ཡོངས་འཛིན་རིག་མཛོད། >རིག་གནས། >ཆོས་ལུགས།

གཡང་གཞི།

མི་ལྤགས་མ་ཉམས་པ་མགོ་པགས་སྐྲ་དང་བཅས་པ་འབྱར་བ། རྐང་ལག་བཞིའི་སོར་མོ་སེན་མོ་དང་བཅས་པ་མ་ཉམས་པར་ཡོད་པ་ལེགས་པར་བཤུས་ནས་ཚྭ་དང་ག་བུར་སོགས་མི་རུལ་བའི་རྫས་ཀྱིས་བྱུག དེ་ནས་ཐལ་འཇིམ་བྱུགས་ཏེ་བྱེ་མ་རློན་པར་སྦངས། ཚིལ་ཞག་དང་ཁྲག་ཆུ་སེར་རྣམས་ཕྱུངས་ནས་བསྐམས་པ་དེའི་ནང་དུ་མཚལ་དང་སིན་ངྷུ་ར་སོགས་བྱུགས་ནས་དམར་པོ་བྱ་ཞིང་བསང་གཏོར་དང་བགེགས་བསྐྲད་དེ་གདན་གོས་དང་གཡབ་དར་སོགས་སུ་བཀོལ་དགོས་པ་ཡིན། རྒྱ་ཡིག་གི་མིང་། 全人皮 འགྲེལ་བ། མི་ཕྱུགས་ཀྱི་པགས་པ་ཆ་ཚང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཕུར་པ།

ཕུར་པའམ་ཕུར་བུ་ཞེས་པ་སྤྱིར་ན་དུད་འགྲོ་འདོགས་བྱེད་སོགས་ས་ལ་གདབ་བྱ་ཞིག དཔེར་ན། ལྕགས་ཕུར། ཤིང་ཕུར། གུར་ཕུར། གདང་ཕུར་སོགས་ལ་བྱེད་ཀྱང་། འདིར་གདོན་བགེགས་འདུལ་བྱེད་ཀྱི་སྔགས་ཆས་ཤིག འདི་ལ་དུང་དཀར་ཚིག་མཛོད་ལས། སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་རྙིང་མའི་གཞུང་ལས་བཤད་པའི་དཔལ་ཆེན་རྡོ་རྗེ་ཕུར་བ་ཞེས་སྐུ་སྟོད་ཁྲོ་བོ་ལ་སྐུ་སྨད་ཕུར་པའི་དབྱིབས་སུ་ཡོད་པའི་ལྷ་ཞིག་སྟེ། དེ་ལ་ཡང་ཕུར་པ་ལྷ་ནག་དང་། ལྷ་ཁྲ་སོགས་མི་འདྲ་བ་ཁ་ཤས་ཡོད་ཚོད་འདུག་ཀྱང་དཔྱད་གཞི་བདག་གིས་མ་མཐོང་། ཞེས་གསུངས། རྒྱ་ཡིག་གི་མིང་། 金刚橛 རྒྱུ་ཆ། གསེར། དངུལ། ཟངས། ཤེལ། ཙནྡན་སོགས། གོ་དོན། ཕུར་པའི་སྒྲ་བཤད་དམ་གོ་དོན་ལ་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་སྔགས་ཆས་རྣམ་བཤད་དུ། དེ་ཡང་ཕུར་པ་ཞེས་པའི་སྒྲ་བཤད་དམ་གོ་དོན་ནི་ཕུར་ནི་ཡུལ་ཅན་རིག་པའི་ཡེ་ཤེས་དང་། བ་ནི་ཡུལ་སྣང་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་ལ་བྱེད་པ་ཡིན་ཞིང་དོན་དམ་པར་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་

རིགས་དབྱེ།   རིག་གནས།ཆོས་ལུགས།

གཡེར་ཁ།

དྲིལ་བུ་ཆུང་ཆུང་གཡེར་མའི་ཁ་ལྟ་བུ་ཞིག་ཡིན་པར་ཚིག་མཛོད་ཆེན་མོ་ལས་གསུངས་པ་དང་། དུང་དཀར་ཚིག་མཛོད་ལས། རྟ་དྲེལ་སོགས་ཀྱི་སྐེ་ལ་འདོགས་རྒྱུའི་གཡེར་ཁ། གསེར་དངུལ་ལྕགས་མཉམ་བསྲེས་ལྕགས་རིགས་སོགས་ལས་བཟོས་པའི་གཡེར་ཁ། ཞེས་གསུངས་ཡོད་ལ་དམངས་ཁྲོད་དུ་འདི་ལ་ཁྲོལ་རིལ་ཞེས་ཀྱང་འབོད། རྒྱ་ཡིག་གི་མིང་། 铃铛 རྒྱུ་ཆ། ལྕགས་རིགས། ངོས་འཛིན། འདི་ནི་དྲིལ་བུ་ཆུང་ཆུང་གཡེར་མའི་ཁ་ལྟ་བུ་ཞིག་ཡིན་པར་ཚིག་མཛོད་ཆེན་མོ་ལས་གསུངས་པ་དང་། དུང་དཀར་ཚིག་མཛོད་ལས།

