འཁྱག་སྒམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཁྱག་སྒམ།
འཁྱགས་སྒམ་ནི་དུས་ཡུན་རིང་བོར་དྲོད་ཚད་དམའ་བའི་གྲང་བཟོ་སྒྲིག་ཆས་ཤིག་ཡིན་པ་དང་། བཟའ་བཏུང་དང་དངོས་རྫས་གཞན་དག་རུལ་བར་མི་བྱ་བའི་དམངས་སྤྱོད་ཐོན་རྫས་ཤིག་ཀྱང་ཡིན། ནང་དུ་གནོད་བཙིར་འཕྲུལ་འཁོར་དང་འཁྱགས་རོམ་བཟོ་ཆས་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冰箱
ཕྱི་ཡིག་གི་མིང་།
refrigerator
1 ངོ་སྤྲོད་མདོར་བསྡུས།

འཁྱག་སྒམ་ནི་དུས་ཡུན་རིང་བོར་དྲོད་ཚད་དམའ་བའི་གྲང་བཟོ་སྒྲིག་ཆས་ཤིག་ཡིན་པ་དང་།  བཟའ་བཏུང་དང་དངོས་རྫས་གཞན་དག་རུལ་བར་མི་བྱ་བའི་དམངས་སྤྱོད་ཐོན་རྫས་ཤིག་ཀྱང་ཡིན།  ནང་དུ་གནོད་བཙིར་འཕྲུལ་འཁོར་དང་འཁྱགས་རོམ་བཟོ་ཆས་སོགས་ཡོད་ལ།  གྲང་བཟོ་སྒྲིག་ཆས་ཡོད་པའི་ཉར་ཚགས་ཀྱི་སྒམ་ཞིག་ཡིན།  ཁྱིམ་སྤྱོད་འཁྱག་སྒམ་གྱི་ཤོང་ཚད་ནི་བྲེ20ནས500བར་ཡིན།  འཛམ་གླིང་ཐོག་གི་ཁྱིམ་སྤྱོད་འཁྱག་སྒམ་ཐོག་མ་ནི1910ལོར་ཨ་རི་ནས་བྱུང་བ་རེད།  ཀྲུང་གོ་རྒྱལ་ཁབ་ཀྱི་ལོ་རབས་ལྔ་བཅུ་བའི་དུས་ནས་བཟུང་འཁྱག་སྒམ་ཐོན་སྐྱེད་བྱེད་ཀྱིན་ཡོད་པ་རེད།

2 འཁྱག་བཟོའི་རིགས་པ།

འཁྱག་སྒམ་གྱི་ལྟེ་བའི་ཁག་ནི་བཙིར་གནོན་འཕྲུལ་འཁོར་ཡིན། བཙིར་གནོན་འཕྲུལ་འཁོར་དུ་ཚ་བ་འདྲེན་གཤིས་ཤིན་ཏུ་ལེགས་ལ་གཤེར་འགྱུར་སླ་བའི་རླུང་གཟུགས་གསོག་ཉར་བྱས་ཡོད་པས། འཁྱག་བཟོ་རྫས་ཟེར། བཙིར་གནོན་འཕྲུལ་འཁོར་གྱིས་བྱ་བ་བྱེད་སྐབས། རླུང་རྣམ་འཁྱག་བཟོ་རྫས་དེ་གྲང་འཁེང་ཆས་སུ་མནན་ནས་གཤེར་འགྱུར་བྱེད་དུ་འཇུག་ཅིང་།  དྲོད་ཚད་འཕར་བའི་འཁྱག་བཟོ་རྫས་དེ་གྲང་འཁེང་ཆས་ཀྱི་ཚ་གཏོར་སྒྲིག་ཆས་བརྒྱུད་དེ་ཚ་ཚད་འཁྱག་སྒམ་ཕྱི་ལ་བརྒྱུད་སྤྲོད་བྱེད་པ་ཡིན། གཤེར་རྣམ་འཁྱག་བཟོ་རྫས་རྒྱུན་གཅོད་སྒོར་བརྒྱུད་དེ་རླངས་སྒྱུར་ཆས་སུ་ཞུགས། རླངས་སྒྱུར་ཆས་ནང་དུ་མྱུར་དུ་རླངས་འགྱུར་བྱུང་ནས། འཁྱག་སྒམ་དུ་གསོག་ཉར་བྱེད་པའི་ཟས་རིགས་ལས་ཚ་ཚད་བསྡུས་ན། འཁྱག་སྒམ་ནང་གི་དྲོད་ཚད་མར་ཆགས་པ་རེད། དེ་ལྟར་བསྟུད་མར་བསྐྱར་ཟློས་བྱས་ཏེ། འཁྱག་སྒམ་ལ་འཁྱག་བཟོའི་འབྲས་བུ་ཐོན་པ་རེད། 

