ཡོངས་འཛིན་རིག་མཛོད། >འཚོ་བ། >ཁྱིམ་ཆས། >གློག་ཆས།

གོར་སོབ་བསྲེག་ཐབ།

གོར་སོབ་བསྲེག་ཐབ་ནི་ཚ་སྣོན་གློག་ཆས་ཀྱི་ཁོངས་སུ་གཏོགས་ཤིང་། དེའི་ནུས་པ་ནི་གོར་སོབ་ལ་སྲོ་བ་དེ་ཡིན། ཁྱིམ་ཚང་མང་ཆེ་ཤོས་ཤིག་གི་ནང་དུ། གོར་སོབ་བསྲེག་ཐབ་ནི་གཞན་པའི་ཁྱིམ་ཆས་དང་བསྡུར་ན་ཆག་སྐྱོན་བྱུང་སླ་བ་ཡིན། དེ་ལ་རྒྱུ་རྐྱེན་གཉིས་ཡོད་དེ། དང་ཐོག གོར་སོབ་བསྲེག་ཐབ་ཀྱི་བཟོ་སྐྲུན་གྱི་འགྲོ་སྒོ་ཆུང་ལ་སྤུས་ཀ་མི་ལེགས་པས་ཆག་སྐྱོན་བྱུང་སླ་བ་ཡིན་ནོ། ། དེ་ནས་གོར་སོབ་བསྲེག་ཐབ་ལ་ཆག་སྐྱོན་བྱུང་བ་ནི་རང་སྟེང་ནས་གནད་དོན་བྱུང་བ་མ་ཡིན་པར། ཟས་རིགས་ཀྱིས་དེ་ལ་ཆག་སྐྱོན་བྱུང་དུ་བཅུག་པ་ཡིན། དཔེར་ན་གལ་ཏེ་གོར་སོབ་བསྲེག་ཐབ་ཐོག་ཏུ་གོ་རེ་སོགས་བཞག་པ་མང་དྲགས་པ་ལ་སོགས་པ་ཡིས་སྐྱོན་བྱུང་བ་ཡིན། ཉིན་རྒྱུན་དུ་གོར་སོབ་བསྲེག་ཐབ་བཀོལ་སྤྱོད་བྱེད་པ་ལ་མཚོན་ན་གཟའ་འཁོར་གཅིག་གི་ནང་དུ་ཐེངས་གཅིག་ལ་དེའི་ནང་གི་དངོས་རྫས་ཧྲོབ་ཧྲོབ་རྣམས་གཙང་དག་བྱེད་དགོས།

རིགས་དབྱེ།  

གློག་སྡུད་ཐབ་ཀ

གློག་སྡུད་ཐབ་ཀ་དང་པོ་ནི1957ལོར་ཐོག་དང་པོར་འཇར་མན་ནས་བྱུང་བ་ཡིན། སྤྱི་ལོ1972ལོར་ཨ་མེ་རི་ཁའི་གློག་སྡུད་ཐབ་ཀ་ཐོན་སྐྱེད་བྱེད་པར་འགོ་བརྩམས། དུས་རབས་ཉི་ཤུའི་བའི་ལོ་རབས་བརྒྱད་ཅུའི་དུས་མགོར་ཡོ་རོབ་གླིང་དང་འཇར་པན་སོགས་སུ་ཕྱིར་འཚོང་བྱེད་པར་འགོ་བརྩམས།

