོལ་ལྡེ་མིག 》 ཏུ་གསལ། ཀར་རུག་ཅེས་པ་ཕྲུག་གམ་པྲུག་གི་མིང་གཞི་བོར་ཤུལ་གྱི་ར་བཏགས་ལ་ར་ཡིག་གི་གཞི་གདངས་བྱས་རྗེས་དེ་ལ་དབྱངས་ཞབས་ཀྱུ་སྦྱར་བ་ལས་བྱུང་བ་ཡིན།

རིགས་དབྱེ།  

ཀར་ཤུབས།

དཀར་ཡོལ་འཇུག་ཤུབས་ཞེས་པའི་བསྡུས་མིང་སྟེ། གནའ་དུས་སུ། ཕྱི་ཐག་རིང་སར་སྐྱོད་སྐབས་བཏུང་ཕོར་འཇུག་སྣོད་ཅིག་གམ་དཀར་ཡོལ་སྲུང་སྐྱོབ་བྱེད་པའི་ཤུབས་ཀྱི་མིང་ལ་ཟེར།

རིགས་དབྱེ།  

བོད་ཀྱི་ཤིང་སྡེར།

ཤིང་སྡེར་ནི་ཤིང་སྟག་པ་སྦོམ་ཕྲ་སྡེར་ཁའི་ཆེ་ཆུང་དང་འདྲ་བ་ཞིག་དྲས་རྗེས། མཐུག་སྲབ་སོར་གསུམ་བཞི་ཙམ་ཞིག་བྱས་ནས་ཤིང་བརྐོ་བྱེད་ཀྱི་ལག་ཆས་བརྐོ་བ་ཡིན། དེའི་བཟོ་རྩལ་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡང་མེད། ཤིང་སྡེར་ནི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་རིན་ཐང་ཆེ་བའི་ཅ་ལག་ཅིག་ཡིན་ཏེ། ལོ་སར་སོགས་སྟོན་མོ་ལ་ཟས་རིགས་བསྒྲིགས་ས་དང་། ཨ་མཆོད་སོགས་ཆོ་ག་ལ་མཆོད་བཤམས་བྱེད་པ་སོགས་མགོ་མཇུག་བར་གསུམ་དུ་ངེས་པར་མཁོ་བ་ཡིན།

རིགས་དབྱེ།  

བོད་ཀྱི་ཤིང་གཞོང་།

ཤིང་གཞོང་ནི་སྟག་པའི་ཤིང་ཆེན་པོ་ཞིག་དྲས་རྗེས། འཕྲེད་དུ་གཤེག་ནས་བརྐོ་བ་ཡིན་ལ། དེ་ཡང་ཤིང་སྡེར་དང་འདྲ་བར་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་ན་མེད་དུ་མི་རུང་བའི་ཅ་ལག་ཞིག་ཡིན་པ་རེད། དེའི་ནང་དུ་ཡང་ཟས་རིགས་སོགས་བསྒྲིགས་ཆོག་ལ། འོ་མ་སོགས་གཤེར་བའི་རིགས་ཀྱང་བླུགས་ཆོག་པ་རེད། ཤིང་སྡེར་དང་ཤིང་གཞོང་གི་ནུས་པ་དང་ཡོན་ཏན་གྱི་ཕྱོགས་ནས། གཙོ་བོར་ཤ་མར་ཐུད་གསུམ་སོགས་ཟས་རིགས་ལ་གཡའ་ཆགས་པ་དང་རྒྱུ་འགྱུར་བྱེད་པ་སོགས་ཀྱི་གནོད་པ་ཐེབས་མི་སླ་ཞིང་། ཟས་རིགས་ཀྱི་དྲི་དང་བཅུད་སོགས་སྲུང་འཛིན་བྱེད་པ་ཡིན།

རིགས་དབྱེ།  

དྲ་ཕད་ཟུར་གསུམ།

དྲ་བའི་ཕད་བུའི་ནང་དུ་ཅི་ཡོད་ཕྱི་ནས་མཐོང་ཐུབ་པས་དྲ་ཕད་དུ་ཐོགས་པ་ཡིན་ལ། སྐུད་པའི་དྲ་བ་ཅན་གྱི་སྣོད་ཅིག་གི་མིང་། དབྱིབས་ཟུར་གསུམ་ཡིན་པས་མིང་དེ་ལྟར་ཐོགས། རྣལ་འབྱོར་བའམ་སྒྲུབ་པ་པོ་རི་ཁྲོད་དང་རྒྱལ་ཁམས་བསྐོར་དུས། ཉེར་ཆས་སྣང་ཆེན་ནི་མེད་པས་ཕོར་བ་རྩམ་ཁུག་རྣམས་ཕྱི་ནས་མཐོང་ཐུབ་པས། ཇག་རྐུན་གྱི་ཆོམ་པའི་ཉེན་ཁ་མི་འབྱུང་བའི་ཆེད་དུ་དྲྭ་ཕད་བསྣམས་དགོས་པར་གསུངས།

རིགས་དབྱེ།