ལྷམ་སྒྲོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷམ་སྒྲོམ།
སྲོལ་རྒྱུན་གྱི་ལྷམ་སྒྲོམ་ནི་ད་ལྟའི་ཁྱིམ་ཆས་ཀྱི་ཁྲོད་དུ་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་ལྷམ་སྒྲོམ་ཡིན། གཙོ་བོ་ནི་ལྷམ་འཇོག་པའི་ནུས་པ་ལྡན་པ་དེ་ཡིན། དུས་མཚུངས་སུ་རྣམ་པའི་སྟེང་ནས་ཀྱང་མུ་མཐུད་དུ་འགྱུར་ལྡོག་བྱུང་བ་དང་གསར་གཏོད་བྱེད་བཞིན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鞋柜
ཕྱི་ཡིག་གི་མིང་།
Shoe ark
1 འཕེལ་རིམ།

སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་སྔ་རབས་ཀྱི་ཤིང་བཟོས་ལྷམ་སྒྲོམ་ནས་ད་ལྟའི་རིགས་རྣམ་པ་སྣ་ཚོགས་ཡོད་པའི་ལྷམ་སྒྲོམ།  དཔེར་ན་ཤིང་བཟོའི་ལྷམ་སྒྲོམ།  གློག་རྡུལ་རིགས་ཀྱི་ལྷམ་སྒྲོམ།  དུག་སེལ་ལྷམ་སྒྲོམ་སོགས་ནུས་པ་དང་རྣམ་པ་མི་གཅིག་པ་ཧ་ཅང་མང་ངོ་། །  རིམ་པ་དང་པོ།  རྫབ་བེ་རྫོབ་བེ་ཡིན་པ།  རིམ་པ་གཉིས་པ།  སྟབས་བདེའི་ཤིང་སྒྲོམ།  རིམ་པ་གསུམ་པ་ནི་སྤུས་དག་ལ་ལྟ་ན་སྡུག་པའི་ཤིང་བཟོའི་ལྷམ་སྒྲོམ་བྱུང་བ།  ལྟ་ན་སྡུག་པ་ཡིན་མོད།  འོན་ཀྱང་རྩ་བའི་སྟེང་ནས་ལྷམ་སྒྲོམ་གྱི་ནུས་པ་མཐོར་འདེགས་སུ་གཏོང་མི་ཐུབ།  རིམ་པ་བཞི་པ།  གློག་རྡུལ་ལྷམ་སྒྲོམ།    ཁྱིམ་ཚང་མང་ཆེ་ཤོས་ཀྱི་ནང་དུ།  ལྷམ་སྒྲོམ་ནི་ཁྱིམ་དུ་འཛུལ་སའི་སྒོ་ཁ་རུ་ཡོད་པ་དང་། དེས་ད་དུང་ལྷམ་འཇོག་པ་དང་དེ་ལས་གཞན་པའི་དངོས་པོ་སྣ་ཚོགས་མང་པོ་བཞག་ཆོག་པའི་སྤྱོད་ནུས་ཡོད།  དེའི་ཐོག་ཏུ་ལྡེ་མིག་དང་པ་སེ་སོགས་དེ་ལས་གཞན་པའི་དངོས་པོ་སྣ་ཚོགས་བཞག་ཡོད། 

2 སྲོལ་རྒྱུན་གྱི་ལྷམ་སྒྲོམ།

སྲོལ་རྒྱུན་གྱི་ལྷམ་སྒྲོམ་ནི་ད་ལྟའི་ཁྱིམ་ཆས་ཀྱི་ཁྲོད་དུ་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་ལྷམ་སྒྲོམ་ཡིན།  གཙོ་བོ་ནི་ལྷམ་འཇོག་པའི་ནུས་པ་ལྡན་པ་དེ་ཡིན།  དུས་མཚུངས་སུ་རྣམ་པའི་སྟེང་ནས་ཀྱང་མུ་མཐུད་དུ་འགྱུར་ལྡོག་བྱུང་བ་དང་གསར་གཏོད་བྱས་ནས་ཁྱིམ་ཆས་མི་གཅིག་པ་དང་མཐུན་པར་བྱེད་པ་ཡིན།  ལྷམ་གསོག་འཇོག་བྱེད་པ་དང་མཛེས་སྤྲས་བྱེད་པ་སོགས་ཀྱི་ནུས་པ་ཆེན་པོ་ལྡན།   

3 གློག་རྡུལ་ལྷམ་སྒྲོམ།

གློག་རྡུལ་ལྷམ་སྒྲོམ་ནི་ཚན་རིག་ལག་རྩལ་དང་བདེ་ཐང་།  གསར་རྐྱང་།  རིག་ནུས་བཅས་འཛོམས་པའི་ལྷམ་སྒྲོམ་ཡིན།   དེ་ལ་སྤྱིར་བཏང་གི་ལྷམ་སྒྲོམ་ལ་མེད་པའི་ཁྱད་ཆོས་དང་ནུས་པ་མང་པོ་ལྡན།  གློག་རྡུལ་ལྷམ་སྒྲོམ་ནི་སྲོལ་རྒྱུན་གྱི་ཤིང་བཟོས་ལྷམ་སྒྲོམ་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་བྱུང་བའི་ཚན་རིག་ལག་རྩལ་མཐོ་བ་དང་།  བདེ་ཐང་ཡིན་པ།  རིག་ནུས་རང་བཞིན་གྱི་ལྷམ་སྒྲོམ་ཐོན་རྫས་ཡིན།  དེའི་ཕྱི་ཚུལ་མཛེས་པ་དང་རྒྱུ་ཆའི་འགྱུར་ལྡོག་ལས་གཞན།  གློག་རྡུལ་ལྷམ་སྒྲོམ་ལ་ད་དུང་དུག་སེལ་སོགས་ཀྱི་རིག་ནུས་ཀྱི་ནུས་པ་ཆེན་པོ་ལྡན།  རིགས་མི་གཅིག་པའི་ལྷམ་མང་པོ་ཐོན་སྐྱེད་བྱས་པ་དང་བསྟུན་ནས་ལྷམ་སྒྲོམ་གྱི་རྒྱ་ཁྱོན་ཡང་དེ་ལས་མཉམ་འཇོག་བྱེད་དགོས་ས་གཅིག་ཡིན།  སྤྱིར་ལྷམ་སྒྲོམ་གྱི་ཇུས་འགོད་དང་བཟོ་སྐྲུན་སོགས་ཀྱང་མཛེས་སྤྲས་ཁྲོད་ཀྱི་ཤེས་བྱ་སྣ་གཅིག་ཡིན།   འོན་ཀྱང་གློག་རྡུལ་ལྷམ་སྒྲོམ་ནི་ཐོན་སྐྱེད་བྱེད་པར་དཀའ་བ་དང་དལ་བ་སོགས་ཀྱི་སྐྱོན་ཆ་ཅུང་ཙམ་ཡང་ལྡན་ནོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཁྱིམ་ཆས། ལྷམ་སྒྲོམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-08

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།