རིགས་དབྱེ།  

ཆུ་སྲོ་ཆས།

ཆུ་སྲོ་ཆས་ནི་རྫས་འགྱུར་རིགས་པ་སྣ་ཚོགས་ལ་བརྟེན་ནས་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཆུའི་དྲོད་ཚད་མཐོ་རུ་གཏོང་བའི་སྒྲིག་ཆས་ཤིག་ཡིན། རྩ་བའི་རིགས་པ་མི་གཅིག་པར་བརྟེན་ནས་དེ་ལ་དབྱེ་ན་གློག་གི་ཆུ་སྲོ་ཆས་དང་། འབུད་རླངས་ཀྱི་ཆུ་སྲོ་ཆས། ཉི་གློག་གི་ཆུ་སྲོ་ཆས། ཁབ་ལེན་ནུས་ཀྱི་ཆུ་སྲོ་ཆས། མཁའ་རླུང་གི་ཆུ་སྲོ་ཆས། དྲོད་རླངས་ཀྱི་ཆུ་སྲོ་ཆས་སོགས་ཡོད། གློག་གི་ཆུ་སྲོ་ཆས་ཀྱི་ལེགས་པའི་ཆ་ནི་བཀོལ་སྤྱོད་བྱེད་བདེ་བ་དང་། སྒྲིག་སྦྱོར་བྱེད་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན། སྐྱོན་ཆ་ནི་བོངས་ཚད་ཆེ་བ་དང་། བར་སྟོང་མང་པོ་ཟིན་པ། སྔོན་ནས་གྲ་སྒྲིག་བྱེད་དགོས་པ་དང་རེ་སྒུག་བྱེད་པའི་དུས་ཡུན་རིང་བ་སོགས་ཡིན།

རིགས་དབྱེ།  

རླུང་གཡབ།

རླུང་གཡབ་ནི་ཁང་པའི་ཕྱི་ནང་གི་མཁའ་རླུང་སྙོམས་སྦྱོར་བརྗེ་རེས་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན་པ་དང་། དྲི་སེལ་རླུང་གཡབ་ཀྱང་ཟེར། རླུང་གཡབ་སྤྱོད་པའི་དམིགས་ཡུལ་ནི་ཁང་པའི་ནང་གི་མཁའ་རླུང་བཙོག་དྲི་ཕྱིར་ཕུད་གཏོང་བ་དང་། དྲོད་ཚད་དང་རླན་ཚད་སོགས་སྙོམ་སྒྲིག་བྱེད་པ་རེད། རླུང་གཡབ་ནི་མི་མང་འདུ་འཛོམས་བྱེད་པའི་གནས་དང་ཁྱིམ་ཚང་སོགས་སུ་བཀོལ་སྤྱོད་བྱེད་པ་རེད།

རིགས་དབྱེ།  

དུག་སེལ་སྒྲོམ།

དུག་སེལ་སྒྲོམ་ནི་ཀྲུང་གོའི་ཐོག་དང་པོར་གསར་གཏོད་བྱས་པའི་གློག་ཆས་ཀྱི་རིགས་ཤིག་རེད། དེ་ནི་མགྲོན་ཁང་ཆེན་མོ་དང་གསོལ་ཁང་། སློབ་གྲྭ་སོགས་སུ་བཀོལ་སྤྱོད་བྱེད་པར་ཁྱབ་ཆེ་བ་དང་། ཁྱིམ་ཚང་མང་ཆེ་བ་རྣམས་ཀྱིས་དུག་སེལ་སྒྲོམ་གལ་འགེངས་ཆེ་བ་རྟོགས་པས། མ་འོངས་བ་ན་ཡང་དུག་སེལ་སྒྲོམ་ནི་ཁྱིམ་ཚང་རེ་རེ་ནས་བཀོལ་སྤྱོད་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན་ནོ། །

རིགས་དབྱེ།  

དུད་སྣུམ་རྔུབ་ཆས།

དུད་སྣུམ་རྔུབ་ཆས་ནི་ཐབ་ཚང་གི་ཁོར་ཡུག་གཙང་བཟོ་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན། དེས་ཐབ་ཚང་དུ་སྒྲིག་སྦྱོར་བྱས་ན་ནུས་ཁུངས་གྲོན་ཆུང་བྱེད་ཐུབ་པ་དང་བདེ་ཐང་ཡིན་ནོ། གཡོས་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་མིའི་ལུས་ཕུང་ལ་གནོད་པའི་སྣུམ་གྱི་དུ་དྲེག་དང་དུ་བ་སོགས་མྱུར་དུ་མེད་པར་བཟོ་བ་ཡིན། ཁོར་ཡུག་འབགས་བསླད་བཟོ་བར་ཇེ་ཉུང་དུ་འགྲོ་བར་མ་ཟད་དུག་སྔོན་འགོག་བྱེད་པ། འབར་གས་མི་བྱེད་པ་སོགས་ཀྱི་བདེ་འཇགས་འགན་ལེན་གྱི་ནུས་པ་ལྡན་པ་ཡིན།

