དབྱི་སི་ལན་ཆོས་ལུགས།

དབྱི་སི་ལན་ཆོས་ལུགས་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ལ། སྔོན་མའི་དུས་སུ་ཀྲུང་གོས་ཏ་ཟིག་ཆོས་ལུགས་དང་། ཧུའེ་ཧུའེ་ཆོས་ལུགས། ཁ་ཆེའི་ཆོས་ལུགས། ཐེན་ཧྥང་ཆོས་ལུགས་སོགས་སུ་འབོད། 2009ལོར་བསྡོམས་རྩིས་བྱས་པ་ལྟར་ན་འཛམ་གླིང་གི་མི་གྲངས་དུང་ཕྱུར68ལས་དབྱི་སི་ལན་ལ་དད་མོས་ཅན་མི་གྲངས་དུང་ཕྱུར15ལྷག་ཡོད་ལ། རྒྱལ་ཁབ་དང་ས་ཁུལ204ཡས་མས་སུ་ཁྱབ་ཡོད་པ་དང་། དེས་འཛམ་གླིང་ཧྲིལ་བོའི23%ལྷག་ཟིན་ཡོད།

རིགས་དབྱེ།  

དབྱི་སི་ལན་ཆོས་ལུགས་ཀྱི་དགོངས་དོན།

དབྱི་སི་ལན་ཆོས་ལུགས་ཀྱི་དགོངས་དོན་ནི་གཙོ་བོ་ཁག་གསུམ་གྱིས་གྲུབ་པ་སྟེ། གཞི་རྩའི་དད་པ་དང་ཆོས་ལུགས་ཀྱི་འོས་འགན། སྤྱི་ཕན་དང་དགེ་སྒྲུབ་གསུམ་གྱིས་གྲུབ་པ་ཡིན།

རིགས་དབྱེ།  

ཏུང་ཀོན་དབྱི་སི་ལན་ཆོས་ཁང་ཆེན་མོ།

ཏུང་ཀོན་དབྱི་སི་ལན་གྱི་ཆོས་ཁང་ཆེན་མོ་ནི་ཟི་ལིང་གནའ་གྲོང་གི་མིང་གྲགས་ཅན་གྱི་བཟོ་སྐྲུན་ཞིག་ཡིན་ཞིང་། ཟི་ལིང་ཏུང་ཀོན་ལམ་ཆེན་གྱི་ལྷོ་ངོས་སུ་གནས་ཡོད། ཆོས་ཁང་གི་ས་ངོས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.194ཡོད་པ་དང་། ཆོས་ཁང་ཆེན་མོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1102ཡོད་པར་མ་ཟད། ལྷོ་བྱང་གི་ཐོག་ཁང་སོ་སོར་སྨི་གྲུ་བཞི་མ363ཡོད། ཏུང་ཀོན་དབྱི་སི་ལན་ཆོས་ཁང་ཆེན་མོར་ལོ་རྒྱུས་སྟེང་ཐེངས་མང་པོར་གཏོར་བརླག་ཐེབས་མྱོང་ནའང་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་ཡོད། ད་ཡོད་ཀྱི་འཛུགས་སྐྲུན་འདི་ནི་སྤྱི་ལོ1913ལོའི་སྐབས་སུ་བསྐྱར་འཛུགས་བྱས་ཤིང་སྤྱི་ལོ1946ལོའི་སྐབས་སུ་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་། སྤྱི་ལོ1979ལོར་ཡང་བསྐྱར་ཞིག་གསོ་བྱས་ནས་གྲུབ་པ་ཡིན། འདི་ནི་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ཆེན་མོའི་གྲས་ཤིག་ཡིན།