རིགས་དབྱེ།   རིག་གནས།ཆོས་ལུགས།

རྐང་གླིང་།

རྐང་གླིང་ལ་དུང་དཀར་ཚིག་མཛོད་ལས། དཔའ་བོ་དམག་ཐོག་ཏུ་ཤི་བའམ། སྐྱེས་པའམ་བུད་མེད་གཙང་མ་རང་བཞིན་གྱིས་ཤི་བའི་རྐང་རུས་ལསབཟོས་པའི་གླིང་བུ་སྟེ། རྐང་གླིང་བཟོ་རྒྱུའི་ཆེད་དུ་མི་བསད་ནས་བཟོས་པའི་ལུགས་སྲོལ་དེ་འདྲ་ནང་བསྟན་ཆོས་ལུགས་ལ་གཏན་ནས་མེད། ཞེས་གསུངས་པ་དང་། ཚིག་མཛོད་ཆེན་མོ་ལས། སྔགས་ཀྱི་མཆོད་རྫས་བྱེ་བྲག་མིའི་བརླ་རྐང་རུས་ཀྱི་གླིང་བུ། ཞེས་གསུངས་པའི་ཕྱིར། རྒྱ་ཡིག་གི་མིང་། 胫骨号筒、 胫骨萧 མིང་གཞན། རྐང་དུང་། འགྲེལ་བ། མིའི་བརླ་རྐང་རུས་ཀྱིས་བཟོས་པའི་གླིང་བུ། ངོ་སྤྲོད།

རིགས་དབྱེ།   རིག་གནས།ཆོས་ལུགས།

ལྷ་བསང་།

སྤྱིར་བསང་ཟེར་བ་ནི་ངོ་བོའམ་གོ་དོན་གྱི་ཆ་ནས་བཤད་ན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས། དག་བྱེད་དྲི་ཞིམ་གྱི་ཆོ་ག་གང་ཞིག ཉེས་སྐྱོན་གྱི་སྒྲུབ་བྱེད་ཐམས་ཅད་བྱང་ཞིང་། བདེ་ལེགས་སྟེར་བའི་ནུས་པ་དང་ལྡན་པ།ཞེས་གསུངས་པ་ལྟར།དག་བྱེད་དྲི་ཞིམ་རྫས་ཀྱི་ནུས་པས་ཉེས་སྐྱོན་འབག་གཙོག་བྱང་བར་བྱེད་ཅིང་།བདེ་ལེགས་སྟེར་བའི་ཆོ་ག་ཞིག་ལ་བསང་ཟེར། འགའ་ཞིག་གི་རྣམ་རྟོག་ལ་བསང་གཏོང་བའི་སྐབས་སུའང་སྐྱབས་གསུམ་གཙོ་བོ་དང་འཇིག་རྟེན་པའི་ལྷ་ཀླུ་ཞར་བྱུང་དུ་སྨྲ་བ་ནི།མཆོད་རྟེན་ནག་འཇམ་མེར་བཞག་ནས་བྲག་ལ་དཀར་རྩི་བྱུག་པའི་དཔེ་ལྟར་དེ་ཙམ་འགྲིག་པར་མི་སྣང་སྟེ།རྒྱལ་མཆོག་ལྔ་བ་ཆེན་པོས།

རིགས་དབྱེ།   རིག་གནས།ཆོས་ལུགས།

འཇམ་པའི་དབྱངས།

ངག་གི་ཉེས་པའི་རྩུབ་རེག་དང་བྲལ་ཞིང་འཇམ་མཉེན་ཡིད་འོང་ཡིད་དུ་འཐད་པ་སོགས་འགྲོ་བ་ཀུན་ཀྱི་ཁམས་དབང་བསམ་པ་རྣམས་དང་མཐུན་པར་རྗེས་སུ་འཇུག་པའི་དབྱངས་ཀྱི་ཡོན་ཏན་མ་ལུས་པ་ཡོངས་སུ་རྗོགས་པའི་བདག་ཉིད་དུ་གྱུར་བས་ན་འཇམ་པའི་དབྱངས་ཞེས་བྱ་སྟེ། འཇམ་དཔལ་དབྱངས་དང་འཇམ་དཔལ་ཡང་ངོ་།། རྒྱལ་བའི་ཡབ་དུ་གྱུར་ཚུལ། རྒྱལ་བའི་ཡབ་དུ་གྱུར་ཚུལ་ནི་ཁོང་སྔོན་ཆོས་སྨྲ་བ་ཆོས་ཀྱི་རྒྱལ་མཚན་དུ་གྱུར་བའི་ཚེ། བདག་ཅག་གི་སྟོན་པ་ལ་སོགས་པའི་བསྐལ་བཟང་གི་སངས་རྒྱས་སྟོང་བོ་ཐམས་ཅད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དུ་བཅུག་ནས་དགེ་བའི་བཤེས་གཉེན་དང་ཡབ་ཀྱི་མཚན་ཐོགས་པ་ཡིན་ཏེ།

