ཏའོ་ལུགས་རིག་གནས་ཀྱི་གོ་གནས།

ཏའོ་ཅའོ་ཆོས་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཡིན་པ་མ་ཟད། མིའི་རིགས་རིག་གནས་ཀྱི་གནའ་བོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་དང་། ཏའོ་ལུགས་རིག་གནས་ཀྱི་གནམ་ས་གཅིག་ཏུ་འབྲེལ་བའི་མཚན་ཉིད་རིག་པའི་ལྟ་བ་དེས་གནའ་བོའི་མི་རབས་དང་ད་ལྟའི་འཛམ་གླིང་སྐྱེ་བོ་ཀུན་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན། ཏའོ་ཅའོ་ཆོས་ལུགས་ནི་རིག་ཚན་ཞིག་ཡིན་པའི་ངོས་ནས་མིའི་རིགས་ཀྱི་རིག་གནས་ཀྱི་འོད་སྟོང་འབར་བའི་མུ་ཏིག་ལྟ་བུར་གྱུར་ཡོད།

རིགས་དབྱེ།  

ཏའོ་ཅའོ་ཆོས་ལུགས་ཀྱི་མཚན་ཉིད་རིག་པ།

ཏའོ་ཅའོ་ཆོས་ལུགས་ནི་རུའུ་ལུགས་དང་འདྲ་བར་ཀྲུང་གོའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡིན་ལ། ཏའོ་ཅའོ་ཆོས་ལུགས་ནི་རང་རྒྱལ་གྱི་ཧན་ཤར་མའི་དུས་མཇུག་ཏུ་བྱུང་བ་དང་། ཚབ་བྱེད་མི་སྣ་ལ་ལུའུ་ཞིའུ་ཅིང་སོགས་ཡོད།

རིགས་དབྱེ།  

ཏའོ་ཅའོ་ཆོས་ལུགས་ཀྱི་ཡིག་ཚང་རིག་པ།

《ཏའོ་ཅའོ་ཆོས་ལུགས་ཀྱི་ཡིག་ཚང་རིག་པ》ནི་སི་ཁྲོན་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ལ། རྩོམ་པ་པོ་ནི་ཏིང་ཕེ་རེན་ཡིན།

རིགས་དབྱེ།  

ཏའོ་ཅའོ་ཆོས་ལུགས་ཀྱི་མཛེས་རྩལ།

ཏའོ་ཅའོ་ཆོས་ལུགས་ཀྱི་དགོངས་དོན་དང་ལྷའི་བསམ་བློ་དྲིལ་བསྒྲགས་བྱེད་པ་ནང་དོན་གཙོ་བོར་བྱས་པའི་བཟོ་དབྱིབས་སྒྱུ་རྩལ་ཞིག་ཡིན། དེའི་ནང་རྒྱུན་དུ་མཆོད་འབུལ་དང་སྨྱུང་གནས་སོགས་ཀྱི་མཆོད་འབུལ་བྱེད་སྒོར་སྤྱོད་པའི་ལྷ་སྐུའམ་ཡང་ན་འཇིམ་བརྐོས་ཀྱི་ལྷ་སྐུ་དང་གཏམ་རྒྱུད་རི་མོ། རི་ཆུའི་རི་མོ། དེ་བཞིན་ཕོ་བྲང་གི་ཆུ་རྩྭའི་རྒྱན་རིས་དང་ཆོས་ཆས་ཐོག་གི་རི་མོ་དང་འབུར་བརྐོས་སོགས་ཡོད།

རིགས་དབྱེ།  

ཏའོ་ཅའོ་ཆོས་ལུགས་ཀྱི་ལོ་རྒྱུས།

ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་ཀྱི་ལོ་རྒྱུས་ནི་ཀྲུང་གོའི་ལྷོ་བྱང་རྒྱལ་རབས་དུས་སྐབས་ཀྱི་ཆོས་ལུགས་སྐོར་གྱི་ལོ་རྒྱུས་ཤིག་ཡིན།

རིགས་དབྱེ།  

ཏའོ་ལུགས།

ཏའོ་ལུགས་ནི་ཀྲུང་གོའི་གནའ་རབས་སུ་ལའོ་ཙིས་སྲོལ་ཕྱེས་པའི་གྲུབ་མཐའ་ཞིག་ཡིན། དེའི་ཚབ་བྱེད་མི་སྣ་གཙོ་བོར་ཀྲུང་ཙི་དང་ལར་ཙི། ཝུན་ཙི་སོགས་ཡོད་ལ། ནང་གསེས་སུ་ལའོ་ཀྲུང་རིག་པ་དང་ཧང་ལའོ་རིག་པ་སོགས་གྲུབ་མཐའ་ཐ་དད་མང་དུ་ཡོད། ཏའོ་ལུགསཀྱིས་འཇིག་རྟེན་གྱི་བྱ་དངོས་ཡོད་དགུའི་འབྱུང་གཞིི་ཏའོ་ཡིན་པ་དང་། དེ་ནི་དབྱིབས་མེད་གཟུགས་མེད་ཡུལ་དུས་ལས་འདས་པའི་བརྟག་པ་ཞིག་ལ་གོ།

རིགས་དབྱེ།