གཡུང་དྲུང་བོན།

གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དེ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་ཉིད་ལས་བྱུང་བ་བརྗོད་ཡོད།

རིགས་དབྱེ།  

ཀུན་དབྱིངས།

ཀུན་དབྱིངས་ཀྱི་ལྷ་འཁོར་གཙོ་བོ་ཀུན་ཏུ་བཟང་པོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་གསལ། གཡས་མི་ནུས་རྒྱལ་མཚན་དང་གཡོན་མཉམ་བཞག་ཡི་གེ་ཨ་ཡིས་མཚོན་པ། དབུ་ལ་གསེར་གྱི་ཐོད་ལྡིང་དང་རིན་ཆེན་སྣ་ལྔའི་རྒྱན་གྱིས་ཅིང་སེང་ཁྲིད་ཉི་ཟླ་པདྨའི་གདན་ལ་བཞུགས་པ། རྒྱབ་ཡོལ་ན་དྲུག་གིས་བརྒྱན་དང་བཅས་པའོ།།

རིགས་དབྱེ།  

སྒྲིབ་སྦྱོང་མུན་སེལ་སྒྲོན་མ།

དབུས། ཀུན་ཏུ་བཟང་པོ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྐུ་མདོག་དཀར། རྒྱན་མེད་གཅེར་བུ་ཞབས་སྐྱིལ་ཀྲུང་ཉི་ཟླ་པད་གདན་ལ་བཞུགས་པ།

རིགས་དབྱེ།  

བཟླས་ཆོག་རིན་ཆེན་སྒྲོན་མ།

གཙོ་བོ་རྒྱལ་བ་བསྟན་པའི་གཙོ་བོ་སྐུ་མདོག་མཐིང་ཁ་རྫོགས་སྐུ། གཡོན་པས་མཉམ་བཞག གཡས་པས་ས་གནོན་ཆག་ཤིང་བསྣམས་པ།

རིགས་དབྱེ།  

ཕྱྭ་སྲས་ཀེང་ཙེ།

གཙོ་བོ་དཔལ་ལྡན་རྗེ་བཙུན་སྒམ་པོ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཤེལ་དཀར་འོད། མཉམ་བཞག་སྐྱིལ་ཀྲུང་བཅའ། སྐུ་ལ་ཞལ་བཟང་སུལ་མ་བརྙེས།

རིགས་དབྱེ།  

རྣམ་དག་པད་མ་ཀློངས་ཡངས།

དབུས་ཕྱོགས་པད་གདན་སྟེང་ཡུམ་ཆེན་ས་ཏྲིག་ཨེར་སངས་ནི། སྐུ་མདོག་སེར་པོ་དབུ་ལ་གཡུ་ཡི་ཐོར་གཙུག་གསེར་ཕྲེང་རྩ་བརྒྱད། མགུལ་ཆུ་སེ་མོ་དོ་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་པ།

རིགས་དབྱེ།  

ཀུན་གསལ་བྱམས་མ།

དབུས་སུ་ཀུན་གསལ་བྱམས་མ་ཆེན་མོ་སྐུ་མདོག་དམར་སེར་རྒྱན་དང་ཆས་པ། གཡས་པས་གསེར་གྱི་བུམ་པ་གཡོན་པས་ཨུད་པ་ལ་དང་མེ་ལོང་བསྣམས། རྩལ་ཆེན་སེང་གེའི་ཁྲི་ལ་བཞུགས།