རིགས་དབྱེ།   རིག་གནས།ཆོས་ལུགས།

གླུད་གཏོང་བ།

འདིའི་ནང་དུ་གླུད་གཏོང་བ་དང་གཏོར་ཟོར་འཕེན་པ། ལྕགས་མཁར་སྲེག་པ་དང་གཡང་སྒྲུབ་བྱེད་པ་སོགས་བྲིས་ཡོད་ལ། ལུགས་སྲོལ་འདི་དག་བོན་གྱི་སྲོལ་ཡིན་ལ། དེ་ནི་སངས་རྒྱས་ཆོས་ལུགས་དང་བོན་པོའི་ཆོས་ལུགས་བར་འཐབ་རྩོད་ཐེངས་མང་བྱས་ཏེ་བོན་ཆོས་མེད་པར་བཟོས་རུང་གླུད་གཏོང་བ་དང་མདོས་རྒྱག་སོགས་བྱེད་སྟངས་དེ་རིགས་རང་སོར་འཇོག་དགོས་བྱུང་ཡོད། རྒྱུ་མཚན་ནི་དེ་ཚོ་མེད་པར་བཟོས་ན་མང་ཚོགས་ཀྱིས་ཁས་ལེན་མེད་པ་རེད། དེར་བརྟེན་ཆོས་བྱེད་སྟངས་དེ་རིགས་ཕྱི་ཚུལ་དུ་བོན་གྱི་ཆོས་བྱེད་སྟངས་ཡིན་པ་ལ་ནང་དོན་དེ་སངས་རྒྱས་ཆོས་ལུགས་སོ།། གླུད། མི་ཞིག་ལ་གདོན་འདྲེས་གནོད་ཀྱི་འདུག་ཟེར་བ་སོགས་ཀྱི་བཤད་སྲོལ་བྱུང་སྐབས་མི་དེའི་ཚབ་ལ་གླུད་ཟེར་བ་ཞིག་གཏོང་གི་ཡོད་ཅིང་། དེ་ལ་རིགས་མི་འདྲ་བ་སྣ་ཚོགས་ཡོད་དེ་ལ་ལ་ནི་སྤགས་སམ་འདམ་བག་གིས་ནད་པའམ་མི་དེའི་གཟུགས་བརྙན་བཟོས་ཐོག་དེའི་མཐའ་ལ་ཟས་སྣེ་དང་གོས་སྣེ་

རིགས་དབྱེ།   རིག་གནས།ཆོས་ལུགས།

སེམས་གནས་དགུ།

འདི་ནི་ཞི་གནས་སྒོམ་སྐབས་ཀྱི་སེམས་གནས་དགུ་སྟེ་སྒོམ་བྱེད་པར་འདོད་ན་སེམས་གནས་ལ་མྱོང་བ་ཐོན་དགོས། དེ་ལ་སེམས་གནས་དགུ་ཤེས་དགོས། དེ་ཡང་སེམས་འཇོག་པ། རྒྱུན་དུ་འཇོག་པ། བསླན་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པ་སྟེ་དགུ་ཡོད་དོ།། རྒྱ་ཡིག་གི་མིང་། 九住心 གོ་དོན། ཞི་གནས་སྒོམ་སྐབས་ཀྱི་སེམས་གནས་དགུ་སྟེ། སེམས་འཇོག་པ་ནི་ཕྱི་རོལ་གྱི་དམིགས་པ་ལས་སེམས་བསྡུས་ནས་ནང་དུ་དམིགས་པ་ལ་གཏོད་པ་དང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

དཔེ་བྱད་བཟང་བོ་བརྒྱད་ཅུ།

སྤྱིར་མཚན་བཟང་བོ་སུམ་ཅུ་སོ་གཉིས་པོ་དེ་རྟགས་མཚན་གཙོ་བོ་དང་། དེའི་ཡན་ལག་གི་ཚུལ་དུ་སྐུའི་ཀུན་སྤྱོད། སྤྱན་གྱི་གཟིགས་སྟངས་སོགས་ལས་བྱུང་བའི་དཔེ་བཟང་བོ་བརྒྱད་ཅུ་ཐམ་པ་ཡོད་པ་རེད། རྒྱ་ཡིག་གི་མིང་། 八十隨好 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། སོ་སོའི་ངོ་བོ་བསྟན་པ། 1.སེན་མོ་ཟངས་ཀྱི་མདོག་ལྟ་བུ། 2.སེན་མོའི་མདོག་སྣུམ་པ། 3.སེན་མོ་མཐོ་བ། 4.སོར་མོ་རྣམས་ཟླུམ་པ། 5.སོར་མོ་བྱིན་གྱིས་ཕྲ་བ། 6.སོར་མོ་རྣམས་རྒྱས་པ།

རིགས་དབྱེ།   རིག་གནས།ཆོས་ལུགས།

སྒྲུབ་པའི་བསླབ་བྱ།

མཆོག་གསུམ་ལ་སྐྱབས་སུ་སོང་ནས་བསྒྲུབ་དགོས་པའི་བསླབ་བྱ་གསུམ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ་དང་ཆོས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ། དགེ་འདུན་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱའོ།། གོ་དོན། མཆོག་གསུམ་ལ་སྐྱབས་སུ་སོང་ནས་བསྒྲུབ་དགོས་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ་ནི་སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་ཞིག་ལའང་། དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་བཞག་པ་དང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

སྲོག་གཅོད་པ།

འདི་ནི་མི་དགེ་བ་བཅུ་ལས་དང་པོ་དང་ལུས་ཀྱི་མི་དགེ་བ་གསུམ་ལས་ཀྱང་དང་པོ་ཡིན། དེ་ནི་སྲོག་དང་ལྡན་པའི་སེམས་ཅན་གཞན་གསོད་པའོ།། དེ་ལ་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་པ་སྟེ་ཡན་ལག་བཞི་ཚང་བ་ཞིག་ལ་ཟེར་ཞིང་། དེ་བྱེད་ཚུལ་མི་འདྲ་བས་ལྕི་ཡང་མི་འདྲ་བ་དང་དེར་རྣམ་པར་སྨིན་པའི་འབྲས་བུ་ཡང་མི་འདྲ་བ་ཡོད་དོ།། རྒྱ་ཡིག་གི་མིང་། 杀生 ཁོངས་གཏོགས། མི་དགེ་བ་བཅུའི་ནང་གསེས་ཤིག གོ་དོན། སྲོག་གཅོད་པ་ནི་སྲོག་དང་ལྡན་པའི་སེམས་ཅན་གཞན་གསོད་པ་སྟེ། གཞི་རང་དང་ཐ་དད་པའི་སེམས་ཅན། རང་སྲོག་གཅོད་པ་ལ་སྦྱོར་བའི་སྡུག་པ་ཡོད་ཀྱང་མཐར་ཐུག་གི་སྡུག་པ་མི་འབྱུང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

