དུག་སེལ་སྒྲོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུག་སེལ་སྒྲོམ།
དུག་སེལ་སྒྲོམ་ནི་ཀྲུང་གོའི་ཐོག་དང་པོར་གསར་གཏོད་བྱས་པའི་གློག་ཆས་ཀྱི་རིགས་ཤིག་རེད། དེ་ནི་མགྲོན་ཁང་ཆེན་མོ་དང་གསོལ་ཁང་། སློབ་གྲྭ་སོགས་སུ་བཀོལ་སྤྱོད་བྱེད་པར་ཁྱབ་ཆེ་བ་དང་། ཁྱིམ་ཚང་མང་ཆེ་བ་རྣམས་ཀྱིས་དུག་སེལ་སྒྲོམ་གལ་འགེངས་ཆེ་བ་རྟོགས་པས། མ་འོངས་བ་ན་ཡང་དུག་སེལ་སྒྲོམ་ནི་ཁྱིམ་ཚང་རེ་རེ་ནས་བཀོལ་སྤྱོད་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
消毒柜
ཕྱི་ཡིག་གི་མིང་།
Sterilizer
ཐོན་སྐྱེད་ཐོག་མ།
ཀོང་ཏུན་ཞིང་ཆེན།
གསར་གཏོད་ཀྱི་དུས།
1988ལོ།
1 བཀོལ་སྤྱོད།

མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་མིའི་ལུས་ཕུང་གི་བདེ་ཐང་ལ་དོ་སྣང་བྱེད་པས་དུག་སེལ་སྒྲོམ་བཀོལ་སྤྱོད་བྱེད་པའི་ཁྱིམ་ཚང་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

2 མཉམ་འཇོག་བྱེད་ས།

གཅིག   དུག་སེལ་སྒྲོམ་ངེས་པར་སྐམ་པོ་ཡིན་དགོས།  དུག་སེལ་སྒྲོམ་གྱི་ནང་གི་དྲོད་ཚད་ཏུའུ120ནས170ལ་སླེབས་དུས་ད་གཟོད་དུག་སེལ་ཐུབ་པས་ནུས་པ་ཡོད།  གལ་ཏེ་དཀར་ཡོལ་སོགས་ཀྱི་ཐོག་ཏུ་ཆུ་ཐིགས་ཡོད་བཞིན་དུ་ད་དུང་ནང་དུ་བཞག་ན་ལྷུ་ལག་རྣམས་སྐྱོན་ཞུགས་པའི་ཉེན་ཁ་ཡོད་པ་མ་ཟད།  དུག་སེལ་སྒྲོམ་བཀོལ་སྤྱོད་བྱེད་པའི་དུས་ཚོད་ཅུང་ཇེ་ཐུང་དུ་འགྲོ་བ་རེད།   

གཉིས།    དུག་སེལ་སྒྲོམ་རྒྱུན་དུ་གློག་རྒྱུག་ཏུ་འཇུག་དགོས།    དུག་སེལ་སྒྲོམ་གྱིས་སྤྱིར་བཏང་གི་ཕོར་སྒྲོམ་གྱི་ཚབ་བྱེད་ཐུབ་པ་དང་དཀར་ཡོལ་དང་ཐུར་མ་སོགས་ལ་འབགས་བསླད་མི་བྱུང་བའི་ནུས་པ་ལྡན། 

གསུམ།  གསོལ་ཆས་གདམ་གསེས་བྱེད་པ།   དུག་སེལ་སྒྲོམ་གྱི་ནང་དུ་དངོས་པོ་ཅི་ཞིག་བཞག་རུང་དུག་གསོད་པ་མ་ཡིན་པར།  གསོལ་ཆས་ལ་ལ་ཞིག་ནང་དུ་བཞག་ཅིང་དུག་མི་གསོད་པ་ཡིན།  རིགས་མི་འདྲ་བའི་གསོལ་ཆས་ལ་རིགས་བགར་ནས་དུག་སེལ་བྱེད་དགོས།  དེ་བས་གསོལ་ཆས་གདམ་གསེས་བྱེད་སྐབས་མཉམ་འཇོག་བྱེད་དགོས། 

བཞི།    དུག་སེལ་སྒྲོམ་ངེས་པར་དུ་སྐམ་ས་དང་རླུང་རྒྱུག་སའི་གནས་སུ་འཇོག་དགོས།  དུག་སེལ་པའི་དུས་སུ་སྒོ་རྒྱག་དགོས།  དུག་སེལ་ནས་སྐར་མ་བཅུ་ཡས་མས་འགོར་རྗེས་ནང་གི་དངོས་པོ་བླངས་ནས་བཀོལ་སྤྱོད་བྱས་ན་ཆེས་བཟང་བ་ཡིན།   དུག་སེལ་པའི་སྐབས་སུ་ཁ་ཕྱེ་ན་གློག་ཟད་ཚད་ཇེ་མཐོར་འགྲོ་བ་དང་།  དུག་སེལ་གྱི་ནུས་པ་ཞན་པ་ཡིན་པས།  དུག་སེལ་པའི་དུས་སུ་རབ་ཡིན་ན་ཁ་མ་ཕྱེ་ན་ལེགས།   ཐེངས་རེ་རེར་དུག་སེལ་བྱས་ཚར་རྗེས།  གློག་སྒོ་རྒྱག་དགོས། 

3 བདག་སྐྱོང་།

གཅིག  དུག་སེལ་སྒྲོམ་ནི་ཅ་ལག་ཆབ་ཆོབ་ཡོད་སའི་གནས་སུ་མི་འཇོག་པར་རླུང་རྒྱུག་ས་དང་སྐམ་སའི་གནས་སུ་འཇོག་དགོས། 

གཉིས།     དུས་རྒྱུན་དུ་དུག་སེལ་སྒྲོམ་ལ་གཙང་སྦྲ་བྱེད་དགོས།  གཙང་བཟོ་བྱེད་པའི་སྐབས་སུ་གློག་སྒོ་རྒྱག་པ་དང་གཙང་མ་ཡིན་པའི་ཕྱིས་རས་ཀྱིས་ཕྱི་བདར་བྱེད་དགོས། 

གསུམ།   དུས་རྒྱུན་དུ་དུག་སེལ་སྒྲོམ་གྱི་སྒོ་ལ་སྲུབས་ཀ་ཡོད་མིན་ལ་བལྟ་དགོས།  གལ་ཏེ་སྲུབས་ཀ་ཡོད་ན་དུག་སེལ་གྱི་ནུས་པ་ཇེ་ཞན་དུ་གྱུར་འགྲོ་བ་རེད། 

བཞི།    བཀོལ་སྤྱོད་བྱེད་པའི་སྐབས་སུ་སྐད་སྒྲ་ཅུང་མཐོ་ན།  དུག་སེལ་སྒྲོམ་ལ་སྐྱོན་བྱུང་ཡོད་པ་དང་བཀོལ་སྤྱོད་བྱེད་པར་མཚམས་འཇོག་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།