རིགས་དབྱེ།  

གཤེན་རབ་རྣམ་པར་རྒྱལ་བ།

དབུས། རྟ་མཆོག་འཁོར་ལོའི་ཁྲི་དང་། ཉི་ཟླ་གདན་ལ་གཤེན་རབ་རྣམ་པར་རྒྱལ་བ་སྐུ་མདོག་སྣ་ཚོགས་འབར་བའི་འོད་དང་ལྡན་པ། དབང་གི་ཆ་ལུགས་ཁྲོ་འཛུམ་ཅན། སྐུ་སྟོད་འཇའ་ཚོན་གྱི་ག་ཤ་ལ་སྐུ་སྨད་སྤྲིན་སྤུང་གི་ཤམ་ཐབས་གསོལ་ཞིང་། ཕྱག་གཡས་པས་འཇོམ་བྱེད་ཀྱི་ཕྱག་རྒྱ་མཁའ་ལ་བསྒྱུར་བ། གཡོན་པས་ས་གནོན་གྱི་ཕྱག་རྒྱ་མཛད་པ། ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་ཞིང་མཚན་དཔེ་ཡོངས་སུ་རྫོགས་པ།

རིགས་དབྱེ།  

གཤིན་ནག

ཆུ་གླང་གཤིབ་པའི་ཁྲི་སྟེང་གི། ཁྲོས་པའི་རྒྱལ་པོ་གཤིན་རྗེ་གཤེད། ཁྲོ་རྒྱལ་ཡག་ཤ་མེ་འབར་ནི། སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་པ། གཡས་དཀར་གཡོན་དམར་དབུ་མཐིང་ཞལ་རལ་པ་དམར། བཅོ་བརྒྱད་གཡས་གཡོན་དང་པོ་གཉིས་རྡོ་རྗེ་རི་རབ་ཕུར་བུ་འདྲིལ།

རིགས་དབྱེ།  

ཞང་ཞུང་མེ་རི།

ཁྲག་གི་རྒྱ་མཚོ་ཐོད་པའི་ཁྲི་ཅེས་པ། ཁྲག་གི་རྒྱ་མཚོ་འཁྱིལ་བ་དེའི་སྟེང་གཡེན་དགུའི་མགོ་བཅད་ཐོད་ཆེན་དགུ་དང་སྲིན་དགུ་མགོ་བཅད་སྟག་དགུའི་ཐོད་པ་བརྩེགས་པ་ཁྲི་སྦགས་སུ་བརྩེགས་པར། ཞུང་ཡང་ཁང་ལ་གསེར་གྱི་ཁྱུང་ཆེན་ལྡིང་། རླུང་གི་རྔ་མོང་མགོ་དགུ་དང་བསེ་ཡི་ར་སྐྱེས་ཁམ་དཀར་གྱི་གདན་ལ་ལས་ཀྱི་ལྷ་དབལ་ཆེན་གེ་ཁོད་དབུ་དགུ་ཕྱག་བཅོ་བརྒྱད་པ་ཞབས་རྣམ་པ་དྲུག་ཏུ་བསྒྲད། སྐུ་མདོག་སེར་སྤྱི་བོ་གཙུག་ན་གསེར་གྱི་བྱ་ཁྱུང་ལྡིང་བ་ཅན།

རིགས་དབྱེ།  

མཁའ་འགྲོ་སྐལ་བཟང་ནང་སྒྲུབ།

སྐལ་པ་བཟང་མོ་བོན་གྱི་སྐུ། ཞལ་གཅིག་ཕྱག་བཞི་ཡུམ་གྱི་དབྱིངས། སྐུ་མདོག་དམར་སེར་མདངས་དང་ལྡན། རུས་པའི་རྒྱས་སྤྲས་འོད་ཀྱི་སྐུ། དབུ་སྐྲ་ལི་ལྗང་སྤྲིན་དུ་གཏིབས། དབུ་ལ་རིན་ཆེན་ཐོད་པས་བརྒྱན། ཞལ་ནི་འཛུམ་མདངས་བཞད་པའི་ཞལ།