རིགས་དབྱེ།  

ཕོར་འཁྲུད།

ཕོར་འཁྲུད་ནི་རང་འགུལ་གྱིས་དཀར་ཡོལ་དང་ཐུར་མ། སྡེར་མ། གྲི་སོགས་གཙང་འཁྲུད་བྱེད་པའི་སྒྲིག་ཆས་ཡིན། དེས་གསོལ་ཁང་དང་མགྲོན་ཁང་། ལས་ཁུངས་སོགས་ཀྱི་ཇ་མའི་ལས་འགན་ཇེ་ཡང་དུ་གཏོང་བ་དང་བྱ་བའི་ལས་ཆོད་མཐོར་འདེགས་སུ་གཏོང་ཐུབ་པ་ཡིན། དལ་གྱིས་ཕོར་འཁྲུད་སྤྱིར་བཏང་གི་ཁྱིམ་ཚང་ནང་དུའང་ཡོད་དོ།

རིགས་དབྱེ།  

འཁྱག་སྒམ།

འཁྱགས་སྒམ་ནི་དུས་ཡུན་རིང་བོར་དྲོད་ཚད་དམའ་བའི་གྲང་བཟོ་སྒྲིག་ཆས་ཤིག་ཡིན་པ་དང་། བཟའ་བཏུང་དང་དངོས་རྫས་གཞན་དག་རུལ་བར་མི་བྱ་བའི་དམངས་སྤྱོད་ཐོན་རྫས་ཤིག་ཀྱང་ཡིན། ནང་དུ་གནོད་བཙིར་འཕྲུལ་འཁོར་དང་འཁྱགས་རོམ་བཟོ་ཆས་སོགས་ཡོད།

རིགས་དབྱེ།  

འཁྱགས་སྒྲོམ།

འཁྱགས་སྒྲོམ་ནི་འཁྱག་གཏོང་དགོས་པའི་ཟས་རིགས་ཐམས་ཅད་ནང་དུ་གསོག་འཇོག་བྱས་ཆོག་པའི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན། ལས་རིགས་སོ་སོ་དང་ཁྱིམ་ཚང་སོ་སོ་རུ་བཀོལ་སྤྱོད་བྱེད་བཞིན་ཡོད།

རིགས་དབྱེ།  

འོད་རླབས་ཐབ་ཀ

འོད་རླབས་ཐབ་ཀ་ནི་ཚལ་རྔོ་བར་བཀོལ་སྤྱོད་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན། འོད་རླབས་ཐབ་ཀ་ལ་ནུས་ཁུངས་གྲོན་ཆུང་བྱེད་པའི་ནུས་པ་ལྡན་པ་ཡིན།

རིགས་དབྱེ།  

རླུང་འཁོར།

རླུང་འཁོར་ནི་ཚ་བ་ཆེ་བའི་སྐབས་སུ་བཀོལ་སྤྱོད་བྱེད་པའི་ཁྱིམ་སྤྱོད་གློག་ཆས་ཤིག་ཡིན། དེས་མི་རྣམས་ཀྱི་ཚ་བ་སེལ་བའི་ནུས་པ་ཐོན་པ་རེད།

