ཡོངས་འཛིན་རིག་མཛོད། >རིག་གནས། >ཆོས་ལུགས། >རུའུ་ལུགས།

རུའུ་ལུགས།

རུའུ་ལུགས་ནི་ཀྲུང་གོའི་གནའ་རབས་སུ་ཁུང་ཙིས་སྲོལ་ཕྱེས། ཁྲུན་ཆིའུ་ཀྲན་གོའི་དུས་ཀྱི་སྤྱི་ཚོགས་སྣང་ཚུལ་ལ་བརྟེན་ནས་རུའུ་ལུགས་པའི་ཚབ་བྱེད་མི་སྣས་བྱམས་བརྩེ་དང་གུས་ལུགས་ཀྱིས་དམངས་སྐྱོང་དགོས་པའི་ཐབས་ཇུས་མང་དུ་བཏོན། ཆིན་གྱི་དུས་མགོར་ཧྥ་ལུགས་རིག་པ་བ་ཧན་ཧྥེའི་ཁྲིམས་རྩ་བར་འཛིན་པའི་ལྟ་བ་གཙིགས་སུ་བཟུང་བ་དང་། ཧན་གྱི་དུས་མགོར་ཡང་ཧང་ལའོ་ལ་མཐོང་ཆེན་བྱས་པས་རུའུ་ལུགས་རེ་ཞིག་ལ་ཉམས་དམས་སུ་གྱུར། ཧན་ནུབ་མའི་དུས་གོང་མ་ཧན་ཝུའུ་ཏིས་བློན་པོ་ཏུང་ཀྲུང་ཧྲུའུ་ཡི་སྲིད་ཇུས་ལག་ལེན་བྱས་པས་གྲུབ་མཐའ་གཞན་དག་ཕྱིར་ཕུད་དེ་རུའུ་ལུགས་གཅིག་པུ་གོང་དུ་བཀུར་བ་རེད། སུང་བྱང་མའི་དུས་དཀྱིལ་དུ་རུའུ་ལུགས་བསམ་བློ་རྙིང་པ་དེ་རུའུ་ལུགས་གསར་པ་རུ་འཕེལ་བ་རེད་ལ། དེ་ནས་བཟུང་ལྔ་བཞིའི་ལས་འགུལ་བར་ལོ་ངོ2000ལྷག་གི་རིང་ཀྲུང་གོའི་རིགས་གཞུང་གི་སྲོག་རྩ་རུ་གྱུར།

རིགས་དབྱེ།