རིགས་དབྱེ།  

དྲན་པ་གསང་སྒྲུབ།

རིན་ཆེན་ཁྲི་རྐང་ཁྲི་མིག་ཏུ་སེང་གེ་གླང་ཆེན་རྟ་འབྲུག་ཁྱུང་གི་ཁྲི་ཡི་སྟེང་དུ་པད་མ་ཉི་མ་ཟླ་བའི་གདན། དེའི་སྟེང་དུ་སྲིན་པོ་ཕོ་མོ་སྤྱི་ཆིངས་སུ་བསྣོལ་བ། ཁོད་སྤུངས་དྲན་པ་ནམ་མཁའ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་མཐིང་སྨུག་རུས་པའི་རྒྱན་གྱིས་བརྒྱན་པ། ཁྲོ་རྔམ་འཛུམ་པའི་མདངས་དང་ལྡན་པ། སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་པས་གཡུང་དྲུང་མ་མཁར་གདེངས་པ། གཡོན་པས་སྲོན་པོའི་ཐོད་རློན་ཏིང་མུར་ཁྲག་གིས་བཀང་བ་བསྣམས་པ།

རིགས་དབྱེ།  

དྲན་པ་ཡང་གསང་།

རིན་ཆེན་ཁྲི་རྐང་བརྒྱད་གྱད་ཆེན་གྱིས་འདེགས་པ། དེའི་སྟེང་ཉི་ཟླ་པད་མ་ཀྲི་སྙ་ཤ་རའི་པགས་གདན་སྟེང་། གྱེར་སྤུངས་དྲན་པ་ནམ་མཁའ་ཞལ་གཅིག་ཕྱག་གཉིས་མཐིང་སྔོན་སྤྱན་གསུམ་ཁྲོ་འཛུམ། དབུ་སྐྲ་དམར་སེར་པྲོག་ཐོད། ཐོད་སྐམ་དང་ཡིད་བཞིན་ནོར་བུས་བརྒྱན་པ། ཕྱག་གཡས་སྡིག་འཛུབ་ཀྱི་རྩེ་ལ་གསེར་གྱི་གཡུང་དྲུང་གཡས་འཁྱིལ་བསྣམས་པ། གཡོན་པས་ཡོལ་ཆེན་ཐུགས་ཁར་འཛིན་པ།

རིགས་དབྱེ།  

དྲན་པ་དབང་སྒྲུབ།

རིན་ཆེན་ཁྲི་དང་ཉི་ཟླ་པད་མ་གནོད་སྦྱིན་བསྣོལ་པའི་གདན་ལ། གྱེར་སྤུངས་དྲན་པ་ནམ་མཁའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། དབུ་སྐྲ་དམར་སེར་གྱེན་ལ་འཁྱིལ། སྤྱན་གསུམ་འབྲི་ཚུགས་ཞལ་རས་ཁྲོ་འཛུམ་གཡས་པས་གཡུང་དྲུང་མཁའ་ལ་གདེང་། གཡོན་པས་ཡོལ་ཆེན་བཅུད་ཀྱིས་གཏམས། སྐུ་སྟོད་ལེ་བརྒན་རལ་ཀ་གསོལ། སྐུ་སྨད་དཔའ་བོ་སྟག་ཤམ་ཅན། ཐོད་སྐམ་རིན་ཆེན་དབུ་རྒྱན་ཅན།

རིགས་དབྱེ།  

ཚེ་དབང་རྨེ་ཐུབ།

ཚེ་དབང་རིག་འཛིན་ཆེན་པོ། སྐུ་མདོག་དམར་སྨུག་གཟི་མདངས་དང་ལྡན་པ། གཡས་པས་ཐུགས་རྗེའི་ལྕགས་ཀྱུ། གཡོན་ན་ཤེལ་དཀར་གྱི་བུམ་པ་བསྣམས་པ། རིན་པོ་ཆེ་དང་རུས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་། སྐུ་སྨད་སྟག་གི་ཤམ་ཐབས་ཅན།

རིགས་དབྱེ།  

དྲན་པ་ཚེ་སྒྲུབ།

ཁོད་སྤུངས་ཚེ་ཡི་གཤེན་སྐུ་མདོག་མཐིང་གསལ། ཕྱག་མཚན་གཡུང་དྲུང་ཞགས་པ་འཛིན། ཡུམ་ནི་མདངས་ལྡན་འོད་ཟེར་དམར།