མཁའ་རླུང་སྙོམ་སྒྲིག་འཕྲུལ་འཁོར་གྱི་རིགས་པ་དང་འཁྱག་སྒམ་འདྲ་མོད། འོན་ཀྱང་མཁའ་རླུང་སྙོམ་སྒྲིག་འཕྲུལ་འཁོར་འགར་ད་དུང་ཚ་སྣོན་སྒྲིག་ཆས་ལྡན་པས། དགུན་ཁར་དྲོད་ལེན་པར་སྤྱད་དེ་ཁང་བའི་ནང་གི་དྲོད་ཚད་རྒྱུན་འཁྱོངས་བྱས།

3 དྲོད་ཚད་ཁ་གསབ་ཀྱི་གློག་སྒོ།

འཁྱག་སྒམ་གྱི་དྲོད་ཚད་གློག་སྒོའི་བཀོལ་སྤྱོད་བྱེད་སྟངས་ནི་རང་རྒྱལ་གྱི་ལྷོ་བྱང་ས་ཁུལ་གྱི་ཧེ་བག་ཅུང་ཆེ་བའི་ཁྱད་ཆོས་དང་བསྟུན་ནས་ཇུས་འགོད་བྱས་པ་རེད།  ཁོར་ཡུག་གི་དྲོད་ཚད་ཅུང་དམའ་བའི་གནས་ཚུལ་འོག(ཏུའུ10མན)དྲོད་ཚད་ཁ་གསབ་གློག་སྒོ་ཕྱེ་ནས་རྒྱུན་ལྡན་གྱིས་བེད་སྤྱོད་དགོས།   ཁོར་ཡུག་དྲོད་ཚད་ཅུང་དམའ་ཞིང་དྲོད་ཚད་ཁ་གསབ་གློག་སྒོ་ཁ་འབྱེད་མི་ཐུབ་པའི་སྐབས་སུ་གནོད་བཙིར་འཕྲུལ་འཁོར་གྱི་རྩོལ་བའི་ཐེངས་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བའམ་ཡང་ན་མཚམས་འཇོག་པ་ཡིན། 

4 དྲོད་འཛིན།

འཁྱགས་སྒམ་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད།   དེའི་བྱ་བ་སྒྲུབ་པའི་དུས་ཚོད་དང་གློག་སྤྱོད་ཚད་ཁོར་ཡུག་གི་དྲོད་ཚད་ཀྱི་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཆེ།  དེར་བརྟེན་ང་ཚོའི་དུས་ཚིགས་རེ་ལ་འཁྱགས་སྒམ་གྱི་དྲོད་འཛིན་ཚད་ལ་བེད་སྤྱོད་ལེགས་པོ་བྱེད་དགོས།  འཁྱག་སྒམ་གྱི་ཚད་ལྡན་གྱི་དྲོད་ཚད་ནི་ཏུའུ5ནས7བར་གཏན་འཁེལ་བྱས་པས་ཆོག   འདི་ལྟར་བེད་སྤྱོད་བྱས་ན་བཟའ་བཏུང་མི་རུལ་བ་དང་ཆུད་ཟོས་སུ་མི་གཏོང་བ།    གློག་གྲོན་ཇེ་ཆུང་གཏོང་ཐུབ་པ་ཡིན། 

5 བདག་སྐྱོང་།

འཁྱག་སྒམ་གྱི་ནང་དུ་དངོས་པོ་ཚད་དང་རན་པ་ཙམ་བཞག་པས་ཆོག  གལ་ཏེ་མང་དྲགས་ན་སྐྱོན་འབྱུང་བའི་ཉེན་ཁ་ཡོད།  དེ་ལས་གཞན་ད་དུང་གཟའ་འཁོར་གསུམ་ནས་བཞིའི་བར་ཐེངས་གཅིག་ལ་དུག་སེལ་བྱེད་དགོས།  དེའི་མཚུངས་སུ་རྒྱུན་དུ་གཙང་མར་བཀྲུ་དགོས།  ཅུང་འཇམ་མཉེན་ཡིན་པའི་ཕྱིས་རས་ཀྱིས་ཉིན་རྒྱུན་འཁྱག་སྒམ་གྱི་ཕྱི་ནང་གཉིས་ཀ་དང་ལག་འཇུ་སོགས་གཙང་དག་བྱེད་དགོས།    གཙང་དག་བྱས་ཚར་རྗེས་ཡང་བསྐྱར་ཞིབ་བཤེར་བྱས་ནས་དྲོད་ཚད་སོགས་གཏན་འཁེལ་བྱས་པ་འགྲིག་མིན་ལ་བལྟ་དགོས།    དེ་ལས་གཞན་འཁྱག་སྒམ་ཡོད་སའི་གནས་སྐམ་པོ་ཡིན་དགོས་པ་དང་། མེ་དང་ཐག་ཉེ་བའི་གནས་སུ་འཁྱགས་སྒམ་འཇོག་མི་རུང་།  མི་མང་པོ་ཞིག་གིས་འཁྱག་སྒམ་ནང་གི་དངོས་པོ་ནི་གཙང་མ་ཡིན་པར་འདོད་མོད།  འོན་ཀྱང་དུས་ཡུན་རིང་བོར་འཁྱག་སྒམ་ནང་དུ་བཞག་ན་དེ་ལའང་འབུ་ཕྲ་འབྱུང་སྲིད།   



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།