ཡེ་ཤུའི་ཆོས་ལུགས་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡེ་ཤུའི་ཆོས་ལུགས་རིག་གནས།
ཡེ་ཤུ་ཆོས་ལུགས་ནི་དུས་རབས་དང་པོའི་སྐབས་སུ་བྱུང་བ་ཞིག་སྟེ། དང་བོ། དེ་ནི་ཡ་ཧུ་དཱ་པའི་ཆོས་ལུགས་གྲུབ་མཐའ་ཞིག་ནས་རིམ་འགྱུར་བྱུང་བ་དང་། རྗེས་སུ་རོ་མ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དམག་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དར་རྒྱས་ཆེན་པོ་བྱུང་མཐར། འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེ་ཁག་ཏུ་གྱུར་པ་རེད། ཡེ་ཤུ་ཆོས་ལུགས་དེ་ཕྱིས་སུ་ཤར་ནུབ་གཉིས་སུ་གྱེས་ཤིང་། ཤར་ཕྱོགས་པའི་མིང་ལ་ཏུང་ཀྲིན་ཆོས་ལུགས་དང་། ནུབ་ཕྱོགས་པའི་མིང་ལ་ང་ཚོས་ད་ལྟ་འབོད་བཞིན་པའི་གནམ་བདག་ཆོས་ལུགས་ཞེས་པ་དེའོ།། གནམ་བདག་ཆོས་ལུགས་དེ་དུས་རབས་དཀྱིལ་མའི་སྐབས་ཀྱི་ཡོ་རོབ་ནུབ་མའི་ཆེས་ཆེ་བའི་བཀས་བཀོད་བདག་པོར་གྱུར་ཏེ། ས་ཞིང་རྒྱ་ཆེན་པོ་བདག་ཏུ་བཟུང་ཞིང་ཞོར་དུ་བཟོ་ཚོང་བླ་ལྷག་གྱུར་ཏེ། ས་ཞིང་རྒྱ་ཆེན་པོ་བདག་ཏུ་བཟུང་ཞིང་ཞོར་དུ་བཟོ་ཚོང་བླ་ལྷག་གིས་གཉེར། ཆབ་སྲིད་དང་དམག་དོན་གྱི་ས་ནས་ཀྱང་ཁ་ལོ་བསྒྱུར་བར་མ་ཟད། མི་རྣམས་ཀྱི་བསམ་པའི་འཁྱེར་སོའང་ཆོས་ཚོགས་ཀྱི་མངའ་འོག་ཏུ་བཅུག་འདུག ཡེ་ཤུའི་ཆོས་ལུགས་རིག་གནས་ནི་ཡོ་རོབ་ནུབ་མའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཡོ་རོབ་རྒྱལ་ཁབ་ཁག་གི་རིག་གནས་མཐའ་དག་ཀྱང་ཡེ་ཤུ་ཆོས་ལུགས་ཀྱི་ཤན་ཤུགས་འོག་གྲུབ་པར་མངོན། དུས་རབས་དཀྱིལ་མའི་མཚན་ཉིད་རིག་པ་དང་སྒྱུ་རྩལ་གྱི་རིགས་ཀྱང་ཆོས་ཚོགས་དང་དེའི་བསམ་བློ་ལ་འབྲེལ་བ་དམ་ཟབ་མཆིས་ཤིང་། ཐ་ན་ནུབ་ཕྱོགས་པའི་འགྲོ་འདུག་སྤྱོད་གསུམ་དང་བཅས་པར་བག་ཆགས་མི་དམན་པ་བཞག་ཡོད་དོ།།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
the Christian religion
རྩ་གཞུང་།
དམ་པའི་གསུང་རབས།
1 ཡེ་ཤུ་མ་ཤུ་ཀ།