རིགས་དབྱེ།  

དབྱི་སི་ལན་ཆོས་ཁྲིམས་རིག་པ།

དེ་ནི་དབྱི་སི་ལན་གྱི་ཆོས་ལུགས་དང་སྤྱི་ཚོགས་རིག་ཚན་གྱི་གྲས་ཤིག་ཡིན་ལ་དབྱི་སི་ལན་ཆོས་ལུགས་རིག་པ་ཡང་ཟེར། དེ་ནི་མུའུ་སི་ལིན་གྱི་མཁས་པ་དང་ཆོས་རིག་མཁས་ཅན་གྱིས《ཁུ་རན》དང《དམ་པའི་བསླབ་བྱ》དེ་ཁྲིམས་འཛུགས་འབྱུང་ཁུངས་དང་གཞི་འཛིན་ས་གཙོ་བོར་བྱས་ཤིང་། སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་གྱི་དགོས་མཁོ་ལྟར་བཙུགས་པའི་ཁྲིམས་རིག་བསམ་བློའི་གཞུང་ལུགས་དང་ཆོས་ཁྲིམས་མ་ལག་ཅིག་ཡིན་ལ། དབྱི་སི་ལན་གྱི་ཆོས་ལུགས་དུས་རིམ་ངེས་ཅན་ཞིག་ཏུ་འཕེལ་རྒྱས་བྱུང་བའི་རིག་ཚན་ཞིག་ཀྱང་ཡིན།

རིགས་དབྱེ།  

དབྱི་སི་ལན་ཆོས་ལུགས་ཀྱི་མཚན་ཉིད་རིག་པ།

དབྱི་སི་ལན་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་བསྟན་དོན་དང་འབྲེལ་བ་ཡོད་པའི་མཚན་ཉིད་རིག་པའི་གཞི་རྩའི་གནད་དོན་རྒྱས་བཤད་བྱས་པའི་གཞུང་ལུགས་དང་མ་ལག་ཅིག་ཡིན་ལ། དབྱི་སི་ལན་ཆོས་ལུགས་ཀྱི་བསྟན་དོན་ལ་ཞིབ་དཔྱད་བྱས་པའི་རྨང་གཞིའི་ཐོག་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་མཚན་ཉིད་རིག་པའི་བསམ་བློ་ཞིག་ཡིན།

རིགས་དབྱེ།  

ཁུ་རན་རིག་པ།

ཁུ་རན་རིག་པ(Ulam al—Qur'an)ནི་དབྱི་སི་ལན་ཆོས་ལུགས་ཀྱི་གཞི་རྩའི་རིག་ཚན་ཞིག་ཡིན་ལ། 《ཁུ་རན་གསུང་རབ》ཞིབ་འཇུག་བྱ་ཡུལ་དུ་བྱས་ནས་མིང་དེ་ལྟར་བཏགས་པ་རེད། “ཁུ་རན་རིག་པ”ཞེས་པ་ནི《ཁུ་རན་གསུང་རབ》ཀྱི་ནང་དོན་གོ་བ་ལེན་པའི་སྐོར་གྱི་ཤེས་བྱ་ཞིག་ཡིན་ལ། གོ་བ་ལེན་ཚུལ་འདིའི་སྔོན་འགྲོ་ནི་ངེས་པར་དུ་ཆོས་གཞུང་གི་ཚིག་གྲུབ་དང་དེའི་གོ་གནས་ལ་འགྲེལ་བཤད་དང་། ཆོས་གཞུང་གི་འབེབས་ཚུལ་གྱི་རྒྱུ་རྐྱེན་དང་གནས་བབ་ལ་ཞིབ་འཇུག་བྱེད་དགོས་པས། 《ཁུ་རན་གསུང་རབ》ཀྱི་མཆན་འགྲེལ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད།

