རླུང་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རླུང་འཁོར།
རླུང་འཁོར་ནི་ཚ་བ་ཆེ་བའི་སྐབས་སུ་བཀོལ་སྤྱོད་བྱེད་པའི་ཁྱིམ་སྤྱོད་གློག་ཆས་ཤིག་ཡིན། དེས་མི་རྣམས་ཀྱི་ཚ་བ་སེལ་བའི་ནུས་པ་ཐོན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
风扇
ཕྱི་ཡིག་གི་མིང་།
Fan
གསར་གཏོད་མཁན།
ཀྲན་མུའུ་སི་པའེ་ལོན།
གསར་གཏོད་བྱེད་དུས།
1830ལོ།
1 སྤྱིར་བཏང་གི་གྲུབ་ཚུལ།

ཆ་ཤས་གཙོ་བོ་བཞི་ལས་གྲུབ་པ་ཡིན།  ལྕགས་ཁབ་ལེན་དང་རླུང་གཡབ་དང་འཁོར་རྟེན་ལས་གྲུབ་པ་ཡིན། 

2 རྩ་བའི་རིགས་པ།

གློག་གཡབ་ཀྱི་ལྷུ་ལག་གཙོ་བོ་ནི་གློག་སྒུལ་འཕྲུལ་ཆས་སྤེལ་རེས་ཡིན།  དེའི་ལས་དོན་གྱི་རྩ་བའི་རིགས་པ་ནི་གློག་གཏོང་བའི་གློག་འདྲེན་སྒྲིལ་སྐུད་ཁབ་ལེན་ར་བའི་ནང་དུ་ཤེད་ཤུགས་ཀྱིས་འཁོར་སྐྱོད་བྱེད་པ་ཡིན།  ནུས་ཚད་ཀྱི་རྣམ་པ་ནི།  གློག་ནུས་འཕྲུལ་ཆས་ནུས་པར་འགྱུར་བའི་དུས་མཚུངས་སུ་གློག་འདྲེན་སྒྲིལ་སྐུད་ལ་གློག་གེགས་ཡོད་པས།  གློག་ནུས་ཆ་ཤས་ཤིག་ཚ་ནུས་སུ་འགྱུར་བ་རེད། 

3 ལས་ཀ་བྱེད་སྟངས།

ཡུག་སྦྲེལ་རླུང་གཡབ།   ཡུག་སྦྲེལ་གྱི་རླུང་གཡབ་ཉིས་བརྩེགས་ཅན་གྱི་རླུང་གཡབ་གནོན་ཤུགས་ལ་འགྱུར་བ་མི་བྱུང་།  འོན་ཀྱང་རླུང་ཚད་ཇེ་མཐོར་འགྲོ་བ་ཡིན།  ཇུས་འགོད་བྱེད་པའི་ཁྲོད་དུ་གལ་ཏེ་ཚ་སེལ་རྩོལ་ཚད་ཆུང་དྲགས་ན་རླུང་གཡབ་ཇེ་མང་དུ་བཏང་ན་ཆོག 

ཕྲེང་སྦྲེལ་རླུང་གཡབ།  ཕྲེང་སྦྲེལ་རླུང་གཡབ་ཀྱི་མཇུག་འབྲས་ནི་རླུང་གནོན་འཕར་གནོན་བྱེད་པ་དེ་ཡིན།  ཡིན་ནའང་རླུང་ཚད་ལ་འགྱུར་བ་མེད།  བྱེད་སྟངས་འདི་ཡི་ཚ་སེལ་གྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་རེད།  སྤྱིར་བཏང་དུ་རླུང་གི་འགོག་ཤུགས་ཧ་ཅང་ཆེ་བའི་སྐབས་སུ་བཀོལ་སྤྱོད་བྱེད་པ་དང་རླུང་ཚད་ལ་ཁག་ཐེག་བྱེད་དགོས། 

4 བདམས་ཉོ།

འཛད་སྤྱོད་པས་རླུང་འཁོར་ཉོ་སྐབས་གསལ་བཤད་ཡི་གེ་ལ་ངེས་པར་དུ་ཞིབ་ཏུ་བལྟ་དགོས།  རྒྱབ་ཁབ་ཀྱི་གཏན་འཁེལ་བྱས་པའི་ཚད་གཞི་ལ་ཐོན་ཡོད་མེད་སོགས་ལ་ཞིབ་བལྟ་བྱེད་དགོས་པ་མ་ཟད།  དུས་མཚུངས་སུ་དེང་གི་སྤྱི་ཚོགས་སུ་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད་པས།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ནུས་ཚད་ལ་ཐོན་ཡོད་མེད་ལ་བལྟ་དགོས། 

རླུང་འཁོར་གྱིས་འུར་སྒྲ་བཟོ་བའི་ལྷུ་ལག་གཙོ་བོ་ནི་གློག་འཕྲུལ་ཡིན།  རླུང་འཁོར་བདམས་ཉོ་བྱེད་པའི་སྐབས་སུ་ངེས་པར་དུ་གློག་འཕྲུལ་འཁོར་སྐྱོད་བྱེད་པའི་སྐབས་སུ་འུར་སྒྲ་ཡོད་མེད་ལ་ཉན་དགོས།  འཁོར་སྐྱོད་བྱེད་པའི་སྐབས་སུ་རྡབ་རྡབ་བྱེད་མིན་དང་བརྟན་པོ་ཡིན་མིན་སོགས་ལའང་ཞིབ་ཏུ་བལྟ་དགོས། གློག་འཕྲུལ་འཁོར་སྐྱོད་བྱེད་པའི་སྐབས་སུ་འུར་སྒྲ་མེད་པ་དང་རླུང་ཡོད་པའི་རླུང་འཁོར་ནི་ཆེས་ལེགས་པའི་རླུང་འཁོར་ཡིན། 

5 བདག་སྐྱོང་། 

རླུང་འཁོར་བཀོལ་སྤྱོད་བྱས་རྗེས་ངེས་པར་དུ་དུས་ལྟར་ཕྱི་བདར་བྱེད་དགོས།  གལ་ཏེ་དུས་ཡུན་རིང་བོར་གཙང་དག་མ་བྱས་ན་སྐྱོན་བྱུང་བའི་ཉེན་ཁ་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།