ཅོག་ཙེ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཅོག་ཙེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཁྱིམ་ཆས། )

ཅོག་ཙེ།
ཅོག་ཙེ་ནི་རྒྱུན་བཀོལ་གྱི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན། ངོས་འཇམ་པོ་ཡིན་པ་དང་། དེའི་ཐོག་ཏུ་དངོས་པོ་འཇོག་ཆོག་པ་དང་བྱ་བ་སོགས་སྒྲུབ་ན་ཆོག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桌子
ཕྱི་ཡིག་གི་མིང་།
table
1 ངོ་སྤྲོད་མདོར་བསྡུས།

ཅོག་ཙེ་ནི་རྒྱུན་བཀོལ་གྱི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན།  ངོས་འཇམ་པོ་ཡིན་པ་དང་།  དེའི་ཐོག་ཏུ་དངོས་པོ་འཇོག་ཆོག་པ་དང་བྱ་བ་སོགས་སྒྲུབ་ན་ཆོག་གོ །

2 གལ་ཆེན་རང་བཞིན།

བྱ་བའི་ལས་ཆོད་མཐོར་འདེགས་སུ་གཏོང་བ།  ཇུས་འགོད་བྱས་པ་ལེགས་པ་དང་བག་ཕེབས་ཀྱི་་གཞུང་བྱེད་ཅོག་ཙེ་ཡིས་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་མི་སྣ་ལ་མཚོན་ཧ་ཅང་བཟང་བའི་གཟེངས་བསྟོད་ཡིན།  རྒྱུ་མཚན་ནི་འདི་འདྲའི་ཅོག་ཙེ་ཐོག་ཏུ་གང་འདོད་ལྟར་བྱ་བ་སྒྲུབ་པ་དང་དེ་ལས་གཞན་པའི་བྱ་བ་སྒྲུབ་ན་ཆོག   གལ་ཏེ་ཅོག་ཙེའི་ཇུས་འགོད་བྱས་པ་ཚད་ལྡན་མིན་ན་སེམས་ཁམས་མི་སྐྱིད་པས་བྱ་བའི་ལས་ཆོད་ཀྱང་མཐོར་འདེགས་སུ་གཏོང་མི་ཐུབ་བོ། །  གལ་ཏེ་ཚད་ལྡན་གྱི་ཤུག་ལྕོག་ཞིག་མེད་ན་རྒྱུན་བཀོལ་གྱི་ཡིག་ཆ་སོགས་འཇོག་སའི་གནས་མེད་པས་ཅོག་ཙེའི་ཐོག་ཏུ་བཞག་ན་རང་ཉིད་དང་འགོ་གཙོ་རྣམས་ཀྱི་བལྟས་ཚོད་ཀྱི་མིག་ལ་མི་མཛེས་པ་མ་ཟད།  བྱ་བའི་ལས་ཆོད་ཀྱང་ཇེ་དམའ་རུ་འགྲོ་བ་ཡིན།  ཅོག་ཙེ་ལ་ལར་ཡོལ་སྒྲོམ་ཡོད་པ་རེད།  དེ་འདྲའི་ཅོག་ཙེ་ཡིས་གཞུང་ལས་ཁང་གི་འགྱུར་ལྡོག་ལ་རམ་འདེགས་ཆེན་པོ་བྱེད་བཞིན་ཡོད།  མི་སྒེར་གྱི་གསང་བའི་དོན་དག་ལ་སྲུང་སྐྱོབ་བྱེད་ཐུབ།  རྒྱུ་མཚན་ནི་ཅོག་ཙེ་ཐོག་ཏུ་བཞག་ཡོད་པའི་དངོས་པོ་མང་ཆེ་བ་ནི་བྱ་བ་དང་རང་ཉིད་ཀྱི་མི་སྒེར་གྱི་དངོས་པོ་མང་པོ་ཡོད་པས་ཡིན།  གཞུང་བྱེད་ཅོག་ཙེ་མང་ཆེ་ཤོས་ཀྱི་ཅོག་ངོས་ཀྱི་མཐོ་ཚད་ནི་ལི་སྨི72ནས76བར་ཡིན་ན་ཚད་ལྡན་ཡིན།  ཚད་ལྡན་གྱི་ཅོག་ཙེ་ཡིན་ན་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་མི་སྣ་རྣམས་ལ་མཚོན་ན་ཡང་དུས་ཡུན་རིང་བོར་སྟོད་སྒུར་སྒུར་བྱེད་མི་དགོས་པ་དང་ལུས་ཕུང་ལ་གནོད་པ་ཡང་ཆེན་པོ་ཐེབས་མི་སྲིད། 

3 དབྱེ་བ།

ཅོག་ཙེ་ལ་རིགས་མང་པོ་ཡོད།   དཔེར་ན་སློབ་སྦྱོང་བྱེད་སའི་ཅོག་ཙེ་དང་རྩིས་འཕྲུལ་ཅོག་ཙེ།  གཞུང་བྱེད་ཅོག་ཙེ།  གསོལ་ཅོག་སོགས་མང་པོ་ཡོད།   སློབ་སྦྱོང་བྱེད་སའི་ཅོག་ཙེ་ལ་མཚོན་ན་གཙོ་བོ་སློབ་སྦྱོང་ལ་དམིགས་ནས་ཇུས་འགོད་བྱེད་དགོས།   ཅོག་ངོས་ཀྱི་ཞེང་ཚད་ལ་ལི་སྨི70、75、80བར་ཡིན་དགོས།  སྤུས་ཀ་ལེགས་པ་ནི་ཤིང་གི་རྒྱུ་ཆ་ཅན་གྱི་ཅོག་ཙེ་ཡིན།    སྤྱི་ཚོགས་དང་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སློབ་སྦྱོང་བྱེད་སའི་ཅོག་ཙེ་དང་རྩིས་འཕྲུལ་ཅོག་ཙེ།  གསོལ་ཅོག་སོགས་ཀྱི་རྣམ་པ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།  འཛད་སྤྱོད་པ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཆ་རྐྱེན་དང་དགོས་མཁོ་སོགས་དང་བསྟུན་ནས་མངགས་ཉོ་བྱས་ན་ཆོག་གོ །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། ཅོག་ཙེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-05

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།