སྲིད་པའི་འཁོར་ལོ།

དགོན་པ་དང་ལྷ་ཁང་ཁག་གི་སྒོ་འཕྱོར་བྲིས་པའི་རི་མོ་ཞིག་གི་མིང་སྟེ་ཟླུམ་སྐོར་ཕྱི་ནང་བཞི་ཡོད་པའི་དཀྱིལ་དུ། འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་མཚོན་བྱེད་དུ་ཕུག་རོན། སྦྲུལ། ཕག་པ་གསུམ་གྱི་གཟུགས་བརྙན་དང་། དེའི་ཕྱི་ལ་བདེ་འགྲོ་དང་། ངན་འགྲོའི་འགྲོ་ལམ་མཚོན་བྱེད་ལམ་དཀར་ནག་གཉིས། དེའི་ཕྱི་ལ་ཆ་ལྔ་བགོས་པའི་སྟེང་གི་ཆ་གཉིས། ལྷ་དང་མིའི་འཇིག་རྟེན། འོག་གི་ཆ་གསུམ་གྱི་དཀྱིལ་དུ་དམྱལ་བ། གཡས་སུ་དུད་འགྲོ། གཡོན་དུ་ཡི་དྭགས། དེའི་ཕྱི་ལ་རྟེན་འབྲེལ་བཅུ་གཉིས་མཚོན་བྱེད། ལོང་བ། རྫ་མཁན། སྤྲེའུ། གྲུ་རྫིང་། ཁང་སྟོང་། མི་གཉིས་འོ་བྱེད་པ། མིག་ལ་མདའ་ཕོག་པ། ཆང་འཐུང་བ། ཤིང་ཏོག་ལེན་པ། སྦྲུམ་མ། ཕྲུ་གུ་སྐྱེ་བ། མི་རྒད་པོ་དང་ཤི་བའི་རོ་བཅས་བྲིས་ཡོད།

རིགས་དབྱེ།  

ཚེ་རིང་རྣམ་དྲུག

འདི་ནི་སྔོན་དུས་སུ་བྱུང་བར་གྲགས་ཤིང་བཤད་སྲོལ་ལྟར་བྲིས་པའི་རི་མོ་ཞིག དེ་དག་ནི་བྲག་ཚེ་རིང་དང་། མི་ཚེ་རིང་། ཆུ་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་བཅས་སོ། འདི་དག་ནི་བོད་ལས་སྟོང་ཁུན་ལུགས་ཀྱི་རི་མོ་ལ་སྤྱོད་སྒོ་ཆེ་ཞིང་ནང་རྟེན་ཁྱབ་ཆེ་བ་ཞིག་ཡིན་ནོ།།

རིགས་དབྱེ།  

ཉི་ཟླ་གཡུང་དྲུང་།

བོད་པ་ཚོས་ཉི་ཟླ་གཡུང་དྲུང་གི་རི་མོར་ཧ་ཅང་དགའ་པོ་གནང་གི་ཡོད། བོད་ཀྱི་ས་ཁུལ་མང་ཆེ་བར་སྒོ་དང་བཅས་པའི་ཁང་པའི་ཕྱི་ནང་གང་སར་རི་མོ་དེ་རིག་རྒྱུ་མང་བ་མ་ཟད། གྱོན་ཆས་དང་སྲན་རྒྱན་གྱི་ཐོག་ཏུ་ཡང་རི་མོ་དེ་རྒྱག་སྲོལ་ཡོད། དེ་ནི་ཕྱི་མཛེས་རྒྱན་ཙམ་ཞིག་ཅི་ནས་ཀྱང་མིན་པར། བོན་ལུགས་དང་འབྲེལ་བའི་ནང་དོན་གཏིང་ཟབ་ཞིག་ཡོད་དེ། དེ་ཡིས་ཚེ་རིང་བ་དང་། བསོད་ནམས་འཕེལ་བ། རིགས་རྒྱུད་མི་འགྱུར་བ་ལ་སོགས་ཀྱི་རྟེན་འབྲེལ་མང་པོ་ཞིག་མཚོན་གྱི་ཡོད།

རིགས་དབྱེ།  

ནོར་བུ་དགའ་འཁྱིལ།

མི་རིགས་གང་འདྲ་ཞིག་ཡིན་ནའང་ནོར་བུའི་རིགས་ལ་ཚང་མས་མཉེས་པོ་གནང་གི་ཡོད། དེས་མ་ཚད་བོད་རིགས་མི་དམངས་ཚོས་ནོར་བུའི་རིགས་དེ་ལེགས་ཚད་འཛིན་ས་གཙོ་བོར་བཟུང་ནས་ཅ་ལག་ཡག་པོ་ཞིག་དང་མི་བཟང་པོ་ཞིག་རིག་ན། དེར་ནོར་བུ་རང་རེད། ཅེས་བསྔགས་བརྗོད་བྱེད་སྲོལ་ཡོད། དེ་ལྟ་བུའི་བསམ་པའི་འདུ་ཤེས་འོག་ཆོས་ལུགས་དད་མོས་མཛད་མཁན་རྗེས་འབྲངས་པ་ཚོས་ཀྱང་། རང་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས། ནོར་བུ་དགའ་འཁྱིལ་ཞེས་པའི་རི་མོའི་གཟུགས་བརྙན་གསར་དུ་བཞེངས་པ་མ་ཟད། གང་གི་བསྟན་བྱའི་ནང་དོན་ཡང་གཏན་འཁེལ་མཛད་པ་རེད།