རིགས་དབྱེ།  

པཎ་ཆེན་ལི་ཤུ་སྟག་རིང་།

ལི་ཤུ་སྟག་རིང་སྐུ་མདོག་དམར་སྨུག སྐུ་ལ་དར་བེར་དམར་ཁྲ་གསོལ། དབུ་སྐྲ་ལི་ལྗང་དར་ནག་ལྡན། དབུ་ལ་འོབ་ཀྱི་འགྱིང་ཞུ་གསོལ། བྱ་རྒྱལ་རྒོད་ཀྱི་ཕོད་ཀྱིས་མཛེས། དར་ཚོན་སྣ་ལྔའི་རྒྱན་གྱིས་སྤྲས། ཕྱག་གཡས་ཁ་ཊམ་རྩེ་གསུམ་དུག་གསུམ་འཇོམས། དར་སྣ་མཛེས་པའི་བ་དན་ཕྱར། གཡོན་པས་དབང་སྡུད་ཟིལ་གནོན་ཕྱག་རྒྱ་མཛད། ཞབས་གཉིས་སྐྱིལ་ཀྲུང་པད་མ་ཉི་ཟླའི་གདན་ལ་བཞུགས།

རིགས་དབྱེ།  

མཉམ་མེད་བླ་མ།

མཉམ་མེད་བླ་མ། བླ་མ་བོན་སྐུ་མེད་པ་ལྔ་ལྡན་དངོས་མཚན་མེད་གསུངས་པ་གང་དེ། བརྡ་མཚོན་ནམ་བརྡ་ཙམ་གྱིས་མཚོན། སྐུ་ཡོངས་གྲགས་འཇའ་གུར་དུ་ཀུན་བཟང་མཐིང་གསལ་འགྱུར་མེད། རྒྱན་མེད་གཅེར་བུ་མཉམ་བཞག་དཀྱིལ་ཀྲུང་བཞུགས།

རིགས་དབྱེ།  

ལྷ་བོན་ཡོངས་སུ་དག་པ།

ལྷ་རབ་འོད་སྲས་ལྷ་བོན་ཡོངས་སུ་དག་པ་ནི། དགོངས་པ་མཁའ་ལྟར་རྣམ་དག་ཐུན་མོངས་དངོས། མཁར་འཕུར་ལྗགས་མཆིལ་འཐོར་བས་མེ་ཏོག་འཁྲུངས། མཆོག་དངོས་ཐབས་ཤེས་གཉིས་མེད་སངས་རྒྱས།

རིགས་དབྱེ།  

ཀླུ་བོན་པ་ནམ།

དེ་བརྒྱུད་བྲམ་ཟེ་ལྷ་སྦྱིན་ཉིད་ཀྱི་སྲས། ཀླུ་བོན་པ་ནམ་དགོངས་དབྱིངས་གཡོ་བ་མེད། ཐུན་མོང་ཀླུ་ལ་འཆད་ཆུར་མི་བྱིང་། མཆོག་ནི་སྐུ་ལུས་འོད་འཕྲོས་སངས་རྒྱས།

རིགས་དབྱེ།  

ཁྲི་ལྡེ་ཟམ་བུ།

དེ་བརྒྱུད་ཁྲི་ལྡེ་འོད་སྲས་མི་བོན་ནི། ཁྲི་ལྡེ་ཟམ་བུ་དགོངས་ཉིད་སྤྲོས་དང་བྲལ། ཐུན་མོང་ཏིང་འཛིན་མེ་ཡིས་ལོག་ལྟ་བསྲེགས།

