རླུང་གཡབ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རླུང་གཡབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཁྱིམ་ཆས། )

རླུང་གཡབ།
རླུང་གཡབ་ནི་ཁང་པའི་ཕྱི་ནང་གི་མཁའ་རླུང་སྙོམས་སྦྱོར་བརྗེ་རེས་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན་པ་དང་། དྲི་སེལ་རླུང་གཡབ་ཀྱང་ཟེར། རླུང་གཡབ་སྤྱོད་པའི་དམིགས་ཡུལ་ནི་ཁང་པའི་ནང་གི་མཁའ་རླུང་བཙོག་དྲི་ཕྱིར་ཕུད་གཏོང་བ་དང་། དྲོད་ཚད་དང་རླན་ཚད་སོགས་སྙོམ་སྒྲིག་བྱེད་པ་རེད། རླུང་གཡབ་ནི་མི་མང་འདུ་འཛོམས་བྱེད་པའི་གནས་དང་ཁྱིམ་ཚང་སོགས་སུ་བཀོལ་སྤྱོད་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
换气扇
ཕྱི་ཡིག་གི་མིང་།
ventilating fan
གྲུབ་ཆ།
གློག་སྒུལ་རླུང་གཡབ་འཁོར་བ་ལས་དབུགས་རླུང་བརྗེ་སོར་བྱེད་པ།
1 གྲུབ་ཚུལ།

གཤོག་འདབ་སྒེའུ་ཁུང་ལྟ་བུའི་རླུང་གཡབ་ནི་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་པའི་དྲི་སེལ་རླུང་གཡབ་ཅིག་ཡིན།  དེའི་གྲུབ་ཆ་གཙོ་བོ་ནི་གློག་སྒུལ་འཕྲུལ་འཁོར་དང་རླུང་གཡབ།  རླུང་གི་སྒྲོམ་བུ།  ཐོད་པང་།  དྲ་ཁུང་བརྒྱ་ཅན་མ་དང་ཆེད་སྤྱོད་ཀྱི་གློག་སྒོ་སོགས་ཀྱིས་གྲུབ་པ་རེད། 

2 བདམས་ཉོ།

རླུང་གཡབ་ནི་ཁང་བའི་ནང་དུ་བཀོལ་སྤྱོད་བྱེད་པ་དང་།  ཇ་ཁང་ནང་དུ་བཀོལ་སྤྱོད་བྱེད་པ།  གཙང་སྦྲ་ཁང་དུ་བཀོལ་སྤྱོད་བྱེད་པ་བཅས་གསུམ་ཡོད།  

གཙང་སྦྲ་ཁང་གི་རྒྱ་ཁྱོན་ཅུང་ཆུང་བས།  ཧོ་སྨི150ནས200ཅན་གྱི་རླུང་གཡབ་བཀོལ་སྤྱོད་བྱས་པས་ཆོག    ཇ་ཁང་ནང་དུ་ཧོ་སྨི250ཅན་གྱི་རླུང་གཡབ་བཀོལ་སྤྱོད་བྱས་ཆོག   མལ་ཁང་དང་མགྲོན་ཁང་གི་རྒྱ་ཁྱོན་ཅུང་ཆེ་བས།  ཧོ་སྨི250ནས300ཅན་གྱི་རླུང་གཡབ་ཉིས་བརྩེགས་ཅན་བཀོལ་སྤྱོད་བྱས་ན་འོས་ཤིང་འཚམ་པ་ཡིན།  གདམ་གསེས་བྱེད་སྐབས།  དོ་སྣང་བྱེད་དགོས་པ་ནི་རླུང་གཡབ་ཀྱི་ཕྱི་ཚུལ་མཛེས་པ་དང་ཚོས་མདོག་ཁང་བའི་ཚོས་མདོག་དང་གཅིག་མཐུན་ཡིན་པ།   འཁོར་བསྐྱོད་བྱེད་སྐབས་རླུང་གི་ཆེ་ཆུང་དང་སྒྲ་སོགས་ལའང་མཉམ་འཇོག་བྱེད་དགོས། 

3 གཙང་སྦྲ།

དུས་ཡུན་རིང་བོར་བཀོལ་སྤྱོད་བྱས་རྗེས།  འཚག་དྲ་ནང་དུ་ས་རྡུལ་དང་བཙོག་དངོས་མང་པོ་ཆགས་འདུག་པས་དབུགས་བརྗེའི་རླུང་ཚད་དང་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད།  ངེས་པར་དུ་གཟའ་འཁོར་རེར་ཐེངས་གཅིག་ལ་གཙང་སྦྲ་བྱེད་དགོས།  དྲི་སེལ་རླུང་གཡབ་གཙང་སྦྲ་བྱེད་སྐབས་དོ་སྣང་བྱེད་དགོས་པ་གཅིག་ནི་ངེས་པར་དུ་གློག་སྒོ་གཅོད་དགོས།  གལ་ཏེ་གློག་ཡོད་པའི་སྐབས་སུ་གཙང་སྦྲ་བྱས་ན་རྨས་སྐྱོན་ཕོག་པའི་ཉེན་ཁ་ཡོད། 

4 བཀོལ་སྤྱོད་བྱེད་སྟངས།

རླུང་གཡབ་ངེས་པར་དུ་བདེ་མོར་འཇོག་དགོས་པ་དང་།  བཀོལ་སྤྱོད་བྱེད་པའི་སྐབས་སུ་འཁྱོག་པར་བྱེད་མི་རུང་།  བཀོལ་སྤྱོད་མ་བྱས་སྔོན་ལ་གློག་ཁུངས་སོགས་ལ་ཞིབ་བཤེར་ནན་མོ་བྱེད་དགོས།   དྲི་སེལ་རླུང་གཡབ་ཡུན་རིང་བཀོལ་སྤྱོད་མི་བྱེད་པས།  དེའི་ཆུ་སྒམ་ནང་གི་ཆུ་ངེས་པར་དུ་གཙང་སེལ་བྱེད་དགོས།    འཕྲུལ་འཁོར་ནང་དང་ལྷག་པར་དུ་འཚག་དྲ་སོགས་སྐམ་རྗེས་ད་གཟོད་ཉར་ཚགས་བྱས་ནས་རྗེས་སུ་ཡང་བསྐྱར་བཀོལ་ཆོག་པ་ཡིན།   


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-04

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།