ཡེ་ཤུ་མ་ཤུ་ཀའི་འཁྲུངས་རབས་ལ་ཆོས་ལུགས་དང་ལྷ་སྒྲུང་གི་སེང་རས་ཀྱིས་གཡོགས་འདུག དམ་པའི་གསུང་རབ་གསར་མར་འཁོད་པ་ལྟར་ན། མཱ་རེ་ཡ་གཉེན་མ་བསྒྲིགས་གོང་ནས་ལྷའི་ཕོ་ཉས་བཀའ་བབས་ལྟར་རྨི་ལམ་དུ་མངལ་འཁོར་ཅིང་། ཕྲུ་གུ་དེ་ནི་དཀོན་མཆོག་གི་སྲས་པོ་དངོས་རེད་འདུག ཁོང་ནི་པོ་ལི་ཧིན་ཞེས་པའི་ས་ཆར་རྟ་ར་ཞིག་ཏུ་སྐུ་འཁྲུངས་པ་དང་། ཆུང་དུས་ནས་བློ་རིག་བཀྲ་ཞིང་ཐུན་མིན་ངོ་མཚར་གྱི་ལྟས་མང་དུ་མཆིས། སྐུ་དངོས་ནས་དབུལ་བོའི་གོད་ཆག་དང་སྐྱོ་ངལ་ཉམས་སུ་བཞེས། དགུང་གྲངས་བཅུ་གཉིས་པ་ནས་བཟུང་སྟེ། མ་ཡུམ་གྱི་རྗེས་སུ་འབྲངས་ཏེ་ཡེ་ལུ་ས་ལུམ་དུ་འབྱོར་ཞིང་། ཡ་ཧུ་དཱ་པའི་ཆོས་འཆད་ཉན་ལ་ཐོས་པ་མང་དུ་བསྟེན། གཞོན་ནུའི་དུས་སྐབས་སུ། ཡོ་ཏན་གཙང་བོའི་འགྲམ་ནས་བྱབས་ཁྲུས་ཐོབ་ཅིང་། རང་ཉིད་གཅིག་པུ་མི་མེད་ས་སྟོང་དུ་ཉིན་ཞག་བཞི་བཅུར་བཞུགས་ཐོག་རྟོགས་པའི་ཀློང་བརྡོལ་པར་གྱུར། དགུང་གྲངས་སུམ་ཅུའི་ཐོག་ནས་ཆོས་སྤེལ་ཅིང་གྲུབ་མཐའ་བཙུགས། ཕྱིས་སུ་རང་གི་སློབ་བུ་ཡུག་དཱ་ཞེས་པས་སྦྱོར་ནག་བརྩམས་ཤིང་། མ་ཉེས་ཁག་གཡོགས་ཐེབས་ཏེ་གསལ་ཤིང་གི་རྩེར་བསྐྱོན་ནས་བཀྲོངས་མོད་ཀྱི། ཉིན་གསུམ་པའི་རྗེས་སུ་སླར་ཡང་འདས་ལོག་བརྒྱབ་སྟེ་གསོན་པར་གྱུར། དེ་ནས་ཉིན་ཞག་བཞི་བཅུ་འགོར་པའི་ཚེ་ལྷ་ཡུལ་དུ་འཕོས་པའོ།། ཁོང་གི་ཞལ་གསུང་དེ་དག《དམ་པའི་གསུང་རབ》ཅེས་པར་བསྡུས་ཡོད་དོ།།

2 《དམ་པའི་གསུང་རབ》

《དམ་པའི་གསུང་རབ》ནི་ཡེ་ཤུ་ཆོས་ལུགས་ཀྱི་རྩ་གཞུང་ལྟ་བུ་རེད་ལ། གསར་རྙིང་གཉིས་སུ་ཕྱེ་ཡོད། དེ་དག་ཕྱིས་ཀྱི་ཆོས་ལུགས་པ་དག་གིས་གཞུང་ལུགས་ཅན་དང་མ་ལག་ཅན་དུ་བཅོས་ཤིང་། བསྡུས་ན་གཤམ་གྱི་དགོངས་པ་ཆེན་པོ་དྲུག་ཏུ་དབྱེ་ཆོག་པར་མངོན། དང་བོ་ནི། འཇིག་རྟེན་ཆགས་ལུགས་ཀྱི་སྐོར་ཏེ། འཇིག་རྟེན་དང་བཅས་པའི་བྱ་དངོས་ཡོད་དོ་ཅོག་ནི་དཀོན་མཆོག་གིས་གསར་བཟོ་གནང་ཞིང་། དཀོན་མཆོག་ཁོ་ན་ནི་ད་གཟོད་བླ་ན་མེད་པ་དང་ཀུན་མཁྱེན་ཀུན་བཟོད་ཡིན་པ་དང་ཕྱོགས་བཞི་མཚམས་བརྒྱད་དུ་མ་ཁྱབ་པ་མེད། གཉིས་པ་ནི། སྐུ་གསུམ་ངོ་བོ་གཅིག་ཏུ་སྣང་བ་སྟེ། དམ་པ་ཡབ་ནི་འཇིག་རྟེན་གྱི་བྱེད་པོ་དང་དམ་པ་སྲས་ནི་དཀོན་མཆོག་གི་སྲས་པོ་སྟེ་དཀོན་མཆོག་དང་ངོ་བོ་དབྱེར་མེད་དུ་མཆིས་ཤིང་།  གཞན་དམ་པའི་ཐུགས་དགོངས་སམ་དམ་པའི་ལྷ་ཞེས་པའང་དཀོན་མཆོག་གི་སྲས་པོ་ཇི་བཞིན་དད་གུས་ཀྱི་ཡུལ་ཁོ་ན་ཡིན་ནོ།། གསུམ་པ་ནི། འགྲོ་མིའི་གཟུགས་སུ་རྣམ་པར་རོལ་བའི་སྐོར་ཏེ། ཡེ་ཤུ་མ་ཤུ་ཀ་དང་དཀོན་མཆོག་གཉིས་ནི་མཉམ་དུ་བཞུགས་ཤིང་། དཀོན་མཆོག་གིས་ཁོང་ཉིད་མཱ་ལི་ཡའི་མངལ་དུ་ཞུགས་ཤིང་མི་ཡུལ་གྱི་འགྲོ་དོན་བསྐྱངས་པར་མངགས་པ་རེད། བཞི་བ་ནི་ཉེས་ལྟུང་གི་སྐོར་ཏེ། འགྲོ་མིའི་མེས་པོ་ཨ་དམ་དང་ཧ་ཝ་གཉིས་ཀྱི་དང་བོ་ལྷ་ཡུལ་ནས་ཉེས་པ་བསགས་ཏེ་མི་ཡུལ་དུ་སྤྱུགས་པ་ནས་བཟུང་། ང་ཚོ་སུ་ཡིན་རུང་སྐྱེས་མ་ཐག་ཏུ་སྡིག་སྒྲིབ་གོས་ཡོད་པར་བཤད། ལྔ་བ་ནི་ལྟུང་བཤགས་ཀྱི་སྐོར་ཏེ། འགྲོ་མིས་རང་ཉིད་རང་གིས་སྐྱོབ་པར་མི་ནུས་ཤིང་། དཀོན་མཆོག་གིས་ཡེ་ཤུ་མ་ཤུ་ཀ་མི་ཡུལ་དུ་འགྲོ་དོན་བསྐྱངས་པར་མངགས་ཏེ་འགྲོ་མིའི་ཉེས་པ་སེལ་དགོས། དྲུག་པ་ནི་རྣམ་སྨིན་གྱི་སྐོར་ཏེ། ཡེ་ཤུ་མ་ཤུ་ཀ་ནི་ཡུལ་དུ་ཞབས་ཀྱིས་བཅགས་ཏེ། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དག་ལྷ་ཡུལ་དུ་འདྲེན་པ་དང་། དེ་དང་ལྡོག་པ་རྣམས་དམྱལ་ཁམས་སུ་བརྫང་བ་བཅས་དྲུག་ཏུ་འདུའོ།།