དུད་འགྲོའི་སྡུག་བསྔལ།

དུད་འགྲོ་ནི་འགྲོ་བ་རིགས་དྲུག་གི་ནང་ཚན། རྐང་ལག་བཞི་ས་ལ་བཙུགས་ཏེ་གཟུགས་པོ་དུད་དེ་འགྲོ་བའི་སྲོག་ཆགས་ཀྱི་རིགས་སྤྱིའི་མིང་དང་། དུད་འགྲོ་ལ་ནང་གསེས་རིགས་གཉིས་ཡོད་དེ། བྱིངས་ན་གནས་པ་དང་། ཁ་འཐོར་བ་གཉིས་ཡིན། དུད་འགྲོར་ཐུན་མོང་གི་སྡུག་བསྔལ་ལ་བཞི་ཡོད་པ་ཡིན། རྒྱ་ཡིག་གི་མིང་། 旁生之苦 ཁོངས་གཏོགས། སྡུག་བསྔལ་བཞིའི་ནང་གསེས་ཤིག གླེན་ཞིང་གཏི་མུག་པའི་སྡུག་བསྔལ། གླེན་པ་ཡིན་ལ་གཏི་མུག་སྟེ་བླང་དོར་མི་ཤེས་པ་དང་དགྲ་གཉེན་དབྱེ་བ་འབྱེད་མི་ཤེས་པའི་སྡུག་བསྔལ་སོགས་མཐའ་ཡས་པའོ།།

རིགས་དབྱེ།   རིག་གནས།ཆོས་ལུགས།

འཇིག་རྟེན་གྱི་ཁམས་གསུམ།

འཇིག་རྟེན་ཁམས་ཀྱི་ཚད་ནི་ཐེག་དམན་ལྟར་ན་གླིང་བཞི་དང་ཉི་ཟླ། འདོད་ལྷ་རིགས་དྲུག བསམ་གཏན་དང་བོ་མན་ལ་གླིང་བཞི་འཇིག་རྟེན་ཁམས་དང་། དེ་སྟོང་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཁམས་ཏེ་དེ་ལྕགས་རི་ཆེན་པོ་གཅིག་གིས་བསྐོར། དེ་སྟོང་ལ་བར་མའི་འཇིག་རྟེན་ཁམས་ཏེ་དེ་ཡང་ལྕགས་རི་ཆེན་པོ་གཅིག་གིས་བསྐོར། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཏེ་དེ་ཡང་ལྕགས་རི་ཆེན་པོ་གཅིག་གིས་བསྐོར། དེ་ལྟར་ན་གླིང་བཞི་འཇིག་རྟེན་ཁམས་བྱེ་བ་ཕྲག་བརྒྱ་ཡོད་ཅིང་དེ་དག་ཏུ་མཆོག་གི་སྤྲུལ་སྐུ་གཅིག་གིས་མཛད་པ་བཅུ་གཉིས་བྱེ་བ་བརྒྱ་ཕྲག་སྟོན་པར་བཞེད་དོ།།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཆོས་ཀྱི་འཁོར་ལོ།

ཆོས་འཁོར་བསྐོར་ཞེས་པ་ནི་སངས་རྒྱས་ཀྱིས་ཆོས་གསུང་བའི་དོན་ཏེ། སྟོན་པ་རིན་པོ་ཆེའི་ཞལ་བཞུགས་དུས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཞིང་དེ་དག་ལ་ཡང་མཐུན་མི་མཐུན་ཅི་རིགས་གསུངས་ཡོད་པ་ནི་གདུལ་བྱའི་བློ་དང་ལྟ་བ་མི་མཐུན་པས་བློ་དམན་པ་ཞིག་ལ་དེའི་བློ་དང་འཚམ་པའི་ཆོས་གསུངས། བློ་འབྲིང་ལ་དེར་བསྟུན་པའི་ཆོས་གསུང་བ་ལས་བློ་དམན་པ་ཞིག་ལ་ཆོས་རྒྱ་ཆེན་པོ་གསུངས་ན་དགོས་པ་མེད་པ་བཞིན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་། གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར། གསུམ་པ་ལེགས་ཕྱེའི་ཆོས་འཁོར་བཅས་བསྐོར་རོ།། རྒྱ་ཡིག་གི་མིང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཚ་ཚ།

ལྷ་དང་མཆོད་རྟེན་སོགས་ཀྱི་གཟུགས་བརྙན་ཆུང་བའི་བརྐོས་ཕོར་ནང་ས་སོགས་བླུགས་ཏེ་བཟོས་པའི་རྟེན་སྐུ་ཆུང་ཆུང་ཞིག་གི་མིང་། རྒྱ་ཡིག་གི་མིང་། 神塔小像 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། རྒྱས་བསྟན།     ཚ་ཚ་ནི་འཇིམ་པ་ལས་བཟོས་པའི་རྟེན་སྐུ་ཆུང་ཆུང་ཞིག་སྟེ། ལེགས་སྦྱར་གྱི་སཱ་ཙྪ་ཟུར་ཆགས་པར། སྐྱོགས་སྟོན་ལོ་ཙཱ་བའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསལ། སྤྱིར་བཏང་དུ་སཱ་ཙྪ་ཞེས་པ་དམ་པའི་སྐུ་ཞེས་པའི་དོན་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི《ཕ་རོལ་དུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག》ལས། ༄༅།། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཚ་ཚ་གདབ་པའི་ཆོ་ག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།

