བོད་ཀྱི་ཤིང་གཞོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ཤིང་གཞོང་།
ཤིང་གཞོང་ནི་སྟག་པའི་ཤིང་ཆེན་པོ་ཞིག་དྲས་རྗེས། འཕྲེད་དུ་གཤེག་ནས་བརྐོ་བ་ཡིན་ལ། དེ་ཡང་ཤིང་སྡེར་དང་འདྲ་བར་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་ན་མེད་དུ་མི་རུང་བའི་ཅ་ལག་ཞིག་ཡིན་པ་རེད། དེའི་ནང་དུ་ཡང་ཟས་རིགས་སོགས་བསྒྲིགས་ཆོག་ལ། འོ་མ་སོགས་གཤེར་བའི་རིགས་ཀྱང་བླུགས་ཆོག་པ་རེད། ཤིང་སྡེར་དང་ཤིང་གཞོང་གི་ནུས་པ་དང་ཡོན་ཏན་གྱི་ཕྱོགས་ནས། གཙོ་བོར་ཤ་མར་ཐུད་གསུམ་སོགས་ཟས་རིགས་ལ་གཡའ་ཆགས་པ་དང་རྒྱུ་འགྱུར་བྱེད་པ་སོགས་ཀྱི་གནོད་པ་ཐེབས་མི་སླ་ཞིང་། ཟས་རིགས་ཀྱི་དྲི་དང་བཅུད་སོགས་སྲུང་འཛིན་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
木碟
རིགས་དབྱེ།
འཚོ་བའི་ཡ་བྱད།
1 ​ངོ་སྤྲོད།

སྤྱིར་ན་སྔ་རབས་བོད་ཀྱི་འཚོ་བའི་ཁྲོད་དུ་རྒྱུན་སྤྱོད་ཀྱི་ཅ་ལག་ནི་ཧ་ཅང་མང་པོ་ཞིག་ཡོད་པ་དང་། ཟངས་ལྕགས་ཀྱི་ཐོན་ཁུངས་དང་བཀོལ་སྤྱོད་ཀྱི་ནུས་པ་ཁྱབ་ཆེན་དུ་མ་སོང་བའི་ཡར་སྔོན་དུ། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་མེས་པོ་ཚོས་ཤིང་གི་དབྱུག་རྟེན་ནས་བཟུང་འཚོ་བ་ཕལ་ཆེར་ཤིང་ལ་བརྟེན་ནས་ཡོང་བ་རེད། འདི་དག་ནི་ང་ཚོས་ཡུན་ཙམ་གྱི་བསམ་གཞིག་དང་འདས་པའི་གནས་ཚུལ་ལས་རྟོགས་ཐུབ་པ་རེད། འོན་ཀྱང་ཤིང་ཟོམ་དང་ཤིང་ཅེན། ཤིང་སྡེར་དང་ཤིང་གཞོང་སོགས་རྣམ་པ་མི་འདྲ་བའི་ཅ་ལག་བརྒྱ་སྟོང་མང་པོ་ཡོད་པ་ལས། འདིར་དམིགས་བསལ་གྱིས་ཤིང་གཞོང་ངོ་སྤྲོད་ཅིག་བྱེད། དེ་ཡང་ཤིང་གཞོང་ནི་ཤིང་སྟག་པས་བཟོ་བར་བྱེད་ལ། ཡུལ་སྐད་འགར་གྱོ་སྡོང་ཟེར་ལ་ཡིག་ཐོག་དུ་གྲོ་ཞེས་འབྲི་བར་སྣང་། ཤིང་སྟག་པ་ནི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་མ་བཅོས་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པས། དེས་བཟོས་པའི་ཅ་ནེ་སོགས་ནི་དུས་རབས་སྔོན་མའི་བར་དུ་ང་ཚོའི་ཉེར་སྤྱོད་ཀྱི་ཅ་ལག་དག་དག་ཡིན་པ་རེད།

ཤིང་གཞོང་ནི་སྟག་པའི་ཤིང་ཆེན་པོ་ཞིག་དྲས་རྗེས། འཕྲེད་དུ་གཤེག་ནས་བརྐོ་བ་ཡིན་ལ། དེ་ཡང་ཤིང་སྡེར་དང་འདྲ་བར་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་ན་མེད་དུ་མི་རུང་བའི་ཅ་ལག་ཞིག་ཡིན་པ་རེད། དེའི་ནང་དུ་ཡང་ཟས་རིགས་སོགས་བསྒྲིགས་ཆོག་ལ། འོ་མ་སོགས་གཤེར་བའི་རིགས་ཀྱང་བླུགས་ཆོག་པ་རེད། ཤིང་སྡེར་དང་ཤིང་གཞོང་གི་ནུས་པ་དང་ཡོན་ཏན་གྱི་ཕྱོགས་ནས། གཙོ་བོར་ཤ་མར་ཐུད་གསུམ་སོགས་ཟས་རིགས་ལ་གཡའ་ཆགས་པ་དང་རྒྱུ་འགྱུར་བྱེད་པ་སོགས་ཀྱི་གནོད་པ་ཐེབས་མི་སླ་ཞིང་། ཟས་རིགས་ཀྱི་དྲི་དང་བཅུད་སོགས་སྲུང་འཛིན་བྱེད་པ་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-16

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།