རིགས་དབྱེ།  

བ་ནམ་སྐྱོལ་པོ།

དེ་བརྒྱུད་བླ་མ་བ་ནམ་སྐྱོལ་པོ་ནི། དགོངས་པ་མི་རྟོག་ཀློང་གནས་ཐུན་མོང་ནི། ལྷ་ཡིས་གསོལ་འདྲེན་གདུག་ཅན་དབང་དུ་སྡུད། མཆོག་དངོས་ཡེ་ཤེས་ལྷ་དང་གཉིས་སུ་མེད།

རིགས་དབྱེ།  

ཁྲི་ཤོ་རྒྱལ་བ།

པ་ནམ་སྐྱོལ་པོའི་སྲས་ཁྲི་ཤོ་རྒྱལ་བ་ལ་བརྒྱུད་དེ། དགོངས་པ་རོལ་པའི་རྩལ་ཤར་ཐུན་མོང་དངོས། ཏིང་འཛིན་ཟས་གསོལ་ཁམས་ཟས་མི་དགོས་གྲུབ། མཆོག་ནི་སྣང་སྟོང་གཉིས་མེད་སངས་རྒྱས་སོ།།

རིགས་དབྱེ།  

གཡུང་དྲུང་བོན་གྱི་བཀའ་སྐྱོང་སྲུང་མ།

གཡུང་དྲུང་བོན་གྱི་བཀའ་སྲུང་ངམ་སྲུང་མ་ཞེས་པ་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས་ལ་ཚེ་རབས་ནས་ཚེ་རབས་སྡོང་གྲོགས་མཛད་ཅིང་བསྟན་དང་འགྲོ་བའི་དོན་ལ་མ་ཡིས་བུའི་ཆེད་དུ་ལས་བྱེད་པ་བཞིན་དུ་ཕན་པ་བསྒྲུབ་ཅིང་ཁས་བླངས་དམ་དུ་བཅས་པ་ཞིག་ལ་སྲུང་མ་ཞེས་འདོད་དགོས་པའོ། ། དེ་དག་ནང་ནས་སྲིད་པ་རྒྱལ་མོ་སོགས་འགའ་ཞིག་མ་གཏོགས་བསྟན་པ་དང་འགྲོ་བའི་དོན་ལ་གནོད་ཅིང་འཚེ་བའི་ལས་ལ་བརྩོན་པའི་དྲེགས་པ་སྡུག་རྩུབ་མཐུ་རྩལ་ཅན་སོགས་ཤ་སྟག་ཡིན་པ་དང་། རྗེས་སུ་དེ་རིགས་ཕར་ཆེར་ཡི་དམ་དབལ་གསས་རྔམ་པའི་སྤྱན་སྔར་བཀའ་བསྒོ་དམ་བཏགས་མཛད་པ་དང་། འགའ་ཞིག་རྗེས་འཇུག་སྐྱེས་མཆོག་ཁྱད་པར་ཅན་སོགས་ཀྱི་མདུན་ནས་ཁས་བླངས་དམ་བཏགས་མཛད་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་སོགས་མདོར་ན་གནས་སྐབས་ཕྲལ་སེལ་རྐྱེན་ཟློག་ཆེད་དུ་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་སྡོང་གྲོགས་མཛད་པའོ། ། དེ་ཡང་གཡུང་དྲུང་བོན་གྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་མཛད་པའི་བཀའ་སྲུང་ཕོ་རྒྱུད་ཀྱི་སྡེ་ཚོགས་དང་། བཀའ་སྲུང་མོ་རྒྱུད་ཀྱི་སྡེ་ཚོགས་གཉིས་ཡོད་པའི་ནང་ནས། ཐོག་མར་དམ་ཅན་ཕོ་རྒྱུད་ནི་བསྟན་སྲུང་རྨ་རྒྱལ་པོམ་ར། མི་བདུད་འབྱམས་པ་ཁྲག་མགོ། བྲག་བཙན་ཨ་བསེ་རྒྱལ་བ། བཙན་རྒོད་ཧུར་པ་གསོད་སྐྱིན། སྒྲ་བླ་དྲ་མ་མཆེད་དགུ། རྒྱལ་ཆེན་ཉི་པང་སད་ཝེར། འཛམ་སྔོན་ཀུ་བེ་ར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། རྒྱལ་ཆེན་གྲགས་སེང་། བཙན་རྒོད་གྲགས་པ་རྒྱལ་མཚན། ཕོ་ལྷ་གནམ་ཐེའུ་དཀར་པོ། རྗེ་ཡི་འགུལ་ལྷ་བཅུ་གསུམ་སོགས་ཕོ་རྒྱུད་ཀྱི་སྡེ་དང་། དམ་ཅན་མོ་རྒྱུད་ཀྱི་སྡེ་ཚོགས་ནི། མ་ཅིག་སྲིད་པའི་རྒྱལ་མོ་དྲེའུ་དམར་ནག་གཉིས་དང་། སྲིད་པའི་རྒྱལ་མོ་སྡེ་དྲུག སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དབལ་མོ་ཉེར་བདུན། བཀའ་ཡི་བྱ་ར་མ་གསུམ། དུས་བཞིའི་རྒྱལ་མོ་བཞི། གཏེར་བདག་ཡུམ་སྲས་སྡེ་ལྔ། སྒྲ་བླའི་རྒྱལ་མོ། གསང་ཡུམ་ཀླུ་མོ་འོད་འབར། ཡང་སྤྲུལ་བརྟན་མ་བཅུ་གཉིས་སོགས་མོ་རྒྱུད་ཀྱི་སྡེ་ཚོགས་སོ། །