རིགས་དབྱེ།  

སྲེག་སྒམ།

སྲེག་སྒམ་ནི་ཟ་མ་སོགས་ལས་སྣོན་བྱེད་ཐུབ་པའི་ཁྱིམ་གྱི་གློག་ཆས་ཤིག་ཡིན།

རིགས་དབྱེ།  

རྩིས་འཕྲུལ་ཅོག་ཙེ།

རྩིས་འཕྲུལ་ཅོག་ཙེ་ནི་ཐོག་ཏུ་གློག་ཀླད་འཇོག་ཆོག་པའི་ཅོག་ཙེ་ལ་གོ་བ་ཡིན། དེ་ནི་ཧ་ཅང་གལ་ཆེན་ཡིན་པའི་གཞུང་ལས་སྒྲུབ་པ་དང་འཚོ་བའི་ཁྲོད་མཁོ་བའི་ཁྱིམ་ཆས་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

རླབས་ཕྲན་ཐབ་ཀ

རླབས་ཕྲན་ཐབ་ཀ་ནི་དེང་རབས་ཅན་གྱི་ཟ་མ་གཡོས་སྦྱོར་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་རེད།

རིགས་དབྱེ།  

གློག་རྒྱུན་གཉིས་སྒྲིག་གློག་གཏོང་།

གློག་རྒྱུན་ཉིས་སྒྲིག་གློག་གཏོང་ཞེས་པ་ནི་ངོ་བོ་མི་འདྲ་བའི་གློག་ཁུངས་གཉིས་ལ་བསྟན་པ་ཡིན།

རིགས་དབྱེ།  

འགྱུར་ལྡོག་གློག་ནུས།

རྩོལ་ལྡན་རྩོལ་ཕྱོད་ཀྱིས་དུས་ཚོད་ཀྱི་ཆ་བསགས་ལྟར་ནུས་པ་འདོན་བཞིན་ཡོད། དེ་ནི་རྣམ་པ་གཞན་པའི་ནུས་ལྡན་གྱི་གློག་ནུས་ལ་སྒྱུར་ཆོག་པ་དང་། འགྱུར་ལྡོག་གློག་ནུས་རེའུ་མིག་ལ་བརྟེན་ནས་ཚད་འཇལ་བྱས་ཆོག

རིགས་དབྱེ།  

གློག་གདན་བཀོད་སྤྱོད་དང་གཅེས་སྤྲས་བྱེད་ཚུལ།

གློག་གདན་མ་བཀོལ་གོང་ལ་ཐོག་མར་ཐོན་རྫས་ཀྱི་ངེས་གཏན་གློག་གནོན་ལ་བལྟ་བ་དང་།བཀོལ་སྤྱོད་བྱེད་པའི་གློག་ཁུངས་གློག་གནོན་དེ་ངེས་པར་དུ་གློག་གདན་གྱི་ངེས་གཏན་གློག་གནོན་དང་མཐུན་དགོས། གལ་ཏེ་གློག་གནོན་དམའ་བའི་རིགས་ཡིན་ན་ངེས་པར་དུ་དེར་སྦྱར་བའི་བདེ་འཇགས་གློག་གནོན་བསྒྱུར་ཆས་བཀོལ་བ་ལས། ཐད་ཀར་ཧྥུ220ཅན་གྱི་གློག་ཁུངས་སུ་གཏན་ནས་མཐུད་མི་རུང་།

རིགས་དབྱེ།  

སྐུད་ལྡན་བརྙན་འཕྲིན།

སྐུད་ལྡན་བརྙན་འཕྲིན་ཏེ་གློག་གི་ཚི་སྣ་དང་འོད་ཀྱི་ཚི་སྣ་བརྒྱུད་བརྙན་འཕྲིན་གྱི་བརྡ་རྟགས་སྐྱེལ་འདྲེན་བྱེད་པས། བརྙན་འཕྲིན་བར་སྣང་དུ་ཁྱབ་སྤེལ་བྱེད་སྐབས་ཀྱི་འགོག་རྐྱེན་སེལ་ཐུབ་པར་མ་ཟད། ལྟ་མཁན་དང་ཕྱོགས་གཉིས་སུ་འབྲེལ་འདྲིས་བྱེད་ཐུབ་པའི་ཁྱད་ཆོས་འཛོམས་ཕྱིར་ཕན་ཚུན་བརྙན་འཕྲིན་ཀྱང་ཟེར།

རིགས་དབྱེ།