ཕོར་འཁྲུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕོར་འཁྲུད།
ཕོར་འཁྲུད་ནི་རང་འགུལ་གྱིས་དཀར་ཡོལ་དང་ཐུར་མ། སྡེར་མ། གྲི་སོགས་གཙང་འཁྲུད་བྱེད་པའི་སྒྲིག་ཆས་ཡིན། དེས་གསོལ་ཁང་དང་མགྲོན་ཁང་། ལས་ཁུངས་སོགས་ཀྱི་ཇ་མའི་ལས་འགན་ཇེ་ཡང་དུ་གཏོང་བ་དང་བྱ་བའི་ལས་ཆོད་མཐོར་འདེགས་སུ་གཏོང་ཐུབ་པ་ཡིན། དལ་གྱིས་ཕོར་འཁྲུད་སྤྱིར་བཏང་གི་ཁྱིམ་ཚང་ནང་དུའང་ཡོད་དོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洗碗机
གསར་གཏོད་མཁན།
Joel Houghton
ཕྱི་ཡིག་གི་མིང་།
dish-washing machine
བྱེད་ནུས།
རང་འགུལ་གྱིས་དཀར་ཡོལ་དང་སྡེར་མ་སོགས་གཙང་འཁྲུད་བྱེད་པ།
1 ནུས་པ།

གཅིག    བཀག་བསྡོམས་རང་བཞིན་ཅན་གྱི་གཙང་འཁྲུད་བྱེད་པ། ཕྱིས་རས་མི་དགོས་པ་དང་འབུ་ཕྲ་མེད་པར་བཟོ་ཐུབ་པ་བཅས་ཀྱི་ནུས་པ་ལྡན་པ།

གཉིས།     དུག་སེལ་བ།  ཚ་སྣོན་དང་འདག་རྫས་སོགས་བཀོལ་སྤྱོད་བྱས་ན་དུག་སེལ་ཐུབ་པའི་ནུས་པ་ལྡན་པ།

གསུམ།     སྲོ་སྐམ་བྱེད་ཐུབ་པ།    གཙང་འཁྲུད་བྱས་པའི་རྗེས་སུ་ཐད་ཀར་དུ་སྲོ་སྐམ་བྱེད་ཐུབ་པ་དང་གསོལ་ཆས་ཀྱི་ཕྱི་ཚུལ་འཇམ་མཉེན་ལྡན་པ། 

བཞི།    ཇུས་འགོད་བྱས་པ་ཚན་རིག་དང་མཐུན་པ།   ཕོར་སྒྲོམ་གྱི་ནུས་པ་ཡང་ལྡན་པ།

ལྔ།   དུས་ཚོད་ཆུ་ཟོས་སུ་མི་གཏོང་བ།  སྐར་མ་ཉི་ཤུའི་ནང་དུ་གཙང་འཁྲུད་བྱས་ཚར་བ་དང་།  མི་རྣམས་ཀྱི་འདོད་བློ་སྐོང་ཐུབ་པ། 

2 བཀོལ་སྤྱོད།

ཐོག་དང་པོར་ཕོར་འཁྲུད་བཀོལ་སྤྱོད་མ་བྱས་སྔོན་ལ་ངེས་པར་དུ་གསལ་བཤད་ཡི་གེར་ནན་གྱིས་བལྟ་དགོས།  ཕོར་འཁྲུད་ཀྱི་ལྷུ་ལག་སོ་སོ་དང་བཀོལ་སྤྱོད་བྱེད་ཐབས་སོགས་ལ་རྒྱུས་ལོན་བྱེད་དགོས།  འདི་ནི་ཕོར་འཁྲུད་བཀོལ་སྤྱོད་བྱས་མ་མྱོང་བའི་མི་ལ་མཚོན་ན་ཆེས་གལ་འགེངས་ཆེ་བའི་རིམ་པ་ཞིག་ཡིན།  ཕོར་འཁྲུད་ཀྱི་བྱ་བའི་ལས་ཆོས་ཅུང་ཆེ་བས་བཀོལ་སྤྱོད་མ་བྱས་སྔོན་ལ་ངེས་པར་དུ་གློག་ཁུངས་དང་གློག་སྐུད་སོགས་ལ་ནན་གྱིས་བལྟ་དགོས།   དུས་རྒྱུན་དུ་ཕོར་འཁྲུད་གཙང་འཁྲུད་བྱེད་དགོས།  ད་དུང་མཉམ་འཇོག་བྱེད་ས་ཞིག་ནི་ཕོར་འཁྲུད་ཀྱི་ཐོག་ཏུ་དངོས་པོ་ལྗིད་མོའི་རིགས་འཇོག་མི་རུང་ངོ་། །

3 བདམས་ཉོ།

ཕོར་འཁྲུད་བདམས་ཉོ་བྱེད་སྐབས་ཐོག་མར་བདེ་འཇགས་ལ་བསམ་བློ་གཏོང་དགོས།   བདེ་འཇགས་ནི་ཨང་དང་པོ་ཡིན།  དེའི་རྗེས་སུ་ཕོར་འཁྲུད་ཀྱི་རྣམ་པ་དང་ཚད་གཞི་སོགས་ལ་བལྟ་དགོས།   ཕོར་འཁྲུད་ཀྱི་ནུས་པ་ཧ་ཅང་མང་བས།  སྤྱིར་བཏང་གི་ཁྱིམ་ཚང་ལ་མཚོན་ན་སྤྱིར་བཏང་གི་ཕོར་འཁྲུད་ཀྱིས་ཆོག་གོ    དེ་ནི་གོང་བདེ་ལ་གཙང་འཁྲུད་བྱེད་པ་ལེགས་པ།  ཞིག་གསོ་བྱེད་སླ་བ་ཡིན། 

4 ཁྱད་ཆོས།

ཕོར་འཁྲུད་བཀོལ་སྤྱོད་བྱས་ན་ལས་ཀ་ཇེ་ཉུང་དུ་འགྲོ་བ་དང་དུས་ཚོད་ཆུ་ཟོས་སུ་མི་གཏོང་བ།  ཡོད་ཚད་རང་འགུལ་གྱིས་ཚོད་འཛིན་བྱེད་ཐུབ་པ་ཡིན།     དུག་གསོད་ཀྱི་ཁྱད་ཆོས་ལྡན་པ།    བཀོལ་སྤྱོད་བྱེད་བདེ་བ།    ཆུ་ལ་གྲོན་ཆུང་བྱེད་པ་དང་གློག་ལ་གྲོན་ཆུང་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་ནོ། །  ཕོར་འཁྲུད་ལ་སྐྱོན་ཆ་མི་བྱུང་བར་དམིགས་ནས་དུས་རྒྱུན་དུ་དེ་ལ་བདག་སྐྱོང་ལེགས་པོ་བྱེད་དགོས། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།