རིགས་དབྱེ།  

བཀའ་སློབ་རིག་པ།

བཀའ་སློབ་རིག་པ(Ilmal—Hadith)ནི་དབྱི་སི་ལན་ཆོས་ལུགས་ཀྱི་གཞི་རྩའི་རིག་ཚན་གྱི་གྲས་ཤིག་ཡིན་ལ། དེ་ནི་མོ་ཧན་མོ་ཏུས་ལོ་ངོ23རིང་ཆོས་སྤེལ་བའི་བརྒྱུད་རིམ་ཁྲོད་དུ། གཞུང་ལུགས་དང་ལག་ལེན་ཐད་ནས《ཁུ་ལན་གྱི་གསུང་རབ》ཀྱི་ཁྲིམས་སྲོལ་དང་། ཆོས་གཞུང་ནས་བསྟན་པའི་རྒྱབ་ལྗོངས་དང་ནང་དོན། གཞི་རྩའི་བསྟན་དོན། ཆོས་ཁྲིམས་དང་མི་ཆོས་ཀུན་སྤྱོད། དེ་བཞིན་ཁོང་གིས་སྐབས་དེའི་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར། ཁྲིམས་འཛིན། གཏུག་བཤེར། ཚོང་དོན། ཞིང་ལས་བཅས་དང་དེ་བཞིན་གལ་ཆེའི་དོན་རྐྱེན་ལ་དམིགས་ནས་སྤེལ་བའི་གཏམ་བརྗོད་དང་ལག་ལེན་བྱེད་སྒོ་སོགས་ཞིབ་འཇུག་བྱ་ཡུལ་དུ་བྱས་པའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

དབྱི་སི་ལན་ཆོས་ལུགས་ལོ་རྒྱུས།

དེབ་འདི་ནི་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་མངགས་བཅོལ་ལྟར་རང་རྒྱལ་གྱི་མཐོ་རིམ་སློབ་གླིང་གི་སློབ་མར་བསྒྲིགས་པའི་སློབ་དེབ་ཅིག་ཡིན་པ་དང་། ལོ་རྒྱུས་ཀྱི་དཔྱད་ཡིག་ཕུན་སུམ་ཚོགས་ཤིང་གོ་རིམ་གསལ་བ། གོ་བདེ་ཞིང་ཤེས་སླ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། དེབ་འདི་ནི་ཀྲུང་གོའི་རིག་གཞུང་ལས་རིགས་ཀྱི་དབྱི་སི་ལན་ཆོས་ལུགས་ཀྱི་ལོ་རྒྱུས་བརྩམས་ཆོས་ཐོག་མ་དེ་ཡིན་པ་དང་། དབྱི་སི་ལན་ཆོས་ལུགས་ཀྱི་ལོ་རྒྱུས་ཤེས་རྟོགས་དང་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན་པ་རེད།

རིགས་དབྱེ།  

ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་ཀྱི་སྒྱུ་རྩལ།

《ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་ཀྱི་སྒྱུ་རྩལ(དབྱིན་ཡིག་པར་གཞི)》དེ་གླིང་ལྔའི་ཁྱབ་སྤེལ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།

རིགས་དབྱེ།  

དབྱི་སི་ལན་ཆོས་ལུགས་ཀྱི་མཛེས་རྩལ།

དབྱི་སི་ལན་ཆོས་ལུགས་ཀྱི་མཛེས་རྩལ་ནི་དབྱི་སི་ལན་ས་ཁུལ་དུ་དར་བའི་ཨར་ལས་དང་ཡིག་གཟུགས། རི་མོ། བཟོ་རྩལ་མཛེས་རྩལ་བཅས་ཡིན།

རིགས་དབྱེ།  

ཅི་ཧ་ཏུ།

ཅི་ཧ་ཏུ་ནི་ཨ་རབ་ཀྱི་སྐད་ཀྱི་སྒྲ་སྒྱུར་ཡིན་པ་དང་། དེའི་ཚིག་ངོས་ཀྱི་ནང་དོན་ནི་འབད་བརྩོན་ཧུར་ཐག་དང་སེམས་ནུས་གང་ཡོད་འདོན་པ་ཞེས་པའི་དོན་ཡིན། དབྱི་སི་ལན་གྱི་ཆོས་པ་རྣམས་ཀྱིས་གསུང་རབ་ཀྱི་བསླབ་བྱ་གཞིར་བཟུང་ནས་སྐད་བརྡ་དང་བྱ་སྤྱོད། རྒྱུ་ནོར་བཅས་ལ་བརྟེན་ནས་འབད་བརྩོན་བྱེད་པའི་བྱ་སྤྱོད་ལ་གོ་བ་རེད།

རིགས་དབྱེ།