bible.jpg

3 ཡེ་ཤུའི་ཆོས་ལུགས་རིག་གནས་ཀྱི་ཤུགས་རྐྱེན།

ཡེ་ཤུའི་ཆོས་ལུགས་རིག་གནས་ནི་ནུབ་ཕྱོགས་རིག་གནས་སུ་འབོད་པའང་ཡོད། ཡེ་ཤུའི་ཆོས་ལུགས་རིག་གནས་དེ་འཕེལ་རྒྱས་སུ་ཕྱིན་པའི་མཐར། གནའ་བོའི་ཀེ་རེ་སེའི་ཤེས་རིག་དང་། སོ་ཀི་ལ་ཏེ་དང་ཨ་རེ་སི་ཐོ་ཐུ་སོགས་ཀྱིས་མཚོན་པའི་བསམ་བློ། ཞི་པོ་ལེ་ཤེས་རིག་དང་ཡ་ཧུ་དཱ་པའི་ཆོས་ལུགས་ནས་བསྟན་པའི་དཀོན་མཆོག་ལ་བཀུར་གཟོ་དང་དད་གུས་བླ་མེད། ཆོས་ལུགས་ཀྱི་ཉེས་ལྟུང་གི་བསམ་བློ། གནའ་བོའི་རོ་མའི་ཁྲིམས་ལུགས་བཅས་ཡོངས་སུ་འདུ་བའི་རིག་གནས་ཤིག་ཏུ་གྲུབ་པ་རེད། ཤེས་རིག་གི་འབྱུང་ཁུངས་ཆེན་པོ་དེ་གསུམ་ཀའང་ཆོས་ལུགས་ཀྱི་རྣམ་པའི་སྒོ་ནས་རིག་གནས་ཀྱི་མ་ལག་ཆེན་པོ་གཅིག་ཏུ་ཆགས་ཤིང་། ལོ་ངོ་ཉིས་སྟོང་ལྷག་གི་འཕེལ་འགྱུར་གྱི་ཁྲོད་དུ། ནུབ་ཕྱོགས་རིག་གནས་ཀྱི་ཁྱད་ཆོས་དང་འཕེལ་ཕྱོགས་གཏན་ལ་ཕབ། དེ་ཡང་རྒྱལ་ཁབ་བམ་ཡུལ་གྲུ་གཞན་གྱི་རིག་གནས་དང་འབྲེལ་འདྲིས་དང་། གདོང་གཏུག སིམ་འདྲེས་ཀྱི་གོ་རིམ་བརྒྱུད་དེ་གོ་ལ་ཧྲིལ་བོའི་རིག་གནས་དཔལ་འབྱོར་ལ་ཤན་ཤུགས་མི་དམན་པ་ཐེབས་ཤིང་། ངེས་པ་དོན་གྱི་འཛམ་གླིང་རང་བཞིན་གྱི་ཤེས་རིག་ཏུ་གྲུབ་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་དོ།།

གཞན་ཡང་། ཡེ་ཤུ་ཆོས་ལུགས་དང་འབྲེལ་ཏེ། རྩོམ་རིག་དང་སྒྱུ་རྩལ། སློབ་གསོ་སོགས་ཀྱང་དར་རྒྱས་སུ་ཕྱིན་པའི་སྐོར་ནི་ས་བཅད་གཞན་དང་གཞན་དུ་འཆད་པར་འགྱུར་བས་ན་འདིར་བསྐྱར་ཟློས་ཀྱི་ངལ་བ་མི་འཛིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-17

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།