རིགས་དབྱེ།   རིག་གནས།ཆོས་ལུགས།

འཇུག་སེམས།

འདི་ནི་ཐེག་པ་ཆེན་པོའི་ཆོས་བྱེད་མཁན་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་ལ་རིམ་པ་གཉིས། སྨོན་སེམས་དང་འཇུག་སེམས་གཉིས་ཀྱི་ཕྱི་མ་སྟེ་བྱང་ཆུབ་ལ་དམིགས་པའི་འཇུག་པ་སེམས་བསྐྱེད། བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་ཏེ་སྤྱོད་པ་དང་བསླབ་བྱ་རྣམས་ལག་ལེན་ཐོག་ཏུ་བཀོལ་བ་ཞིག་ཡིན་ནོ།། རྒྱ་ཡིག་གི་མིང་། 行菩提心 ཁོངས་གཏོགས། སེམས་བསྐྱེད། ངོ་བོ། འཇུག་པ་སེམས་བསྐྱེད་ནི་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པའི་འཇུག་པའི་སེམས་བསྐྱེད་དེ་བྱང་སེམས་ཀྱི་སྡོམ་པ་བླངས་ཏེ་སྤྱོད་པ་དང་བསླབ་བྱ་རྣམས་ལག་ལེན་ཐོག་ཏུ་བཀོལ་བའི་གོ་དོན་ཡོད་པས་བློ་དམན་པ་རྣམས་ཀྱིས་ལེན་དཀའ་བ་ཞིག་ཡིན།

རིགས་དབྱེ།   རིག་གནས།ཆོས་ལུགས།

མི་དགེ་བའི་རྩ་བ་གསུམ།

མི་དགེ་བ་ཞེས་པ་ནི་ངན་པའམ་སྡུག་པོའི་དོན་ཡིན་ཞིང་དེ་ལ་སྲོག་གཅོད་པ་མ་བྱིན་པར་ལེན་པ། མི་གཙང་བར་སྤྱོད་པ་ལུས་ཀྱི་གསུམ་དང་། རྫུན་ཕྲ་མ་ཚིག་རྩུབ། ངག་འཁྱལ་ངག་གི་བཞི། བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ་ཡིད་ཀྱི་གསུམ་བཅས་བཅུ་ཡོད་དོ།། དེ་དག་ལ་མི་དགེ་བ་ཟེར་ཞིང་དེ་དག་འབྱུང་བྱེད་ཀྱི་རྒྱུ་གཙོ་བོའམ་རྩ་པ་གསུམ་ནི་ཆགས་པ་དང་། སྡང་བ། རྨོངས་པ་བཅས་ཡིན་ནོ།། རྒྱ་ཡིག་གི་མིང་། 三恶根 ཆགས་པ། ཆགས་པ་མི་དགེ་བའི་རྩ་བ་ནི། འདོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན་ཏུ་ཞེན་པ་དང་། ཆུམས་པ་དང་། ལྷག་པར་ཞེན་པ་དང་། སྲེད་པ་དང་། ཚོལ་བ་དང་། འདོད་པ་དང་། རྒྱལ་བ་དང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཐེག་ཆེན་ལ་དད་པ་བཞི།

ཐེག་ཆེན་ཞེས་པ་ནི་རང་ཉིད་གཅིག་པུ་འཁོར་བ་ལས་ཐར་འདོད་ཀྱི་བློ་ཀུན་ནས་སྤངས་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཁུར་ཆེན་པོ་རང་གིས་འཁུར་ནུས་པ་ཞིག་ལ་ཟེར་པ་ཡིན། དེ་ལྟར་འཁུར་ནུས་པར་རང་ཉིད་དད་པ་དང་ཡིད་ཆེས་ལྡན་པ་ལ་བྱའོ།། ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། གནས་པའི་དད་པ། དཔེར་ན། བ་ལང་གི་རྗེས་ཀྱི་ཆུ་དཀྲུགས་པ་ལས་མ་དཀྲུགས་མ་བསྐྱོད་པར་བཞག་ན། སྔོན་བཞིན་དུ་དང་བར་འགྱུར་རོ།། དེ་བཞིན་དུ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཕྲལ་གྱི་བྱ་བ་མང་བོ་ལ་ཆགས་པས་ཐེག་པ་ཆེན་པོ་ལ་དད་པ་དཀྲུགས་པ་ལས་གང་གི་ཚེ་ཆགས་པ་ལས་རྣམ་པར་བཀྲོལ་ནས་ཆགས་པ་དེ་དག་གིས་མི་འཁྲུགས་ཏེ། ཐེག་པ་ཆེན་པོའི་ཆོས་ལ་རྩེ་གཅིག་ཏུ་གྱུར་བ་

རིགས་དབྱེ།   རིག་གནས།ཆོས་ལུགས།

ལོག་ལྟ།

འདི་ནི་མི་དགེ་བ་བཅུའི་མཐའ་མའམ་བཅུ་བ་དང་ཡིད་ཀྱི་མི་དགེ་བ་གསུམ་ལས་གསུམ་པ་ཡིན། འདི་ནི་གཞི་ཡོད་པའི་དོན་ལ་སྐུར་བ་འདེབས་པ་དེ་དཀོན་མཆོག་གསུམ་དང་། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་སོགས་ཡོད་པར་ཁས་མི་ལེན་པའམ་ཡིད་ཆེས་མི་བྱེད་པའི་ལོག་པར་ལྟ་བ་ལ་ཟེར། དེ་ལ་ཡང་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་པ་བཅས་ཡན་ལག་བཞི་ཚང་བ་ཞིག་དགོས་ཤིང་། དེའི་དབང་གིས་བྱེད་ཚུལ་མ་འདྲ་བས་ལྕི་ཡང་མི་འདྲ་བ་དང་དེར་རྣམ་པར་སྨིན་པའི་འབྲས་བུ་ཡང་མི་འདྲ་བ་ཡོད་དོ།། རྒྱ་ཡིག་གི་མིང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

