སྲེག་སྒམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲེག་སྒམ།
སྲེག་སྒམ་ནི་ཟ་མ་སོགས་ལས་སྣོན་བྱེད་ཐུབ་པའི་ཁྱིམ་གྱི་གློག་ཆས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电烤箱
ཕྱི་ཡིག་གི་མིང་།
Electric oven
1 གྲུབ་ཚུལ།

སྲེག་སྒམ་ནི་སྒོ་དང་གློག་ཚད་ལྷུ་ལག   ཚོད་འཛིན་དྲོད་དང་དུས་ངེས་སྒྲིག་ཆས་སོགས་ལས་གྲུབ་པ་ཡིན། 

2 རྣམ་པ།

སྲེག་སྒམ་གྱི་རྣམ་པ་ནི་གཙོ་བོ་འགྲེང་ཡོད་པའི་སྲེག་སྒམ་དང་ཉལ་སྟངས་བཟོ་ལྟ་ཅན་གྱི་སྲེག་སྒམ་བཅས་རིགས་གཉིས་ཡོད་པ་ལས།  འགྲེང་ཡོད་པའི་སྲེག་སྒམ་ནི་ཇ་ཁང་ཅུང་ཆུང་བའི་ཁྱིམ་ཚང་ནང་དུ་བཀོལ་སྤྱོད་བྱེད་པར་འཚམ་པ་ཡིན།  རྒྱུ་མཚན་ནི་དེའི་སའི་རྒྱ་ཁྱོན་ཆོད་པ་མ་ཡིན་པར། བར་སྟོང་གི་བོངས་ཚད་དེ་ཡིན།  ཁང་བའི་མཐོ་ཚད་ཚད་ལྡན་ཡིན་པས་ཆོག   ཉལ་སྟངས་བཟོ་ལྟ་ཅན་གྱི་སྲེག་སྒམ་ནི་ཇ་ཁང་གི་རྒྱ་ཁྱོན་ཅུང་ཆེ་བའི་ཁྱིམ་ཚང་རྣམས་ཀྱིས་བཀོལ་སྤྱོད་བྱེད་པར་འཚམ།  འོན་ཀྱང་གཙོ་བོ་རང་ཉིད་ཀྱི་དགའ་ཕྱོགས་དང་ཇ་ཁང་གི་མཛེས་སྤྲས་ཀྱི་ཁྱད་ཆོས་དང་བསྟུན་ནས་གདམ་གསེས་བྱས་ན་ཆོག    ཕྱི་ཚུལ་གྱི་རྣམ་པ་ཡང་ཧ་ཅང་མང་བས།  རང་ཉིད་ཀྱི་འདོད་བློ་དང་བསྟུན་ནས་འདེམས་ན་ཆོག  འོན་ཀྱང་སྲེག་སྒམ་གྱི་སྒོ་ནི་གསལ་ཚད་ཅུང་མཐོ་བའི་སྒོ་བཀོལ་སྤྱོད་བྱས་ན་བཟང་། 

3 སྤྱོད་སྒོ།
3_1 སྐམ་ཟས་རིགས།

ཚང་མས་ཤེས་གསལ་ལྟར།  ཉི་འབྲུ་དང་ཀ་ར་གོ་སྲབ་སོགས་ཀྱི་ཟས་རིགས་ཁྱིམ་ནས་དུས་ཡུན་རིང་བོར་བཞག་རྗེས་བརླན་གཤེར་ཡོད་པས།  ཟ་མའི་གསོག་འཇོག་གི་དུས་ཚོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས།  དེ་བས་སྲེག་སྒམ་གྱིས་འདིའི་རིགས་ཀྱི་ཟ་མ་རྣམས་སྐམ་པར་གྱུར་བ་དང་མི་རུལ་བར་གྱུར་བ་དང་།  ཧ་ཅང་བདེ་ཐང་ཡིན། 

3_2 ཟས་རིགས་ལས་སྣོན།

མི་ཚང་མ་ཞོར་ཟས་ཟ་བར་མོས་པ་དང་།  ལྷག་པར་དུ་བྱིས་པ་རྣམས་ལ་མཚོན་ན་ལྷག་ཏུ་དགའ།  གལ་ཏེ་ཁྱིམ་དུ་སྲེག་སྒམ་ཡོད་ཚེ།  རང་ཉིད་ཀྱིས་སྲེག་སྒམ་གྱི་ནང་དུ་ཀ་ར་གོ་སྲབ་སོགས་སྲེག་ཆོག་པ་ཡིན།  རང་ཉིད་ཀྱི་ཁྱིམ་དུ་ཟས་རིགས་ལས་སྣོན་བྱས་ཆོག་པ་དང་།  ཤ་སོགས་སྲེག་ནའང་ཆོག   དེ་ནི་ཧ་ཅང་བདེ་ཐང་ཡིན་པ་མ་ཟད་གཙང་མ་ཡིན་ནོ། །

4 མཉམ་འཇོག་བྱེད་ས།

སྲེག་སྒམ་བཀོལ་སྤྱོད་བྱེད་པའི་སྐབས་སུ།   གཤམ་གྱི་དོན་ཚན་དག་ལ་མཉམ་འཇོག་བྱེད་དགོས།

གཅིག    གསལ་བརྡ་ཡི་གེའི་རེ་བ་ལྟར་བཀོལ་སྤྱོད་བྱེད་པ། 

གཉིས།    སྲེག་སྒམ་ངེས་པར་དུ་སྲ་བརྟན་ཡིན་པ་དང་།  ངོས་སྙོམ་པོ་ཡིན་པའི་གནས་སུ་འཇོག་པ།  བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྒེའུ་ཁུང་དང་བསྒར་ཁུང་སོགས་གཙང་མ་ཡིན་       དགོས།    ཟས་རིགས་ལས་སྣོན་བྱེད་པའི་སྐབས་སུ་དུས་ཚོད་ནི་ཆེས་གལ་འགེངས་ཆེ་བ་ཞིག་ཡིན།  ནང་ནས་ཟ་མ་ལེན་པའི་སྐབས་སུ་གློག་སྒོ་བརྒྱབ་རྗེས་ལེན་དགོས། 

གསུམ།     སྲེག་སྒམ་གྱི་ནང་ངེས་པར་དུ་གཙང་མ་ཡིན་དགོས།  དུས་ལྟར་གཙང་འཁྲུད་བྱེད་དགོས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། གློག་ཆས། སྲེག་སྒམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།