རིགས་དབྱེ།  

ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ།

སྤྱིར་མཁས་པ་རེ་ལ་ཐུན་མིན་གྱི་མཛད་པའམ་བསྟན་པ་སྤེལ་བ་ལ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་བཀའ་འཁོར་རིམ་པ་གསུམ་དང་། རྗེ་བཙུན་ཡར་མེ་བས་བཀའ་བརྟེན་སྡེ་ལྔ། རྗེ་མཉམ་མེད་པས་འཕྲུལ་སྒྲོན་རྣམ་ལྔ། ཀུན་མཁྱེན་ཤར་རྫ་པས་མཛོད་ཆེན་རྣམ་ལྔ་ཞེས་པ་སོགས་བརྩམས་གནང་མཛད་ཡོད་པ་ལྟར་སྐབས་འདིར་གླེང་བར་བྱ་བ་ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ་ཞེས་པ་དེ་ཉིད་དོ།།

རིགས་དབྱེ།  

གཤེན་རབ་གཡུང་དྲུང་དགུ་འཆམ།

འདྲ་འབག་གྱོན་ནས་འཁྲབ་པའི་འཆམ་དེས་རྣམ་པ་མི་འདྲ་བའི་བོན་གྱི་སྲུང་མ་དགུ་མཚོན་ཞིང༌། སྲིད་པ་རྒྱལ་མོས་ཁྲོ་བོའི་རྣམ་པའི་ཐོག་ནས་འཆམ་དེའི་སྣེ་ཁྲིད་ལ། འཆམ་དེའི་ནང་གི་གཙོ་བོའི་མི་སྣ་དང་དེ་བྱིངས་ཀྱི་མི་སྣ་རྣམས་ནི་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བའི་ནང་བྱུང་བ་ཞིག་ཡིན།

