ཁྲ་ཡོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲ་ཡོལ།
ཁྲ་ཡོལ་ནི་ཁྱིམ་ཚང་གི་ཁང་པ་གསར་བ་སོགས་མཛེས་འཆོས་བྱེད་པའི་དངོས་པོ་ཞིག་ཡིན། ཐོག་ཁང་གསར་བ་སོགས་སུ་མཛེས་འཆོས་བྱེད་པའི་སྐབས་སུ་ཕལ་ཆེར་བཀོལ་སྤྱོད་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
百叶窗
ཕྱི་ཡིག་གི་མིང་།
Window shades
1 ངོ་སྤྲོད་མདོར་བསྡུས།

གཅིག   ཁྲ་ཡོལ་གྱི་མདོག་ལ་ཞིབ་བཤེར་བྱེད་པ།  འདབ་ལྷེ་དང་ལྷུ་ལག་ཆེ་ཆུང་ཡོད་ཚད་ཀྱི་ཁ་མདོག་གཅིག་མཚུངས་ཡིན་དགོས།  གཉིས།   ངོས་འཇམ་ཚད་ལ་ཞིབ་བཤེར་བྱེད་པ།  འདབ་ལྷེ་དང་ཐིག་རིས་སོགས་ཀྱི་འཇམ་ཚད་ལ་ལག་པས་ཚོར་ནས་སྤུས་ཀ་ལེགས་པའི་ཐོན་རྫས་ངོས་འཇམ་པོ་ཡིན་པ་དང་སྙོམས་པོ་ཡིན་དགོས།   གསུམ།  དྲིལ་ཡོལ་ཕྱེ་ནས་འདབ་ལྷེའི་གཅུས་ཕུར་གྱི་ནུས་པར་ཞིབ་བཤེར་བྱེད་པ།  སྙོམ་སྒྲིག་བྱེད་ཀྱི་དབྱུག་པ་སྐོར་ནས་འདབ་ལྷེ་ཁ་ཕྱེ་པ།   འདབ་ལྷེ་ཕན་ཚུན་བར་ཅུང་ལེགས་པའི་ཆུ་ངོས་སྙོམས་ཚད་རྒྱུན་འཁྱོངས་བྱེད་པ།  འདབ་ལྷེ་ཕན་ཚུན་བར་གྱི་བར་ཐག་ཆ་སྙོམས་ཡིན་དགོས་པ་དང་དྲང་མོ་ཡིན་པ།  མིག་གིས་བལྟས་ཚོད་ཀྱིས་འཁྱོག་པོ་མིན་པའི་ཚོར་བ་སྟེར་དགོས།  འདབ་ལྷེ་ཟུམ་པའི་སྐབས་སུ་འདབ་ལྷེ་ཕན་ཚུན་བར་ར་འཕྲོད་པ་དང་སྲུབས་ཀ་མེད་པ་ཡིན་དགོས།   འདབ་ལྷེ་ཁ་ཕྱེ་པའི་རྗེས་སུ་ལག་པའི་ཤུགས་ཡོད་ཚད་ཀྱིས་བསྣན་ནས་གལ་ཏེ་འདབ་ལྷ་ཡོད་ཚད་གློ་བུར་དུ་སླར་གསོ་བྱེད་ཐུབ་པ་དང་འཁྱོག་པའི་སྣང་ཚུལ་མེད་ན་སྤུས་ཀ་ལེགས་པོ་ཡིན་ནོ། །

2 བཀོལ་སྤྱོད་བྱེད་ཐབས།

ཁྲ་ཡོལ་ནི་ཁྱིམ་ཚང་གི་ཁང་པ་གསར་བ་སོགས་མཛེས་འཆོས་བྱེད་པའི་དངོས་པོ་ཞིག་ཡིན།  ཐོག་ཁང་གསར་བ་སོགས་སུ་མཛེས་འཆོས་བྱེད་པའི་སྐབས་སུ་ཕལ་ཆེར་བཀོལ་སྤྱོད་བྱེད་པ་ཡིན།   དེང་རབས་ཀྱི་མི་རྣམས་ཀྱིས་བདེ་ཐང་བག་ཕེབས་ཀྱི་འཚོ་བར་བརྩི་མཐོང་བྱེད་བཞིན་ཡོད་པའི་ཤིང་གི་རྒྱུ་ཆ་ནི་མཛེས་འཆོས་རྒྱུ་ཆའི་ཁྲོད་གཞན་དང་མི་མཐུན་པའི་གོ་གནས་གལ་ཆེན་ཟིན་ཡོད།   ཤིང་གི་རང་བྱུང་གི་མཛེས་པ་ལ་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་ན་འདོད། 

3 ནུས་པ།

གཅིག   མཛེས་ཤིང་སྤམ་པ།   ནུས་ཁུངས་གྲོན་ཆུང་བྱེད་པ་སོགས་ཀྱི་ནུས་པ་ཡོད།  གཉིས།   གསང་དོན་ལ་སྲུང་སྐྱོབ་བྱེད་ཐུབ་པ།  འདབ་ལྷེས་ཕྱི་རོལ་ཡུལ་གྱི་མིག་ལམ་བཀག་པ་དང་ཁང་པའི་ནང་གི་གྲིབ་མ་སྒོ་ཕྱི་ནས་མི་མཐོང་བ་ཡིན།  དུས་རྒྱུན་དུ་ཕྱིས་རས་སོགས་ཀྱི་ཕྱི་བདར་བཏང་ནའང་མདོག་འགྱུར་བ་དང་དབྱིབས་འགྱུར་བ་སོགས་ཀྱི་གནས་ཚུལ་མི་འབྱུང་ངོ་། །   གསུམ།  དགུན་དྲོན་མོ་དང་དབྱར་བསིལ་མོ་ཡིན་པ། ཅུང་བཟང་བའི་ཤིང་གི་རྒྱུ་ཆ་བཀོལ་སྤྱོད་བྱས་ན་ཁང་བའི་ནང་གི་དྲོད་ཚད་རྒྱུན་འཁྱོངས་བྱེད་ཐུབ་པ་དང་།  ནུས་ཁུངས་གྲོན་ཆུང་བྱེད་པའི་ནུས་པ་ཐོན་ཡོད།   གསུམ།  སྨུག་ཕྱིའི་འོད་ཐིག་བཀག་འགོག་བྱེད་ཐུབ་པ་ཡིན།   སྨུག་ཕྱིའི་འོད་ཐིག་བཀག་འགོག་བྱས་ནས་ཁང་པའི་ནང་གི་སྣོད་ཅ་ལག་སྲུང་སྐྱོབ་བྱས་ནས་སྨུག་ཕྱིའི་འོད་ཀྱིས་ཤུགས་རྐྱེན་ཀྱིས་མདོག་མི་འགྱུར་བ་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། ཁྲ་ཡོལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།