ཅོག་ཁེབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅོག་ཁེབས།
ཅོག་ཁེབས་ལ་དབྱེ་ན་གསོལ་ཅོག་སྒོར་དབྱིབས་རིགས་ཀྱི་ཅོག་ཁེབས་དང་། གསོལ་ཅོག་གྲུ་བཞི་དབྱིབས་ཀྱི་ཅོག་ཁེབས། ཇ་ལྕོག་སྒོར་དབྱིབས་རིགས་ཀྱི་ཅོག་ཁེབས་སོགས་རིགས་ཧ་ཅང་མང་པོ་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桌布
ཕྱི་ཡིག་གི་མིང་།
tablecloth
1 རྣམ་གྲངས།

གཅིག  ཐོན་སྐྱེད་བཟོ་རྩལ་གྱི་ཐད་ནས་དབྱེ་ན།   1.སྤོས་འགྱིག་གི་རིགས།  PVCརིགས་ཀྱི་ཅོག་ཁེབས་དང་།   EVAརིགས་ཀྱི་ཅོག་ཁེབས།   PEVAརིགས་ཀྱི་ཅོག་ཁེབས།   བསྲེགས་རིས་རིགས་ཀྱི་ཅོག་ཁེབས་སོགས་རིགས་དུ་མ་ཡོད་དོ།   2.འཁལ་འཐག་གི་རིགས། 

གཉིས།  བཀོལ་སྤྱོད་བྱེད་པའི་ཁྱབ་ཁོངས་ཀྱི་ཐད་ནས་དབྱེ་ན།  དཔེར་ན་གསོལ་ཅོག་སྒོར་དབྱིབས་རིགས་ཀྱི་ཅོག་ཁེབས་དང་།  གསོལ་ཅོག་གྲུ་བཞི་དབྱིབས་ཀྱི་ཅོག་ཁེབས།  ཇ་ལྕོག་སྒོར་དབྱིབས་རིགས་ཀྱི་ཅོག་ཁེབས་སོགས་རིགས་ཧ་ཅང་མང་པོ་འདུག    གསུམ།  སྤྱོད་ཡུལ་གྱི་ཐད་ནས་དབྱེ་ན་རྒྱན་ཆས་རིང་བཞིན་དང་ཉེར་སྤྱོད་ཐུབ་པའི་རང་བཞིན་གྱི་རིགས་གཉིས་ཡོད།    ཉེར་སྤྱོད་ཐུབ་པའི་རང་བཞིན་གྱི་ཅོག་ཁེབས་དེའི་ནུས་པ་གཙིགས་སུ་འཛིན་པ་དང་།  སྤོས་འགྱིག་གཙོ་བྱས་པའི་རྒྱུ་ཆ་ཡིན།  ཁ་མདོག་ཀྱང་སྣ་གཅིག་ཡིན་ནོ།  གསོལ་ཅོག་གི་སྤུས་ཁ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས།  ཁྱིམ་ཚང་མང་ཆེ་བས་ཅོག་ཁེབས་བཀོལ་སྤྱོད་བྱེད་ཀྱིན་མེད།  ཁྱིམ་དུ་འགྲུལ་བ་ཡོང་བའི་སྐབས་སུ་ཅུང་སྟབས་བདེ་བའི་སྒོ་ནས་གཅིག་སྤྱོད་ཀྱི་ཅོག་ཁེབས་ཤིག་བཀོལ་སྤྱོད་བྱས་རྗེས་སུ་སྐྱུར་བ་རེད།  འདིའི་རིགས་ཀྱི་ཅོག་ཁེབས་སྟབས་བདེ་ཡིན་མོད།  འོན་ཀྱང་དེ་ནི་ཁོར་ཡུག་ལ་འབགས་བཙོག་ཐེབས་པ་རེད།  དེ་བས།   ཉེར་སྤྱོད་རང་བཞིན་གྱི་ཅོག་ཁེབས་ནི་གཙོ་བོPVCརྒྱུ་ཆའི་རིགས་ཀྱི་ཅོག་ཁེབས་བཀོལ་སྤྱོད་བྱེད་བཞིན་ཡོད།  ཉེ་བའི་ལོ་འདི་དག་གི་རིང་ལ།  མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས།  མི་རྣམས་འཚོ་བའི་རྒྱུ་སྤུས་ཀྱི་རྗེས་སུ་བསྙེགས་བཞིན་ཡོད།  མི་མང་པོ་ཤིག་གིས་རས་རིགས་ཀྱི་ཅོག་ཁེབས་བཀོལ་སྤྱོད་བྱེད་བཞིན་ཡོད།  རས་རིགས་ཀྱི་ཅོག་ཁེབས་ཉེར་སྤྱོད་རང་བཞིན་གྱི་ཐད་ནས་བཙོག་སླ་བ་ཡིན་མོད།  འོན་ཀྱང་དེང་སྐབས་ཕྱི་གླང་གི་ཟ་མ་ཟ་མཁན་གྱི་མི་ཧ་ཅང་མང་བས།  མི་རྣམས་ཀྱིས་ཟ་མ་ཟ་བའི་ཐབས་ཀྱང་དལ་གྱིས་འགྱུར་ལྡོག་བྱུང་བ་རེད། 

2 གཙང་འཁྲུད་རྒྱག་པའི་ཐབས།

ཟ་མ་ཟས་རྗེས་སུ་ཅོག་ཁེབས་ཀྱི་ཐོག་ཏུ་མི་གཙང་བའི་དངོས་པོ་མང་པོ་ཞིག་ཡོད་པས།   ཅོག་ཁེབས་བཀོལ་སྤྱོད་བྱས་པའི་རྗེས་སུ་མྱུར་དུ་གཙང་འཁྲུད་བྱེད་དགོས།  ཐོག་མར་ཅོག་ཁེབས་ཀྱི་འབགས་བཙོག་ཐེབས་ཡོད་པའི་གནས་དེ་ཏུའུ60ཡས་མས་ཀྱི་ཆུའི་ནང་དུ་ཅུང་སྦོང་རྗེས་གཙང་འཁྲུད་མ་བྱས་སྔོན་ལ་ཚྭ་དང་སྐྱུར་ཆུ་སོགས་ཀྱིས་ཅོག་ཁེབས་སྐར་མ་གསུམ་གྱི་རིང་ལ་ཆུའི་ནང་དུ་སྦོང་བའི་རྗེས་སུ་གཙང་འཁྲུད་བྱས་ན་ཕན་འབྲས་ཧ་ཅང་ལེགས།   གཙང་འཁྲུད་བྱས་པའི་རྗེས་སུ་དུས་ཡུན་རིང་བོར་ཉི་མར་སྐེམ་ན་ཁ་མདོག་འགྱུར་བའི་ཉེན་ཁ་ཡོད།  དེ་བས་རླུང་ཡོད་སའི་གནས་སུ་སྐེམ་པ་དང་ཡང་ན་གོས་འཁྲུད་འཕྲུལ་ཆས་ཀྱི་ནང་དུ་བཞག་ནས་སྐེམ་དུ་བཅུག་ན་བཟང་། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། ཅོག་ཁེབས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།