རིགས་དབྱེ།  

གཟེ་མ་དགུ་འཆམ།

བོན་ལུགས་ཀྱི་འཇིག་རྟེན་ཆགས་ལུགས་ཀྱི་ལྟ་ཚུལ་ལྟར་ན། འཇིག་རྟེན་ནམ་སའི་གོ་ལ་འདི་བཞིན་སྒོ་ང་ལས་སྐྱེས་ཤིང་བུ་མོ་སྤུན་མཆེད་དགུ་པོ་ཚུད་པའི་སྐྱེ་འགྲོ་ཐམས་ཅད་སྒོ་ང་ལས་སྐྱེས་པར་འདོད། སྒོ་ང་ལས་སྐྱེས་ཞེས་པའི་ལྟ་བ་དེ་ནི་བོད་ཀྱི་གནའ་བོའི་ཤོད་སྲོལ་ཞིག་ཡིན་པ་དེ་དང་བོན་ཆོས་དབར་འབྲེལ་བ་གཏིང་ཟབ་ལྡན་ཡོད། གོང་གསལ་འཇིག་རྟེན་ཁམས་ཆགས་ཚུལ་གྱི་ལྟ་ཚུལ་དེ་དང་ཆ་འདྲ་བ་ཞིག་ཡོད་པ་ནི་སྲིད་པ་སངས་པོ་འབུམ་ཁྲི་ཞེས་པའི་ལྷ་དེ་ས་ཡི་གོ་ལ་འདིའི་ཕ་རུ་འདོད་ལ། ལྷ་མོ་ཆུ་ལྕམ་རྒྱལ་མོ་དང་སྲིད་པ་སངས་པོ་འབུམ་ཁྲི་གཉིས་འགྲོ་བ་མི་ཡི་ཡབ་མེས་ཡིན་པར་འདོད། ལྷ་མོ་ཆུ་ལྕམ་རྒྱལ་མོས་བོན་གྱི་ལྷ་ཚོགས་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་ལ། མ་རྒྱུད་ཀྱི་ལྷ་དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་མ་ཡིན་པར། ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་དད་མོས་དང་འབྲེལ་བའི་ཕུན་སུམ་ཆོགས་པའི་ལྷ་སྒྲུང་ཁྲོད་དུ་རྐང་པ་བརྟན་པོར་ཚུགས་ནས་གནས་ཡོད།

རིགས་དབྱེ།  

རྒྱལ་རོང་ཕྱོགས་ཀྱི་དཔལ་ལྡན་སྨན་རིའི་མཁན་སློབ་རིམ་བྱོན།

ཀུན་མཁྱེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ཉིད་ཀྱིས་སྤྱི་ལོ(1405)ལོར་གཡས་རུ་གཙང་གི་ས་ཆ། ཐོབ་རྒྱལ་ཤར་རི་ཕོ་བ་རིའི་མགུལ་དུ་དགོན་སྡེ་གསར་དུ་ཕྱག་བཏབས་མཛད་དེ་མཚན་ལ་བཀྲ་ཤིས་སྨན་རི་དགོན་ཞེས་གསོལ། དགོན་དེ་ཉིད་ཀྱི་གདན་སའི་མཁན་སློབ་རིམ་བྱོན་གྱི་རྣམ་ཐར་མདོ་ཙམ།

རིགས་དབྱེ།  

གཡུང་དྲུང་བོན་གྱི་གྲུབ་མཐའི་རྣམ་གཞག

གཡུང་དྲུང་བོན་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ནས་བརྒྱུད་པའི་ཆོས་ལུགས་ཤིག་སྟེ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གྲུབ་མཐའ་རྣམ་གཞག་ཆ་ཚང་བ་ཡོད།

རིགས་དབྱེ།  

བོན་གྱི་རིག་གནས།

བོན་གྱི་རིག་གནས་ནི་བོན་གྱི་བཀའ་བསྟན་ལས་བྱུང་བའི་རིག་གནས་ཀྱི་མ་ལག་གལ་ཆེན་ཞིག་ཡིན་པས་འདིར་བོན་གྱི་རིག་གནས་ལས་འཕྲོས་ཏེ་བན་བོན་གཉིས་ཀྱི་ཆོས་ལུགས་རིག་གནས་ཀྱི་འགལ་བ་དང་དར་རྒུད་ཀྱི་གནས་བབ་ཅུང་ཙམ་བཀོད་ཡོད།

རིགས་དབྱེ།