རིགས་དབྱེ།  

ཁྱུང་གི་གཟུགས་རིས།

ཁྱུང་ནི་གདོད་མའི་དུས་སུ་མཐོ་སྒང་གི་ས་ཆ་འདིར་འཚོ་སྡོད་བྱས་མྱོང་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པ་གཞིར་བྱས་ནས། དེའི་བྱེད་ནུས་དང་སྟོབས་ཤུགས་ནི་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་པས། གདོད་མའི་མི་རྣམས་ཀྱིས་དེ་ལ་ཡིད་སྨོན་དང་། རེ་བཅོལ། ཐ་ན་དད་མོས་ཀྱི་འདུ་ཤེས་ཤུགས་དྲག་སྐྱེས་ཡོད་པ་ནི་ལོ་ངོ་སྟོང་ཕྲག་གོང་ནས་ཐོགས་ལྕགས་སོགས་ཀྱི་གཟུགས་སུ་ཁྱུང་གི་གཟུགས་རིས་བཟོ་སྲོལ་རྒྱ་ཁྱབ་ཏུ་དར་ཡོད་པ་དང་། མངའ་རིས་དང་ནག་ཆུའི་ས་ཁུལ་སོགས་ནས་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོའི་ཁྲོད་ཀྱི་ཁྱུང་གི་རིགས་དེ་དག་ལས་ཤེས་ཐུབ། ཁ་ཤས་ཀྱིས་ཁྱུང་གི་རིགས་འདི་གངས་སེང་ཡོད་མེད་ཀྱི་རྩོད་གཞི་ལྟ་བུ་ཞིག་ཏུ་ངོས་འཛིནཔའམ། ཕྱི་རོལ་རིག་བྱེད་པའི་གཏམ་རྒྱུད་ལས་བྱུང་བའི་མི་ཡི་གཟུགས་ལ་བྱ་ཡི་དབུ་ཅོག་བཙུགས་པའི་མཚོན་བྱེད་རང་བཞིན་གྱི་རྣམ་པ་ཙམ་ལས་གླིང་འདིར་དངོས་སུ་ཡོད་མི་སྲིད་པའི་དོགས་གཞི་འཛིན་མཁན་ཡང་ཡོད་ན་ཡང་། དངོས་ཡོད་ཀྱི་སྲོག་ཆགས་ཤིག་གི་ཁྱད་མཚར་གྱི་བྱེད་ནུས་ལ་བརྟེན་ནས་ད་ཡོད་ཀྱི་ཁྱུང་གཟུགས་འདིའི་རྣམ་པར་འཕེལ་འགྱུར་བྱུང་བ་དང་། དེ་འབྲེལ་གྱི་ཤེས་རིག་གི་སྣང་ཚུལ་གྲངས་མང་པ་ཞིག་འཕེལ་འགྱུར་བྱུང་ཡོད།

རིགས་དབྱེ།  

རི་དྭགས་ཆོས་འཁོར།

ནང་པའི་གཙུག་ལག་ཁང་གི་མདུན་སྒོ་གོང་དང་། ཡང་སྟེང་དུ་དབུས་སུ་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་གཉིས་བཞེངས་སྲོལ་ཡོད་པ་དང་། འདིར་དེ་དག་གི་མཚོན་བྱ་དཔེ་དང་། མཚོན་བྱེད་དོན་གཉིས་ངོ་སྤྲོད་ཅུང་ཙམ་བྱས་ཡོད།

རིགས་དབྱེ།  

སྡོམ་བརྩོན་དམ་པ།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དུ་ཆོས་གསུངས་པའི་སྐབས་ཤིག་ཏུ་སྔོན་བྱོན་དམ་པ་རྣམས་ཀྱི་སྐུ་དྲིན་དང་རྣམ་ཐར་རྗེས་སུ་དྲན་ནས་ད་ལྟ་རང་རེས་འབྲི་སྲོལ་ཡོད་པའི་རི་མོ་འདི་ཕྱག་བསྟར་དུ་གནང་བ་ཡིན་ལ། མིང་གཞན་ལ་མེ་སྲུང་འཁོར་ལོ་ཡང་ཟེར།

