དབུར་པང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུར་པང་།
དབུར་པང་ནི་ཁྱིམ་ཆས་ཀྱི་ཁོངས་གཏོགས་ཡིན་ལ། དེ་ནི་པང་ལེབ་དང་འདེགས་དངོས་གཉིས་ཀྱི་གྲུབ་པ་རེད། དེ་ལ་རིགས་མང་པོ་ཡོད་མོད། འོན་ཀྱང་ཤིང་རིགས་ཀྱི་དབུར་པང་གི་གྲུབ་ཚུལ་སྟབས་བདེ་ཡིན་ལ་བཀོལ་སྤྱོད་བྱེད་པར་ཧ་ཅང་སྟབས་བདེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
熨衣板
ཕྱི་ཡིག་གི་མིང་།
ironing table
1 ངོ་སྤྲོད།

དབུར་པང་ནི་ཁྱིམ་ཆས་ཀྱི་ཁོངས་གཏོགས་ཡིན་ལ།  དེ་ནི་པང་ལེབ་དང་འདེགས་དངོས་གཉིས་ཀྱི་གྲུབ་པ་རེད།  དེ་ལ་རིགས་མང་པོ་ཡོད་མོད།  འོན་ཀྱང་ཤིང་རིགས་ཀྱི་དབུར་པང་གྱི་གྲུབ་ཚུལ་སྟབས་བདེ་ཡིན་ལ་བཀོལ་སྤྱོད་བྱེད་པར་ཧ་ཅང་སྟབས་བདེ་ཡིན། 

ཤིང་རིགས་ཀྱི་དབུར་པང་ལྟེབ་མ་ནི་དེ་ལས་ཀྱང་བཀོལ་སྤྱོད་བྱེད་པར་སྟབས་བདེ་ཡིན།  འདིའི་རིགས་ཀྱི་དབུར་པང་འཛད་སྤྱོད་བྱེད་མཁན་གྱི་མི་ཡང་མང་པོ་འདུག   གལ་ཏེ་དབུར་ཏི་རྒྱབ་ནས་ཚར་རྗེས་སུ་ལྟེབ་རྗེས་ས་གནས་ཀྱང་དེ་འདྲའི་ཆེན་པོ་ཞིག་མི་ཟིན་པས་མི་རྣམས་ཀྱི་གདང་འཇོག་ཚད་ཆེན་པོ་ཐོབ་ཡོད། 

2 བཀོལ་སྤྱོད་བྱེད་སྟངས།

དབུར་པང་གྱི་མཐོ་ཚད་རང་ཉིད་ཀྱི་སྐྱེ་གཟིགས་དང་བསྟུན་ནས་མཐོ་དམའ་སྙོམ་སྒྲིག་བྱས་ཆོག   མཐོ་ཚད་སྙོམ་སྒྲིག་ལ་སྤྱིར་བཏང་དུ་རིམ་པ་ཡོད་པའི་སྙོམ་སྒྲིག་དང་རིམ་པ་མེད་པའི་སྙོམས་སྒྲིག་བཅས་རིགས་གཉིས་ཡོད།   དབུར་པང་ལ་ད་དུང་གློག་ཁུངས་དང་བསྒར་སྣེ་སོགས་ཡོད་པས་ཡར་མར་གནས་སྤོར་ནའང་ཆོག་གོ

3 ལག་རྩལ།

གཅིག   ཉར་ཚགས་བྱ་ཐབས།   རང་བྱུང་གི་ཚི་སྣ་དང་མིས་བཟོས་ཀྱི་ཚི་སྣ་རང་བཞིན་གྱི་ལྭ་བ་མུག་པ་རྒྱག་པའི་ཉེན་ཁ་ཡོད་པས་འགེལ་བའི་སྒོ་ནས་ཉར་ཚགས་བྱེད་དགོས།  གཉིས།  དབུར་ཏི་རྒྱག་པའི་ལག་རྩལ།    ཐོག་མར་དབུར་པང་ངོས་སྙོམས་པོ་ཡིན་པའི་སའི་ཐོག་ཏུ་བཞག་རྗེས་དེའི་དྲོད་ཚད་ལ་སོགས་པ་ཚད་ལྡན་ཡིན་མིན་ཞིབ་བཤེར་བྱས་རྗེས་སུ་ད་གཟོད་ལྭ་བ་དབུར་ཏི་རྒྱག་དགོས།   དབུར་ཏིའི་ཆུའི་གསོག་ཚད་ཚད་དང་རན་པ་ཡིན་དགོས།   གལ་ཏེ་ནང་དུ་ཆུ་མང་དྲགས་ན་དབུར་ཏི་རྒྱག་པའི་སྐབས་སུ་ལྭ་བ་རློན་པར་གཏོང་བའི་ཉེན་ཁ་ཡོད།  དབུར་ཏིའི་ནང་དུ་ཆུ་བླུགས་རྗེས་སུ་ངོས་མཉམ་པའི་སྒོ་ནས་ཐང་ལ་འཇོག་མི་རུང་།  ཅུང་གསེག་པའི་སྒོ་ནས་ཁ་ཡར་འཁོར་ནས་འཇོག་དགོས།  དབུར་ཏིའི་དྲོད་ཚད་སྙོམ་སྒྲིག་བྱེད་སྐབས་དྲོད་ཚད་དམའ་མོ་ནས་དལ་གྱིས་མཐོན་པོར་སྙོམ་སྒྲིག་བྱེད་དགོས།  བཀོལ་སྤྱོད་བྱས་ཚར་རྗེས་དབུར་ཏིའི་ནང་གི་ཆུ་ངེས་པར་དུ་ལེན་དགོས།   དུས་ཡུན་རིང་བོར་བཞག་ན་དབུར་ཏི་ནང་དུ་བཙོག་ཐིག་ཡོད་པ་ཡིན།  

4 གདམ་གསེས་བྱ་ཐབས།

གཙོ་བོ་ཕྱོགས་ཡོངས་ཀྱི་གྲུབ་ཆ་གསར་བ་ཡིན་མིན་ལ་བལྟ་དགོས།  རྣམ་པ་མཛེས་པོ་ཡིན་མིན།  ཁ་མདོག་མཐུན་སྦྱོར་ཡིན་མིན།  དུས་རབས་དང་འཚམ་མིན་སོགས་ལ་བལྟ་དགོས་པ་དང་། ཞིབ་མོའི་སྒོ་ནས་ཕྱི་ཚུལ་ངོས་མཉམ་མི་མཉམ་དང་སྤུས་ཀ་བཟང་མིན་སོགས་ལ་བལྟ་དགོས།  སྤུས་ཀ་བཟང་མིན་གྱི་ཐད་ནས་གཙོ་བོ་དབུར་ཏིའི་ལྗིད་ཚད་མ་ཡིན་པར་ཚ་ཚད་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། དབུར་པང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།