བཀས་བཅད་ཆེན་པོ་གསུམ།

རྒྱལ་བོ་ཁྲི་རལ་བ་ཅན་གྱིས་སྲིད་དབང་བཟུང་སྐབས་བོད་ས་གནས་གནས་ཚུལ་དངོས་དང་བསྟུན་ནས་བཀས་བཅད་རྣམ་པ་གསུམ་མཛད་ཡོད། རྒྱུ་མཚན། བོད་ལ་རབ་བྱུང་གི་སྡེ་ཐོག་མར་འཛུགས་སྐབས་མཁན་པོ་ནི་བོ་དྷི་ས་ཏྭ་ཡིན་ཅིང་། ཁོང་ཉིད་ཀྱང་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་ཡིན་པ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་གཞན་སྡེ་པ་གསུམ་བར་འདུལ་བའི་བཅས་མཚམས་དང་ལག་ལེན་གྱི་ཐོག་བཞེད་པ་མི་འདྲ་བ་ཡོད་པས་བོད་ལ་འདུལ་བའི་ཕྱག་བཞེས་གཅིག་གྱུར་གནས་པའི་ཆེད་ཡིན་ནོ།། རྒྱ་ཡིག་གི་མིང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

བརྣབ་སེམས།

འདི་ནི་མི་དགེ་བ་བཅུའི་བརྒྱད་པ་དང་ཡིད་ཀྱི་མི་དགེ་བ་གསུམ་ལས་དང་པོ་ཡིན། འདི་ནི་གཞན་གྱི་དངོས་པོར་འདོད་པ་བྱས་པ་དང་། གཞན་ནོར་བདག་གིར་བྱེད་འདོད་ཀྱི་བསམ་པ་ལ་ཟེར་ཞིང་། དེ་ལ་ཡང་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་པ་བཅས་ཡན་ལག་བཞི་ཚང་བ་ཞིག་དགོས། དེའི་དབང་གིས་བྱེད་ཚུལ་མ་འདྲ་བས་ལྕི་ཡང་མི་འདྲ་བ་དང་དེར་རྣམ་པར་སྨིན་པའི་འབྲས་བུ་ཡང་མི་འདྲ་བ་ཡོད་དོ།། རྒྱ་ཡིག་གི་མིང་། 贪欲 ཁོངས་གཏོགས། མི་དགེ་པ་བཅུའི་ནང་གསེས་ཤིག གོ་དོན།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཚིག་རྩུབ།

འདི་ནི་མི་དགེ་བ་བཅུ་ལས་དྲུག་པ་དང་ངག་གི་མི་དགེ་བ་བཞི་ལས་གསུམ་པ་ཡིན། གཞན་གྱི་སེམས་ལ་ཕོག་ཐུག་ཆེ་བའི་ཚིག་སྨྲས་པ་ལ་ཟེར། དེ་ལ་གཞི། བསམ་པ། སྦྱོར་བ། མཐར་ཐུག་པ་སྟེ་ཡན་ལག་བཞི་ཚང་བ་ཞིག་དགོས་ཤིང་། དེའི་དབང་གིས་བྱེད་ཚུལ་མ་འདྲ་བས་ལྕི་ཡང་མི་འདྲ་བ་དང་དེར་རྣམ་པར་སྨིན་པའི་འབྲས་བུ་ཡང་མི་འདྲ་བ་ཡོད་དོ།། རྒྱ་ཡིག་གི་མིང་། 恶语 ཁོངས་གཏོགས། མི་དགེ་པ་བཅུའི་ནང་གསེས་ཤིག གོ་དོན། ཚིག་རྩུབ་ནི་ཚིག་རྩུབ་པོ་སྟེ་གཞན་གྱི་སེམས་ལ་ཕོག་ཐུག་ཆེ་བའི་ཚིག དེ་ལ་ཡན་ལག་བཞི་ཚང་དགོས། གཞི་ནི་རང་མ་ཡིན་པའི་སེམས་ཅན་གཞན་ཏེ་མནར་སེམས་སྐྱེ་བའི་གཞིར་གྱུར་བའི་གཞི་རྣམས་ཡིན་ནོ།།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཚོགས་ཞིང་།

