ད་བེར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ད་བེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཁྱིམ་ཆས།)

ད་བེར།
ད་བེར་ནི་གནའ་རབས་ཀྱི་འཛུགས་སྐྲུན་དངོས་པོའི་ནང་ཁུལ་གྱི་རླུང་འགོག་བྱེད་ཀྱི་ཁྱིམ་ཆས་ཤིག་ཡིན། ད་བེར་ནི་སྲོལ་རྒྱུན་གྱི་ཁྱིམ་ཆས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ལོ་རྒྱུས་ཡུན་རིང་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
屏风
ཕྱི་ཡིག་གི་མིང་།
SCREEN
1 ངོ་སྤྲོད་མདོར་བསྡུས།

ད་བེར་ནི་གནའ་རབས་ཀྱི་འཛུགས་སྐྲུན་དངོས་པོའི་ནང་ཁུལ་གྱི་རླུང་འགོག་བྱེད་ཀྱི་ཁྱིམ་ཆས་ཤིག་ཡིན།  ད་བེར་ནི་སྲོལ་རྒྱུན་གྱི་ཁྱིམ་ཆས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས།  ལོ་རྒྱུས་ཡུན་རིང་ལྡན།   ད་བེར་ནི་སྤྱི་བཏང་དུ་ཁང་པའི་ནང་གི་མངོན་གསལ་ཆེ་བའི་གནས་སུ་སྒྲིག་གཤོམ་བྱེད་པ་དང་དེས་ཁང་པ་མཛེས་པར་བཟོ་བ་དང་རླུང་འགོག་པ།  སྙོམས་སྒྲིག་བྱེད་པ།  བར་མཚམས་གཅོད་པ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན།  དེ་དང་གནའ་བོའི་ཁྱིམ་ཆས་ཕན་ཚུན་མདངས་འཕྲོ་བ་དང་།   ཕན་ཚུན་སྤེལ་ཟླ་བྱེད་རེས།  གཞི་གཅིག་ཏུ་འདྲེས་པ།  ཁྱིམ་ཆས་མཛེས་འཆོས་བྱེད་པའི་སྐབས་སུ་དོར་མི་རུང་བའི་དངོས་པོ་ཞིག་ཡིན།  དེ་ལས་མངོན་པ་ནི་འཆམ་མཐུན་དང་ལྷིང་འཇགས་ཡིན། 

2 དབྱེ་བ།

ད་བེར་ལ་རིགས་མང་པོ་ཡོད་པ་དང་།  སྤྱིར་བཏང་དུ་བཟོ་དབྱིབས་དང་བརྗོད་བྱ།  རྒྱུ་ཆའི་སྤུས་ཚད།  བཟོ་བཀོད་སོགས་ཀྱི་ཐད་ནས་དབྱེ་བ་བྱེད་པ་ཡིན།  

གཅིག   བཟོ་དབྱིབས་ཀྱི་ཐད་ནས་དབྱེ་ན་ལྟེབ་ཆོག་པའི་ད་བེར་དང་འགེལ་བའི་ད་བེར་སོགས་རིག་མང་པོ་ཡོད།   གཉིས།   བརྗོད་བྱའི་ཐད་ནས་དབྱེ་ན་གནའ་རབས་ལོ་རྒྱུས་དང་རྩོམ་རིག་གྲགས་ཅན།  ཆོས་ལུགས་ལྷ་སྒྲུང་།  དམངས་ཁྲོད་གཏམ་རྒྱུད།  རི་ཆུ་དང་མི་སྣ་སོགས་རིགས་དུ་མ་ཡོད།  གསུམ།   རྒྱུ་ཆའི་སྤུས་ཚད་དང་བཟོ་བཀོད་སོགས་ཀྱི་ཐད་ནས་ཤིང་བརྐོས་ད་བེར་དང་ཤེལ་གྱི་ད་བེར།  སྨྱུག་མའི་ད་བེར།  ལྕགས་ཀྱི་ད་བེར།  རྡོའི་རྒྱུ་ཆའི་ད་བེར་སོགས་རིགས་ཧ་ཅང་མང་ངོ་། །

3 མི་རིགས་ཀྱི་ཁྱད་ཆོས།

ད་བེར་གྱིས་ཁྱིམ་ཆས་སྔར་ལས་ལྷག་པའི་ལྟ་ན་སྡུག་པར་གྱུར་བར་བྱེད།  འོན་ཀྱང་བློ་ཁ་དང་མཐུན་པའི་ད་བེར་ཤིག་དངོས་ནས་བཙལ་དཀའ།  ཀྲུང་ལུགས་ཀྱི་ད་བེར་ལ་ལྟ་ན་སྡུག་པ་དང་མཆོར་ཉམས་ལྡན་པ་ཡིན། ཀྲུང་ལུགས་ཀྱི་ད་བེར་ཚོང་རར་ཁྲོད་དུ་རྒྱུན་མཐོང་གི་ཁྱིམ་ཆས་ཤིག་ཡིན།  དེའི་རིན་གོང་ནི་རང་ཉིད་ཀྱི་འདེམས་པའི་ཤིང་གི་རྒྱུ་ཆ་དང་ཤིང་བརྐོས་ལག་རྩལ།  ཆེ་ཆུང་སོགས་དང་བསྟུན་ནས་གཏན་འཁེལ་བྱེད་པ་རེད།  ཀྲུང་ལུགས་ཀྱི་ད་བེར་གྱི་ཇུས་འགོད་དང་ཅུང་འདྲ་བའི་ད་བེར་ནི་འཇར་པན་གྱི་ད་བེར་རེད།  སྲོལ་རྒྱུན་གྱི་འཇར་པན་ད་བེར་གྱི་རི་མོ་ནི་ལོ་རྒྱུས་དང་མི་སྣ།  རྩི་ཤིང་སོགས་གཙོ་བྱས་ནས་ཇུས་འགོད་བྱས་ཡོད།  ཁ་མདོག་གི་ཐད་ནས་ཀྱང་གསེར་མདོག་དང་མདོག་སྐྱ་སྐྱ།  མདོག་དཀར་པོ་སོགས་བཀོལ་སྤྱོད་བྱས་ཡོད་པ་ཧ་ཅང་མང་། འོན་ཀྱང་ཚོང་རར་ཁྲོད་དུ་འཇར་པན་གྱི་ད་བེར་དངོས་མ་ཞིག་རྙེད་དཀའ།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། ད་བེར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།