དུད་སྣུམ་རྔུབ་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུད་སྣུམ་རྔུབ་ཆས།
དུད་སྣུམ་རྔུབ་ཆས་ནི་ཐབ་ཚང་གི་ཁོར་ཡུག་གཙང་བཟོ་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན། དེས་ཐབ་ཚང་དུ་སྒྲིག་སྦྱོར་བྱས་ན་ནུས་ཁུངས་གྲོན་ཆུང་བྱེད་ཐུབ་པ་དང་བདེ་ཐང་ཡིན་ནོ། གཡོས་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་མིའི་ལུས་ཕུང་ལ་གནོད་པའི་སྣུམ་གྱི་དུ་དྲེག་དང་དུ་བ་སོགས་མྱུར་དུ་མེད་པར་བཟོ་བ་ཡིན། ཁོར་ཡུག་འབགས་བསླད་བཟོ་བར་ཇེ་ཉུང་དུ་འགྲོ་བར་མ་ཟད་དུག་སྔོན་འགོག་བྱེད་པ། འབར་གས་མི་བྱེད་པ་སོགས་ཀྱི་བདེ་འཇགས་འགན་ལེན་གྱི་ནུས་པ་ལྡན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抽油烟机
ཕྱི་ཡིག་གི་མིང་།
range hood
1 གྲུབ་ཚུལ།

དུད་སྣུམ་རྔུབ་ཆས་ནི་གཙོ་བོ་ཕྱི་ཤུན་དང་རླུང་ལམ།  འཁོར་སྦུད།  ལྡོག་འགོག   སྣུམ་འབུད་སྒྲིག་ཆས།  འོད་འགྱེད་པའི་སྒྲིག་ཆས།  གློག་ཁུངས་སྐུད་པ་དང་གློག་སྒོ་སོགས་ཀྱི་གྲུབ་པ་རེད།  

2 གློག་ཟད་ཚད།

མི་མང་པོ་ཞིག་གིས་དུད་སྣུམ་རྔུབ་ཆས་བཀོལ་སྤྱོད་བྱེད་སྐབས་རླུང་ཆུང་པོའི་ནང་དུ་བཞག་ན་གློག་ལ་གྲོན་ཆུང་བྱེད་ཐུབ་བསམ་མོད།  འོན་ཀྱང་དེ་ལས་ལྡོག་ཏེ།  དུད་སྣུམ་རྔུབ་ཆས་འཁོར་བར་སྒུལ་བའི་དུས་སུ་གློག་ཟད་པ་ཆེས་མང་བ་ཡིན།  རླུང་ཆུང་པོའི་ཁ་ཕྱེ་པའི་སྐབས་སུ་མགྱོགས་ཚད་དལ་བས།  འཁོར་བར་སྒུལ་བའི་སྐབས་སུ་གློག་ཟད་པ་མང་།  དེ་བས་འཁོར་བར་སྒུལ་བའི་དུས་སུ་རླུང་སྒོ་ཆེ་རུ་བཏང་ནས་དེའི་རྗེས་སུ་དལ་གྱིས་རླུང་སྒོ་ཆུང་བའི་ཐོག་ཏུ་བཞག་ན་གློག་ལ་གྲོན་ཆུང་བྱེད་ཐུབ།  གཙང་འཁྲུད་བྱེད་པའི་ཐབས་ལམ་མ་འགྲིག་ནའང་གློག་ཟད་པ་མང་བ་ཡིན།  དུས་རྒྱུན་དུ་དུད་སྣུམ་རྔུབ་ཆས་ཕྲལ་ནས་གཙང་འཁྲུད་བྱས་ན་གློག་ཟད་ཚད་ཧ་ཅང་མང་། དེ་བས་སྤྱིར་སྣུམ་དང་དུ་བ་སོགས་གློག་སྒུལ་འཕྲུལ་འཁོར་ནང་དུ་མི་འགྲོ་བས་གཙང་འཁྲུད་བྱེད་པའི་དུས་སུ་ངོས་གཙང་འཁྲུད་བྱས་པས་ཆོག      དུད་སྣུམ་རྔུབ་ཆས་ཐོག་གི་གློག་ཆུང་བ་བཀོལ་སྤྱོད་བྱེད་དགོས།   དེའི་ཐོག་གི་གློག་བཀོལ་སྤྱོད་བྱས་ན་དུད་སྣུམ་རྔུབ་ཆས་ཀྱི་ནུས་པ་བཀོལ་སྤྱོད་བྱེད་ཐུབ་པ་མ་ཟད་གློག་ལའང་གྲོན་ཆུང་བྱེད་ཐུབ་བོ། །   ཡང་མི་ལ་ལ་ཞིག་གིས་དུད་སྣུམ་རྔུབ་ཆས་ཀྱིས་ཇ་ཁང་ནང་གི་ས་རྡུལ་སོགས་མེད་པར་བཟོ་བར་བཀོལ་སྤྱོད་བྱེད་བཞིན་ཡོད།  དེ་ལྟར་བཀོལ་སྤྱོད་བྱས་ན་ལྷག་ཏུ་གློག་ཟད་པ་ཡིན། 

3 བདམས་ཉོ་བྱེད་སྟངས།

ཞིབ་འཇུག་བྱས་པ་ལྟར་ན།    དུ་བ་མི་འཐེན་པའི་བུད་མེད་ཁྲོད་གློ་ཡི་འབྲས་སྐྲན་བྱུང་བ་ནི་དུས་ཡུན་རིང་བོར་ཇ་ཁང་གི་དུ་བ་དང་སྣུམ་སོགས་ལས་བྱུང་བ་ཡིན།  དུ་བ་དང་སྣུམ་སེལ་བའི་ནུས་པ་མི་ལེགས་པའི་ཇ་ཁང་ནང་དུ་བདེ་ཐང་ལ་གནོད་པ་སྐྱེལ་བ་ནི་དུ་བ་འཐེན་པ་དང་གཉིས་སུ་མ་མཆིས།  འདི་འདྲའི་གནས་ཚུལ་ལས་འཛམ་གླིང་ཡོངས་སུ་ལོ་རེར་མི་གྲངས་ཁྲི160ལྷག་ཚེ་ལས་འདས་པ་རེད། དེ་བས་དུད་སྣུམ་རྔུབ་ཆས་བདམས་ཉོ་བྱེད་སྐབས་ངེས་པར་དུ་གཟབ་ནན་བྱེད་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།