སྐྱབས་ཡུལ། སྐྱབས་ཡུལ་གྱི་འདུས་ཚོགས། སྒྲ་བཤད་ནི་ཚོགས་གསོག་པའི་ཞིང་སྟེ་ཡུལ་ཡིན་པས་ན་ཚོགས་ཞིང་ཞེས་བྱའོ།། རྒྱ་ཡིག་གི་མིང་། 福田 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། རྒྱས་བསྟན། རྗེ་ལམ་རིམ་ཆེན་མོ་ལས། མདུན་གྱི་ནམ་མཁའ་ལ་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་རྣམས་དང་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་བཞུགས་པར་བསམས་ཏེ་ཚོགས་གསོག་པའི་ཞིང་གསལ་གདབ། ཅེས་གསུངས་སོ།། དེ་ཡང་འཇིག་རྟེན་ན་ཞིང་ས་ལ་བརྟེན་ནས་ལོ་ཏོག་ཕུན་སུམ་ཚོགས་པ་འབྱུང་བའི་དཔེ་ལྟར། འདིར་ཡང་ཚོགས་ཞིང་གི་སྐྱབས་ཡུལ་དེ་དག་ལས་བདེ་ལེགས་ཀྱི་ལོ་ཏོག་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་མཚན་གྱིས་དེ་ལ་ཞིང་གི་ཐ་སྙད་བྱེད་པ་ཡིན། ཡང་ན་སྐྱབས་ཡུལ་མང་པོ་འདུས་པས་ན་ཚོགས་དང་། ཕྱག་མཆོད་དང་བསོད་ནམས་གསོག་པའི་ཡུལ་ཡིན་པས་ཞིང་ཞེས་བརྗོད་དོ།།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཉན་ཐོས་ཚོགས་ལམ།

སྤྱིར་ན་ཉན་ཐོས་ཚོགས་ལམ་དང་། དད་པའི་ས། ཐར་བ་ཆ་མཐུན། ཆོས་མངོན་རྟོགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་དག་ཐེག་པ་རང་ལམ་གྱི་བྱང་ཆུབ་འཐོབ་ཕྱིར་དུ་ཚོགས་གསོག་པའི་ལམ་གྱི་དང་བོ་ཡིན་པས་ན་ཚོགས་ལམ་ཞེས་བརྗོད་པ་ཡིན། རྒྱ་ཡིག་གི་མིང་། 声闻资粮道 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། མཚན་ཉིད། ཉན་ཐོས་ཀྱི་ཚོགས་ལམ་ནི་རང་འབྲས་ཉན་ཐོས་ཀྱི་སྦྱོར་ལམ་མ་སྐྱེས་གོང་གི་ཉན་ཐོས་ཀྱི་ཆོས་མངོན་རྟོགས་དེ་ཡིན་ལ་ནུས་པའི་སྒོ་ནས་དང་བོར་སྐྱེས་པའི་ཚོགས་ལམ་ཆུང་ངུ་དང་། བར་དུ་སྐྱེས་པའི་ཚོགས་ལམ་འབྲིང་།

རིགས་དབྱེ།   རིག་གནས།ཆོས་ལུགས།

སྒྱུ་རྩལ་དྲུག་ཅུ་རྩ་བཞི།

སྒྱུ་རྩལ་ནི་ལུས་ངག་གི་རྩལ་ནུས་ཕུན་སུམ་ཚོགས་པ་ཞིག་ཏུ་ཟེར་ལ། ཟློས་གར་དང་གླུ་དབྱངས། གླུ་གཞས། བྲོ་གར། གློག་བརྙན། སྙན་ངག་ཚིགས་བཅད་ལྷུག་སོགས་ཀྱི་སྤྱི་མིང་ལ་སྒྱུ་རྩལ་དུ་འབོད་པ་ཡིན། འཕགས་ཡུལ་དུ་གནའ་དཔེར་སྦྱང་བ་བྱས་པའི་ལུས་རྩལ་ལ་སྒྱུ་རྩལ་དང་། གྲངས་ཀྱི་ཆ་ནས་དྲུག་ཅུ་རྩ་བཞི་ཡོད་པར་འདོད་པའོ།། རྒྱ་ཡིག་གི་མིང་། 六十四技艺 བཟོ་ལ་གཏོགས་པའི་སྒྱུ་རྩལ་སུམ་བཅུ། 1.ཡི་གེ 2.ལག་རྩལ། 3.གྲངས། 4.རྩིས་ཆེན། 5.ཐོར་ཚུགས། 6.ཤོམ་སྟབས། 7.ལྕགས་ཀྱུས་བསྒྱུར་བ། 8.རལ་གྲིའི་ཐབས། 9.ཞགས་པས་གདབ་པ། 10.མདའ་བོ་ཆེ་འཕེན་པ། 11.མདུན་དུ་བསྣུར་བ།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཕྱག་འཚལ་བ།

སྤྱིར་ཕྱག་འཚལ་བ་ལ་ཡིད་ཀྱི་ཕྱག་དང་ངག་གི་ཕྱག་ལུས་ཀྱི་ཕྱག་བཅས་དུ་མ་ཡོད་པ་ལས། འདིར་ཕྱག་འཚལ་པའི་དགོས་པ་དང་ཕྱག་འཚལ་སྟངས་སོགས་དུ་མ་ཞིག་བསྟན་ཡོད། རབ་ལྟ་བ་བརྡ་འཇལ་བའི་ཕྱག་དང་། འབྲིང་བསྒོམ་པ་གོམས་པའི་ཕྱག་ཐ་མ་མོས་གུས་ཡ་རབ་ཀྱི་ཕྱག་བཅས་གསུངས། ཡང་ཁྱིམ་པའི་ཕྱག་ཡུལ་རབ་བྱུང་སྡེ་ལྔ་དང་། རབ་བྱུང་གཞན་གྱི་ཕྱག་ཡུལ་དགེ་སློང་དང་། དགེ་སློང་གི་ཕྱག་ཡུལ་རང་བསླབ་པ་རྒན་པ་དང་། ཐམས་སྤྱིའི་ཕྱག་ཡུལ་སངས་རྒྱས་ཡིན་ཞེས་སོ།། རྒྱ་ཡིག་གི་མིང་། 叩头 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད།

