འོད་རླབས་ཐབ་ཀ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འོད་རླབས་ཐབ་ཀ
འོད་རླབས་ཐབ་ཀ་ནི་ཚལ་རྔོ་བར་བཀོལ་སྤྱོད་བྱེད་པའི་གློག་ཆས་ཀྱི་རིགས་ཤིག་ཡིན། འོད་རླབས་ཐབ་ཀ་ལ་ནུས་ཁུངས་གྲོན་ཆུང་བྱེད་པའི་ནུས་པ་ལྡན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
光波炉
ཕྱི་ཡིག་གི་མིང་།
Light wave
1 ཁྱད་པར།

འོད་རླབས་ཐབ་ཀ་དང་སྤྱིར་བཏང་གི་ཕྲ་རླབས་ཐབ་ཀ་གཉིས་ཀྱི་ཆེས་ཆེ་བའི་ཁྱད་པར་ནི་ཚ་སྣོན་བྱེད་སའི་ཐབས་ཡིན།  སྤྱིར་བཏང་གི་ཕྲ་རླབས་ཐབ་ཀ་ནི་ཚ་སྣོན་བྱས་རྗེས་མྱུར་དུ་མི་འཁྱགས་པ་དང་ལུས་ཕུང་སྲེག་པའི་ཉེན་ཁ་ཡོད།  འོད་རླབས་ཐབ་ཀ་ནི་ཚ་སྣོན་བྱེད་པར་མགྱོགས་པ་དང་འཁྱགས་པ་ཡང་ཧ་ཅང་མགྱོགས།  ཟ་མ་མི་འཚིག་པ་དང་བདེ་ཐང་ཡིན་པ།  དེ་བས་ཕྲ་རླབས་ཐབ་ཀ་ལས་འོད་རླབས་ཐབ་ཀ་བཀོལ་སྤྱོད་བྱེད་མཁན་ཧ་ཅང་མང་། 

2 ཁྱད་འཕགས་དགེ་མཚན།

སྣུམ་ཡོད་པའི་ཟས་རིགས་རྣམས་ཆབས་གཅིག་ཏུ་བཞག་ནས་དུས་ཡུན་རིང་བོར་འགོར་ན།  རླན་འཛིན་པར་སླ་བ་དང་སྣུམ་མེད་པར་གྱུར་འགྲོ།  དེ་བས་འོད་རླབས་ཐབ་ཀའི་ཚ་སྣོན་བྱས་རྗེས། སྣུམ་ཅན་གྱི་ཟས་རིགས་རྣམས་སྔོན་གྱི་རྣམ་པར་སླར་གསོ་བྱེད་ཐུབ་པ་མ་ཟད།  ད་དུང་ཚིལ་སྣུམ་ཇེ་དམའ་རུ་གཏོང་ཐུབ་པ་དང་སྔར་ལས་ཀྱང་ཇེ་ཞིམ་ཏུ་འགྲོ་བ་ཡིན།    ཉི་འབྲུ་དང་བ་དན་སོགས་ཆབས་གཅིག་ཏུ་བཞག་ནས་དུས་ཡུན་རིང་བོར་འགོར་སོང་ན་རླན་བཟུང་ནས་དྲོ་བ་ཉམས་འགྲོ་བ་ཡིན། དེ་བས་འོད་རླབས་ཐབ་ཀའི་ཚ་སྣོན་བྱས་ན་སྔར་གྱི་དྲོ་བ་དེ་སླར་གསོ་བྱེད་ཐུབ།   ཀ་ར་གོ་སྲབ་སོགས་བཞག་པའི་དུས་ཡུན་རིང་ན་རུལ་བའི་ཉེན་ཁ་ཆེ་བས་འོད་རླབས་ཐབ་ཀའི་ནང་དུ་ཚ་སྣོན་བྱས་ན་མི་རུལ་བའི་བཟང་ཆ་ཡོད། 

3 བདམས་ཉོ།

ཁྱིམ་དུ་བྱིས་པ་དང་རྒན་པ་ཡོད་པའི་སྤྱིར་བཏིང་གི་ཁྱིམ་ཚང་ལ་མཚོན་ན།  བཀོལ་སྤྱོད་བྱེད་པར་སྟབས་བདེ་ཡིན་པའི་འོད་རླབས་ཐབ་ཀ་མངགས་ཉོ་བྱས་ན་བཟང་།  ད་དུང་གློག་ཀླད་རང་བཞིན་ཅན་གྱི་འོད་རླབས་ཐབ་ཀ་ཡང་ཡོད་པས།  འདིའི་རིགས་ཀྱི་ཐབ་ཀ་ལ་ནུས་པ་མང་པ་དང་།  རིན་གོང་ཡང་ཅུང་མཐོ་བ་ཡིན།  གློག་ཀླད་རང་བཞིན་ཅན་གྱི་འོད་རླབས་ཐབ་ཀ་ནི་ཕྱིའི་རྣམ་པ་མཛེས་ལ་བཀོལ་སྤྱོད་བྱེད་བདེ་བ།  གཙང་འཁྲུད་བྱེད་སླ་བས།    དེང་གི་དུས་འདིར་འདིའི་རིགས་ཀྱི་ཐབ་ཀ་བཀོལ་སྤྱོད་བྱེད་མཁན་མང་པོ་འདུག  

4 མཉམ་འཇོག་བྱེད་ཡུལ།

འོད་རླབས་ཐབ་ཀ་ནི་སྟབས་བདེ་ཡིན་པ་དང་བདེ་ཐང་ཡིན་པ།  ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་ཤུགས་ལྡན་པ།  ཁྱིམ་ཚང་གང་དུ་སོང་ཡང་མཐོང་རྒྱུ་ཡོད།  འོན་ཀྱང་གཡོས་སྦྱོར་བྱེད་སྐབས་ངེས་པར་དུ་མཉམ་འཇོག་བྱེད་དགོས།   དཔེར་ན།  འོད་རླབས་ཐབ་ཀའི་ནང་དུ་ལྕགས་རིགས་ཡོད་པའི་སྣོད་སྤྱད་བཀོལ་སྤྱོད་བྱས་ན་འོད་རླབས་ཐབ་ཀར་སྐྱོན་ཞུགས་སླ་བ་ཡིན།  དེ་བས་ལྕགས་རིགས་ཡོད་པའི་སྣོད་སྤྱད་བཀོལ་སྤྱོད་བྱེད་མི་རུང་།   འཁྱགས་ཟས་རིགས་གཡོས་སྦྱོར་བྱེད་སྐབས་ཐོག་མར་འཁྱགས་ཞུ་བར་བྱེད་དགོས།    དེ་ལས་གཞན་རྒྱུན་དུ་གཙང་བཟོ་བྱེད་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།