རིགས་དབྱེ།  

ཆུ་སྲིན།

ཆུ་སྲིན་ནི་སེང་གེའི་སྡེར་མོ། གླང་པོའི་སྣ། ཆུ་སྲིན་མཆེ་བ། སྤྲེའུའི་མིག ཕག་རྒོད་ཀྱི་རྣ་བ། ཉ་ཡི་ལུས་སོགས་ཆ་སྣ་ཚོགས་པའི་རི་མོ་ལས་གྲུབ་པའི་སྲོག་ཆགས་ཤིག་གི་གཟུགས་ཏེ། བྱེད་ལས་ནི་དེ་མདའ་ཡབ་ཀྱི་གྲུ་ཟུར་དུ་བཞག་ཚེ་དེའི་ཁ་ནས་སྐུད་པ་དྲངས་པ་ལ་དྲིལ་བུ་དང་སིལ་སྙན་རིན་ཆེན་ཕྲེང་བ་སོགས་དྲ་བ་དྲ་ཕྱེད་དུ་འདོགས་པ་ནི་ཆོས་ཀྱི་སྒྲ་སྙན་པར་སྒྲོགས་པའི་མཚོན་བྱེད་ཡིན་ནོ།།

རིགས་དབྱེ།  

རྒྱལ་མཚན།

བོད་རིགས་ས་ཁུལ་གྱི་གཙུག་ལག་ཁང་དང་། དགོན་པ། ལྷ་ཁང་སོགས་ཀྱི་ཡང་སྟེང་དུ་གསེར་ཟངས་དར་གོས་སོགས་ལས་གྲུབ་པའི་རྒྱལ་མཚན་མང་པོ་མཐོང་རྒྱུ་ཡོད། རྒྱལ་མཚན་འཛུགས་པའི་དགོས་པ་གང་ཡིན་མང་པོ་ཞིག་གིས་མཁྱེན་རྟོགས་དེ་ཙམ་མེད། རྒྱལ་མཚན་དེ་ཉིད་གསེར་ཟངས་དང་དར་ཚོན་གང་ལས་གྲུབ་པ་ཡིན་ཀྱང་ངོ་བོའི་ཐོག་ནས་གླེང་ན། རྣམ་པར་རྒྱལ་བའི་མཚོན་རྟགས་དར་ཆ་ལྟ་བུ་ཞིག་ལ་ཟེར་བ་ཡིན།

རིགས་དབྱེ།  

ཐུག

ཐུག་ཅེས་པ་ནི་གཡག་གི་རྩིད་པ་ནག་པོ་ལས་གྲུབ་པའི་ཐུག་རལ། ལྕགས། མེ་རི་གསུམ་དང་ལྡན་པ་ཞིག་ཡིན། མགོན་ཁང་གི་དབུ་རྩེར་ཐུག་འཛུགས་དགོས་དོན་ནི་ཆོས་སྐྱོང་སྲུང་མའི་རྟེན་གནས་ཀྱི་མཚོན་བྱེད་ཅིག་ཡིན་ཞིང་། དགོན་པའམ་ལྷ་ཁང་དེས་ཆོས་སྐྱོང་སྲུང་མ་གང་ཞིག་བརྟེན་གྱི་ཡོད་པ་དེའི་རྟེན་མཁར་ལ་བརྩི་བ་ཞིག་ཡིན།

རིགས་དབྱེ།  

གཏོད་ཀྱི་རྒྱལ་པོ་གཏོད་རུམ་འོད་ཆེན།

གཏོད་བཅོས་ཀྱི་གཞུང་ལས་བྱུང་བའི་གཏོད་ཀྱི་རྒྱལ་པོ་གཏོད་རུམ་འོད་ཆེན།

རིགས་དབྱེ།  

ནོར་བུ་ཆ་བདུན།

ནོར་བུ་ཆ་བདུན་ནི་རྒྱལ་པོའི་རྣ་ཆ་དང་། བཙུན་མོའི་རྣ་ཆ། བློན་པོའི་རྣ་ཆ། བསེ་རུའི་རྭ། བྱུ་རུའི་སྡོང་པོ། གླང་ཆེན་གྱི་མཆེ་བ། ནོར་བུ་མིག་གསུམ་བཅས་བདུན་དུ་གྲགས་པའོ།།

རིགས་དབྱེ།  

གན་ཇི་ར།

བོད་ཀྱི་དགོན་པ་དང་། ལྷ་ཁང་། ཕོ་བྲང་སོགས་ཀྱི་ཡང་སྟེང་དུ་གསེར་ཟངས་ལས་གྲུབ་པའི་གན་ཇི་རའི་ཏོག་བཙུགས་ཡོད་ལ། དེ་ནི་རྒྱལ་བ་རིགས་ལྔའི་མཚོན་བྱེད་བླ་ན་མེད་པ་ཞིག་ཡིན།

རིགས་དབྱེ།