རིགས་དབྱེ།   རིག་གནས།ཆོས་ལུགས།

མཆོད་མེ།

སྤྱིར་ང་ཚོའི་ནང་བ་པ་ཞིག་ཡིན་ན་མཆོད་པ་འབུལ་བའི་རྣམ་པ་མང་ནའང་། ལྷག་ཏུ་མར་མེ་འབུལ་མཁན་དེ་བས་ཀྱང་མང་བས་ང་ཚོས་འབུལ་བའི་ཕན་ཡོན་དང་། ཇི་ལྟར་འབུལ་དགོས་པ་སོགས་རྒྱུན་ཤེས་འདི་རིགས་ཤེས་དགོས་པས། འདིར་དེའི་སྐོར་ནས་ཅུང་ཙམ་གླེང་བར་བྱ། རྒྱ་ཡིག་གི་མིང་། 供灯 ཁོངས་གཏོགས། མཆོད་པའི་རིགས། གོ་དོན། མཆོད་མེ་ནི་རྐོང་བུ་དང༌། འབྲུ་མར། སྲིང་བལ། སྲོག་ཤིང༌། མེ་བཅས་ཀྱིས་གྲུབ་པ་ཞིག་ཡིན་ཡང༌། མཆོད་པའི་གཙོ་བོ་ནི་འོད་ཕུལ་བ་ཡིན་པར་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱི་གསུང་ལས་གསལ་ཞིང༌། མདོ་མཛངས་བླུན་དུ་དེའི་སྒྲུབ་བྱེད་ཁ་གསལ་ཤོས་ཤིག་བྱུང་བ་ནི། སངས་རྒྱས་མཉན་ཡོད་དུ་བཞུགས་པའི་ཚེ་རྒྱལ་པོ་དང༌། བློན་པོ།

རིགས་དབྱེ།   རིག་གནས།ཆོས་ལུགས།

རྣམ་པར་ཐར་བ་བརྒྱད།

གཟུགས་ཅན་གྱིས་གཟུགས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་མི་སྡུག་པ་སྒོམ་པ་ལ་སོགས་པས་གཟུགས་ལས་སྐྱོ་ཞིང་ཆགས་པ་ལས་གྲོལ་བར་བྱེད་པས་ན་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ།། རྒྱ་ཡིག་གི་མིང་། 八解脱 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། གཟུགས་ཅན་གཟུགས་ལ་ལྟ་བ། དེ་ལ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྟོང་བ་དང་། གཡོ་བ་མེད་པར་བལྟ་བ་སྟེ། དེ་ལྟར་ལྟ་བས་རྣམ་པར་གྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་བ་ཞེས་བྱའོ།། གཟུགས་མེད་གཟུགས་ལ་ལྟ་བ།

རིགས་དབྱེ།   རིག་གནས།ཆོས་ལུགས།

དབུས་དང་མཐའ་རྣམ་འབྱེད།

བསྟན་བཅོས་འདི་ནི་སེམས་ཙམ་པའི་ལྟ་བ་གཙོ་བོར་སྟོན་པའི་གཞུང་འཕགས་པ་བྱམས་པས་མཛད་པ་སྟེ། བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཞིག རྒྱ་ཡིག་གི་མིང་། 《辩中边论》 རྩོམ་པ་པོ། རྗེ་བཙུན་བྱམས་པ་མགོན་པོ། སྒྱུར་མཁན། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བོ་དྷི། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། གཞུང་ཚད། ལེའུ་ལྔ་དང་ཤོ་ལོ་ཀ་བརྒྱ་དང་བཅུ་བདུན། མིང་ཁ་ཚང་། རྒྱ་གར་སྐད་དུ། མ་དྷྱཱནྟ་བི་བྷཾ་ག་ཀཱ་རི་ཀཱ། བོད་སྐད་དུ།

རིགས་དབྱེ།   རིག་གནས།ཆོས་ལུགས།

ཆོས་དང་ཆོས་ཉིད་རྣམ་འབྱེད།

བསྟན་བཅོས་འདི་ནི་སེམས་ཙམ་པའི་ལྟ་བ་དང་ཚུལ་མཐུན་པའི་གཞུང་འཕགས་པ་བྱམས་པས་གསུངས་པ། བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཞིག རྒྱ་ཡིག་གི་མིང་། 《辩法法性论》 རྩོམ་པ་པོ། རྗེ་བཙུན་བྱམས་པ་མགོན་པོ། སྒྱུར་མཁན། རྒྱ་གར་གྱི་མཁན་པོ་མ་ཧཱ་ཛ་ན་དང་ལོ་ཙཱ་བ་དགེ་སློང་སེང་གེ་རྒྱལ་མཚན། གཞུང་ཚད། ཤོ་ལོ་ཀ་དོན་བཞི། མིང་ཁ་ཚང་། རྒྱ་གར་སྐད་དུ། དྷརྨཱ་དྷ་རྨ་ཏཱ་བི་བྷཾ་ག་ཀཱ་རི་ཀཱ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། རྩོམ་པ་པོ། རྗེ་བཙུན་བྱམས་པ་མགོན་པོ་ནི། འདྲེན་པ་མཉམ་མེད་སྟོན་པ་ཐུབ་པའི་དབང་བོ་དགའ་ལྡན་དུ་སྐྱེ་བ་སྤྲུལ་སྐུའི་ཚུལ་བཟུང་སྟེ་རྒྱལ་བ་འོད་སྲུང་གི་དུས་ནས་ཞིང་འདིར་འབྱོན་པ་ལ་ཉེ་བའི་བར་དགའ་ལྡན་གྱི་ལྷ་

རིགས་དབྱེ།   རིག་གནས།ཆོས་ལུགས།