གློག་སྡུད་ཐབ་ཀ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་སྡུད་ཐབ་ཀ
གློག་སྡུད་ཐབ་ཀ་དང་པོ་ནི1957ལོར་ཐོག་དང་པོར་འཇར་མན་ནས་བྱུང་བ་ཡིན། སྤྱི་ལོ1972ལོར་ཨ་མེ་རི་ཁའི་གློག་སྡུད་ཐབ་ཀ་ཐོན་སྐྱེད་བྱེད་པར་འགོ་བརྩམས། དུས་རབས་ཉི་ཤུའི་བའི་ལོ་རབས་བརྒྱད་ཅུའི་དུས་མགོར་ཡོ་རོབ་གླིང་དང་འཇར་པན་སོགས་སུ་ཕྱིར་འཚོང་བྱེད་པར་འགོ་བརྩམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电磁炉
ཕྱི་ཡིག་གི་མིང་།
Induction Cooker
གསར་གཏོད་དུས་སྐབས།
སྤྱི་ལོ1957
དར་ཡུལ།
འཇར་མན།
གློག་ལམ་མ་ལག
སྐུད་ལམ་མ་ལག རྩོལ་ཕྱོད་པང་། གཙོ་འཕྲུལ་པང་། སྒྲོན་པང་།
1 ཁྱད་ཆོས།
1_1 བཟང་ཆ།

གློག་སྡུད་ཐབ་ཀ་ལ་ཁྱད་ཆོས་མང་པོ་ཡོད་དེ།    གཅིག    ཚ་སྣོན་བྱེད་པ་ཧ་ཅང་མྱུར་བ།  གློག་སྡུད་ཐབ་ཀའི་དྲོད་ཚད་སྐར་ཆ15ནང་དུ་ཏུའུ300འཕར་བ་དང་།  གཡོས་སྦྱོར་བྱེད་པའི་དུས་ཚོད་གྲོན་ཆུང་བྱས་ཡོད།   གཉིས།   ནུས་ཁུངས་གྲོན་ཆུང་བྱེད་པ།  གློག་སྡུད་ཐབ་ཀ་ལ་དུ་བ་མེད་པ་དང་འཛེར་སྒྲ་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་པས།  ཇ་ཁང་གི་ཁོར་ཡུག་ལ་བཅོས་བསྒྱུར་ཆེན་པོ་བྱས་ཡོད།  གསུམ།  ནུས་པ་མང་པོ་ལྡན་པ།  བཞི།  གཙང་འཁྲུད་བྱེད་སླ་བ།  ལྔ།  བདེ་འཇགས་ཀྱི་ཚད་མཐོ་བ།   དྲུག   བཀོལ་སྤྱོད་བྱེད་བདེ་བ།    བདུན།  རིན་གོང་ཚད་དང་རན་པ། 

1_2 སྐྱོན་ཆ།

དྲོད་ཚད་འཕར་བ་ཧ་ཅང་མགྱོགས་པས།   གློག་སྒོ་མ་ཕྱེ་གོང་ལ་སྔོན་གྱི་བྱ་བ་ཐམས་ཅད་ལེགས་འགྲུབ་ཡོང་བར་བྱེད་དགོས།   དེ་མིན་གློག་སྡུད་ཐབ་ཀར་སྐྱོན་བྱུང་སླ་བ་ཡིན།   གློག་སྡུད་ཐབ་ཀ་སྲོལ་རྒྱུན་གྱི་ཐབ་ཀ་དང་བསྡུར་ན་སྐྱོན་བྱུང་སླ་བ་ཡིན།  ཞིག་གསོ་བྱེད་དཀའ་བ།

1_3 གཤིས་ནུས།

གཅིག  སྣ་མང་རང་བཞིན་ལྡན་པ།     གློག་སྡུད་ཐབ་ཀ་ནི་གློག་ཁབ་ལེན་བལྟོས་འབྱུང་གི་རྩ་བའི་རིགས་པ་ཡིས་ཚ་སྣོན་བྱེད་པ།  གཉིས།  གཙང་མ་ཡིན་པ།  གློག་སྡུད་ཐབ་ཀ་བཀོལ་སྤྱོད་བྱས་ཚར་རྗེས་གཙང་འཁྲུད་བྱེད་སླ་བ་ཡིན། 

2 དབྱེ་བ།

ཚོང་སྤྱོད་གློག་སྡུད་ཐབ་ཀ་དང་ཁྱིམ་སྤྱོད་གློག་སྡུད་ཐབ་ཀ་གཉིས་ཀྱི་ཁྱད་པར།    ཚོང་སྤྱོད་གློག་སྡུད་ཐབ་ཀ་ནི་མི་དམངས་འདུག་སའི་གནས་དཔེར་ན་མགྲོན་ཁང་དང་ཁེ་ལས།  རྒྱ་ཁོག་ཟ་ཁང་སོགས་སུ་བཀོལ་སྤྱོད་བྱེད་པ་ཡིན།  གཅིག   ཕྱི་ཚུལ་གྱི་ཁྱད་ཆོས་མི་འདྲ་བ།   ཁྱིམ་སྤྱོད་ཐབ་ཀའི་བོངས་ཚད་ལས་ཆུང་བ།  ཕྱི་ཚུལ་ཇུས་འགོད་ལྟ་ན་སྡུག་པ།  ཚོས་མདོག་སྣ་ཚོགས་ལྡན་པ།  གཉིས།   ལས་ཆོད་ཀྱི་ཆེ་ཆུང་མི་འདྲ་བ།  ཁྱིམ་སྤྱོད་གློག་སྡུད་ཐབ་ཀའི་ལས་ཆོད་ནི་ཕལ་ཆེར2.5KW ཡིན་པ་དང་།  ཚོང་སྤྱོད་གློག་སྡུད་ཐབ་ཀའི་ལས་ཆོད་ནི་ཕལ་ཆེར3KWནས35KW བར་ཡིན།  གསུམ། བསད་སྤར་གྱི་བཀོལ་སྤྱོད་བྱེད་པའི་རྣམ་པ་མི་འདྲ་བ།  བཞི།   ཐོན་རྫས་ཀྱི་སྤུས་ཀའང་མི་འདྲ་བ་ཡིན། 

3 བདག་སྐྱོང་།

གློག་སྡུད་ཐབ་ཀ་བཀོལ་སྤྱོད་བྱས་རྗེས་ངེས་པར་དུ་གཙང་འཁྲུད་བྱེད་དགོས་པ་དང་།  གློག་སྒོ་སོགས་རྒྱག་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-08

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།